ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >ལབ་ཙེ།

སྐྱེས་རིའི་ལབ་ཙེ།

སྐྱེས་རིའི་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་བྱ་དར་སྡེ་བའི་མངའ་ཁོངས་ཏེ། ཡོངས་གྲགས་སུ་རྩེ་དྲུག་ཏུ་འབོད་པའི་ནང་ཚན་བྱ་དར་དགོ་རྩེའི་ལྷུན་པོའི་དབུ་རྩེར་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་སྨི4497ཡོད།

རིགས་དབྱེ།  

རི་ཕྱོར་ལབ་ཙེ།

རི་ཕྱོར་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་འབའ་རྩེ་སྡེ་བའི་མངའ་ཁོངས་ཀྱི་རི་ཕྱོར་ལྷུན་པོའི་དབུ་རྩེར་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3863ཡོད་པ་དང་། ཐོག་མར་ཁམས་བླ་གྲུབ་དབང་ནམ་མཁའ་རྒྱལ་མཚན་གྱིས་བཀའ་བསྒོས་དམ་བཅའ་མཛད་ཅིང་། སོ་ནག་དཔོན་ཚང་གི་སྒོས་ཀྱི་སྲུང་མ་ནག་ཕྱོགས་པ་ཞིག་ཡིན་ཚོད་འདུག

རིགས་དབྱེ།  

ངར་རྒོད་ལབ་ཙེ།

ངར་རྒོད་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་ངར་རྒོད་སྡེ་བའི་མངའ་ཁོངས་སུ་ཡོད་པའི་ངར་རྒོད་རི་བོའི་དབུ་རྩེར་ཡོད་ལ། མིང་གཞན་ལ་ཤོ་རོ་ཏི་ཡང་ཟེར། མཚོ་ངོས་ལས་མཐོ་ཚད་སྨི3847ཡོད་པ་དང་། ལབ་ཙེ་འདི་ནི་ཐོག་མར་སོག་པོའི་ལབ་ཙེ་ཞིག་ཡིན་པས་ཤོ་རོ་ཏི་ཞེས་སོག་སྐད་དུ་འབོད་ཀྱང་། ཁ་ཅིག་གིས་གཞི་བདག་གནས་ཡུལ་དང་བཅས་པ་བོད་ལ་ཤོར་བས་ཤོར་རོ་ཏི་ཞེས་ཐོགས་པའི་བཤད་ཚུལ་ཡང་ཡོད།

རིགས་དབྱེ།  

རྨ་ཆེན་ལབ་ཙེ།

རྨ་ཆེན་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་ཁྱུང་འཁྱིལ་སྡེ་བའི་མངའ་ཁོངས་ཀྱི་སྙན་མོ་རི་རྒན་ཞེས་པའི་སྤང་རི་དེའི་རྩེ་ན་ཡོད་པ་དང་། རི་དེར་དེང་དུས་ཀྱང་རྨ་ཆེན་སྒང་ཟེར། མཚོ་ངོས་ལས་མཐོ་ཚད་སྨི3940ཡོད།

རིགས་དབྱེ།  

རི་ཆུང་ལབ་ཙེ།

རི་ཆུང་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་ནས་བྱང་ཕྱོགས་སུ་སྤྱི་ལེ3ཙམ་ཕྱིན་པའི་མཚམས་ཀྱི་རི་ཆུང་ཉག་ག་ན་ཡོད་པ་དང་། ད་ལྟའི་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་དང་མཚོ་ལྷོའི་མང་རྫོང་སུམ་མདོ་ཡུལ་ཚོ་གཉིས་ཀྱི་ས་མཚམས་ཡིན། མཚོ་ངོས་ལས་མཐོ་ཚད་སྨི3561ཡོད།

