ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >འཚོ་བ།

རུ་ལས་སྐྱེས།

བློན་པོ་རུ་ལས་སྐྱེས་ནི་མཛངས་བློན་བདུན་གྱི་དང་པོ་སྟེ། བོད་ཀྱི་རྒྱལ་པོ་དགུ་པ་སྤུ་དེ་གུང་རྒྱལ་གྱི་བློན་པོ་ཡིན། སྤྱི་ལོའི་དུས་རབས་དང་པོའི་དུས་སྨད་ཙམ་ན་བློན་པོ་འདིས་དམག་དྲངས་ཏེ་ལོ་ངམ་གྱི་སྲིད་དབང་འཕྲོག སྤུ་དེ་གུང་རྒྱལ་སྤུ་བོའི་ཡུལ་གདན་དྲངས་ཏེ་སླར་ཡང་བོད་ཀྱི་རྒྱལ་སར་བཀོད། བློན་པོ་འདི་ཡིས་བློ་རིག་གིས་གསར་གཏོད་མང་པོ་ཞིག་བྱས་ཡོད་པ་ནི། ཤིང་བསྲེགས་ཏེ་སོལ་བ་བཟོས། སོལ་བའི་མེ་ཤུགས་ལ་བརྟེན་ནས་གསེར་རྡོ་དང་། དངུལ་རྡོ། ཟངས་རྡོ། ལྕགས་རྡོ་ལ་སོགས་པའི་རྡོ་རིགས་མི་འདྲ་བ་རྣམས་བཞུས་ཤིང་དེ་དག་གི་སྙིང་པོ་གསེར། དངུལ། ཟངས། ལྕགས་རྣམས་བཏོན་ནས་ལྕགས་རིགས་ཀྱི་དངོས་པོ་སྔ་ལས་འབེལ་པོ་བྱུང་ཡོད་པ། དེས་བོད་ཀྱི་ཡུལ་དུ་གསེར་དངུལ་ཟངས་ལྕགས་ཀྱི་དངོས་པོ་རྣམས་བེད་སྤྱོད་བྱ་རྒྱུའི་གྲངས་འབོར་དང་རྒྱ་ཁྱོན་ཆེས་ཆེར་ཕྱིན་ཏེ། དངོས་རྫས་བརྗེ་ལེན་སྐབས་ཀྱི་རིན་ཐང་འཇལ་བྱེད་དང༌། མཛེས་བྱེད་ཀྱི་རྒྱན་ཆ། ཉེར་མཁོའི་སྣོད་སྤྱད། ཐོན་སྐྱེད་ལག་ཆ། དྲག་པོའི་མཚོན་ཆ་སོགས་བོད་འབངས་ཀྱི་འཚོ་བའི་ཡོ་བྱད་རྣམས་ཡར་རྒྱས་ཕྱིན་པའི་དུས་རབས་གསར་པ་ཞིག་ཏུ་སླེབས་པ་རེད།

རིགས་དབྱེ།  

འུར་རྡོ།

འུར་རྡོའི་བཟོ་རྩལ་འདི་ནི་བོད་རིགས་རང་གིས་གསར་གཏོད་བྱས་པས་རང་སྲུང་གི་མཚོན་ཆ་དང་སྲོག་ཆགས་སོགས་འགུག་འདུལ་བྱེད་པའི་ལག་ཆ་སྟེ། སྟོད་མངའ་རིས་ནས་སྨད་ཨ་མདོ་བར་བོད་ཀྱི་ས་གནས་ཡོངས་ལ་ཁྱབ་པ་མ་ཟད། འུར་རྡོའི་བཟོ་རྩལ་ལག་རྒྱུན་ནི་ལོ་ངོ་སྟོང་ཕྲག་དང་ཁྲི་ཕྲག་བརྒྱུད་ནས་ད་བར་བོད་མིའི་ཁོར་ཡུག་དུ་གནས་ཡོད་ན་ཡང་། དེང་དུས་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་འུར་རྡོ་བཟོ་བའི་ལག་རྒྱུན་འདི་ཡང་ཉིན་རེ་བཞིན་ཉམས་འགྲོ་བཞིན་ཡོད་པས་བཟོ་ཤེས་པའི་རྒན་རབས་རེ་ཟུང་ལས་མེད།

རིགས་དབྱེ།  

གཅན་ཚའི