རིགས་དབྱེ།  

བཱ་ཡན་ལབ་ཙེ།

བྰ་ཡན་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་རྒྱ་ཡུལ་ཚོ་སྲིད་གཞུང་ནས་བྱང་ཤར་ཕྱོགས་སུ་སྤྱི་ལེ32ཕྱིན་པའི་མཚམས་སུ་ཡོད་པའི་ཨ་མྱེས་བཱ་ཡན་གྱི་རི་རྩེ་ན་ཡོད། བཱ་ཡན་ནི་སོག་སྐད་ཡིན་ལ་འབྱོར་ཕྱུག་གི་དོན་ཡིན་ཟེར། མཚོ་ངོས་ལས་མཐོ་ཚད་སྨི4362ཡོད།

རིགས་དབྱེ།  

བཱ་ཡན་གཡུ་ཐོད་ལབ་ཙེ།

བཱ་ཡན་གཡུ་ཐོད་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ32ཙམ་བསྐྱོད་པའི་མཚམས་ཏེ། ཨ་མྱེས་བཱ་ཡན་གྱི་རི་འདབས་སུ་ཡོད། མཚོ་ངོས་མཐོ་ཚད་སྨི3737ཡོད།

རིགས་དབྱེ།  

ཁྱུང་འཕགས་ལབ་ཙེ།

ཁྱུང་འཕགས་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་ནས་བྱང་ཤར་ཕྱོགས་སུ་སྤྱི་ལེ40ཙམ་ཕྱིན་པའི་མཚམས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3887ཡོད།

རིགས་དབྱེ།  

མཐུ་ཆེན་ལབ་ཙེ།

མཐུ་ཆེན་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ15མཚམས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3776དང་། སའི་གོ་ལའི་འཕྲེད་ཐིག34°37'དང་གཞུང་ཐིག101°42'སྟེང་ན་ཡོད།

རིགས་དབྱེ།  

དཔའ་རྩལ་ལབ་ཙེ།

དཔའ་རྩལ་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ6མཚམས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3688དང་། སའི་གོ་ལའི་འཕྲེད་ཐིག34°44'དང་གཞུང་ཐིག101°39'སྟེང་ན་ཡོད།

རིགས་དབྱེ།  

དྲག་རྩལ་ལབ་ཙེ།

དྲག་རྩལ་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ6གི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་སྨི3807དང་། སའི་གོ་ལའི་འཕྲེད་ཐིག34°43'དང་གཞུང་ཐིག101°40'སྟེང་ན་ཡོད།

རིགས་དབྱེ།  

གོ་ཆེན་ལབ་ཙེ།

གོ་ཆེན་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་ནས་སྤྱི་ལེ44མཚམས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3168དང་། སའི་གོ་ལའི་འཕྲེད་ཐིག34°40'དང་གཞུང་ཐིག100 °53'སྟེང་ན་ཡོད།

རིགས་དབྱེ།  

མཛོ་མོ་ལབ་ཙེ།

མཛོ་མོ་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་ནས་ནུབ་ཕྱོགས་སྤྱི་ལེ15.30མཚམས་ཀྱི་མཛོ་མོ་ནུ་རྩེའམ་མཛོ་མོ་རྫ་རྒན་ཞེས་པར་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི4473དང་། སའི་གོ་ལའི་འཕྲེད་ཐིག34°36'དང་གཞུང་ཐིག101°10'སྟེང་ན་ཡོད།

རིགས་དབྱེ།  

བ་ཝོའི་རྫ་དམར་ལབ་ཙེ།

བ་ཝོའི་རྫ་དམར་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་ནས་ནུབ་ཕྱོགས་སྤྱི་ལེ38སར་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི4408དང་། སའི་གོ་ལའི་འཕྲེད་ཐིག34°29'དང་གཞུང་ཐིག101°16'སྟེང་ན་ཡོད།

རིགས་དབྱེ།  

གཟི་འབར་ལབ་ཙེ།

གཟི་འབར་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་ཤར་ཕྱོགས་སུ་སྤྱི་ལེ3མཚམས་ཀྱི་གཟི་འབར་ཞེས་པའི་སྤང་རི་མཐོན་པོའི་རྩེ་རུ་གནས་ཤིང་། གཞི་བདག་གི་མིང་རི་དང་ལབ་ཙེ་ལ་ཐོགས་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3845དང་། སའི་གོ་ལའི་འཕྲེད་ཐིག34°36'དང་གཞུང་ཐིག101°20'སྟེང་ན་ཡོད།

རིགས་དབྱེ།  

དབུ་མའི་སྣེའུ་རྫའི་ལབ་ཙེ།

དབུ་མའི་སྣེའུ་རྫ་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ34ཆོད་པའི་མཚམས་ཏེ། ཝོབ་ཐུང་སྡེ་བ་དང་སྐ་ཆུང་སྡེ་བའི་ས་མཚམས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི4423དང་། སའི་གོ་ལའི་འཕྲེད་ཐིག34°24'དང་གཞུང་ཐིག101°03'སྟེང་ན་ཡོད།

རིགས་དབྱེ།  

རྫ་རྒྱལ་ལབ་ཙེ།

རྫ་རྒྱལ་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་ཡུལ་ཚོའི་གྲོང་བརྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ32ཆོད་པའི་མཚམས་ཏེ། ཉིན་མཐའ་སྡེ་བའི་ས་ཆར་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི4423དང་། སའི་གོ་ལའི་འཕྲེད་ཐིག34°37'དང་གཞུང་ཐིག101°58'སྟེང་ན་ཡོད།

རིགས་དབྱེ།  

བང་རྐྱལ་ལྷ་རི་མའི་ལབ་ཙེ།

བང་རྐྱལ་ལྷ་རི་མ་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སུ་སྤྱི་ལེ་32ཆོད་པའི་མཚམས་ཀྱི་བང་རྐྱང་ཆེ་ཆུང་ཞེས་པའི་ཕུ་མགོའི་སྤང་རི་མཐོན་པོའི་རྩེ་ན་གནས། མཐོ་ཚད་ལ་མཚོ་ངོས་ལས་སྨི4103དང་། སའི་གོ་ལའི་འཕྲེད་ཐིག34°31'དང་གཞུང་ཐིག101°27'སྟེང་ན་ཡོད།

རིགས་དབྱེ།  

ལྷ་མོའི་བླ་མཚོའི་ལབ་ཙེ།

ལྷ་མོའི་བླ་མཚོའི་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སྤྱི་ལེ37མཚམས་ཀྱི་ཧབ་ཙག་གེ་ཞེས་པའི་ལུང་མདོའི་ཡར་ཕྱོགས་དང་ཧུའུ་ཏ་སའི་མདོའི་མར་ངོས་ཀྱི་ལྷ་མོའི་བླ་མཚོའི་གནས་དེར་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3627དང་། སའི་གོ་ལའི་འཕྲེད་ཐིག34°26'དང་གཞུང་ཐིག101°29'སྟེང་ན་ཡོད།

རིགས་དབྱེ།  

ལྷ་ཆེན་ལབ་ཙེ།

ལྷ་ཆེན་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཁུ་སིན་ཡུལ་ཚོའི་བྱང་ཕྱོགས་སུ་སྤྱི་ལེ30ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི4009དང་། སའི་གོ་ལའི་འཕྲེད་ཐིག34°18'དང་གཞུང་ཐིག101°51'སྟེང་ན་ཡོད།

རིགས་དབྱེ།  

མུར་རྫོང་ལབ་ཙེ།

མུར་རྫོང་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཁུ་སིན་ཡུལ་ཚོའི་ཤར་ཕྱོགས་སུ་སྤྱི་ལེ27.5ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3708དང་། སའི་གོ་ལའི་འཕྲེད་ཐིག34°13'དང་གཞུང་ཐིག101°55'སྟེང་ན་ཡོད།

རིགས་དབྱེ།  

མཚོ་ཁའི་ལབ་ཙེ།

མཚོ་ཁའི་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཁུ་སིན་ཡུལ་ཚོའི་ཤར་ཕྱོགས་སུ་སྤྱི་ལེ3ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3428དང་། སའི་གོ་ལའི་འཕྲེད་ཐིག34°12'དང་གཞུང་ཐིག101°48'སྟེང་ན་ཡོད།

རིགས་དབྱེ།  

གཡུ་རྩེའི་ལབ་ཙེ།

གཡུ་རྩེའི་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོའི་ནུབ་བྱང་ཕྱོགས་སུ་སྤྱི་ལེ12.6ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3010དང་། སའི་གོ་ལའི་འཕྲེད་ཐིག34°44'དང་གཞུང་ཐིག102°00'སྟེང་ན་ཡོད།

རིགས་དབྱེ།  

ཀླུའི་ཆབ་བྲག་ལབ་ཙེ།

ཀླུའི་ཆབ་བྲག་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཞང་གི་བྱང་ཕྱོགས་སུ་སྤྱི་ལེ30ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི4483དང་། སའི་གོ་ལའི་འཕྲེད་ཐིག34°22'དང་གཞུང་ཐིག102°00'སྟེང་ན་ཡོད།

རིགས་དབྱེ།  

དཔའ་བོ་ངར་ལངས་ལབ་ཙེ།

དཔའ་བོ་ངར་ལངས་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོའི་ནུབ་ཕྱོགས་སུ་སྤྱི་ལེ24ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3365དང་། སའི་གོ་ལའི་འཕྲེད་ཐིག34°30'དང་གཞུང་ཐིག102°00'སྟེང་ན་ཡོད།

རིགས་དབྱེ།  

གསེར་ལྡན་ལབ་ཙེ།

གསེར་ལྡན་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མདོ་སུམ་ཡུལ་ཚོའི་ཕྱོགས་སུ་སྤྱི་ལེ16ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི4306དང་། སའི་གོ་ལའི་འཕྲེད་ཐིག34°34'དང་གཞུང་ཐིག101°22'སྟེང་ན་ཡོད།

རིགས་དབྱེ།  

ཇི་གིན་ལབ་ཙེ།

ཇི་གིན་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མདོ་སུམ་ཡུལ་ཚོའི་ཤར་ཕྱོགས་སུ་སྤྱི་ལེ21ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3421དང་། སའི་གོ་ལའི་འཕྲེད་ཐིག34°21'དང་གཞུང་ཐིག101°32'སྟེང་ན་ཡོད།

རིགས་དབྱེ།  

དྭངས་རི་ལབ་ཙེ།

དྭངས་རི་ལབ་ཙེ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མདོ་སུམ་ཡུལ་ཚོའི་ལྷོ་ཕྱོགས་སུ་སྤྱི་ལེ20ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི4633ཡོད། དྭངས་རིའི་ལབ་ཙེ་ནི་དྭངས་རི་ཞེས་པའི་རྫའི་རྩེ་མོར་གནས།

རིགས་དབྱེ།  

དགྲ་འཇོམས་ལབ་ཙེ།

དགྲ་འཇོམས་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཆ་སྐོར་ཡུལ་ཚོ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ2ཙམ་ཕྱིན་པའི་མཚམས་ཏེ། མགར་རྩེ་མཚམས་ཐོག་གི་མར་གཤམ་རྡོ་རུ་ཐང་ཚོ་བའི་ས་ཐོག་ན་ཡོད། མཚོ་ངོས་ལས་མཐོ་ཚད་སྨི3627ཡོད།

རིགས་དབྱེ།  

ལྷ་བཙན་དགྲ་ལྷ་རྡོ་རྗེའི་ལབ་ཙེ།

ལྷ་བཙན་དགྲ་ལྷ་རྡོ་རྗེའི་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཆ་སྐོར་ཡུལ་ཚོ་སྲིད་གཞུང་ནས་ནུབ་ལྷོའི་ཕྱོགས་སུ་སྤྱི་ལེ17ཙམ་ཕྱིན་པའི་མཚམས་ཏེ། ཆ་སྐོར་ཡུལ་ཚོ་གོ་འཇོ་ཚོ་བའི་ས་ཐོག་ན་ཡོད། མཚོ་ངོས་ལས་མཐོ་ཚད་སྨི3830ཡོད།

རིགས་དབྱེ།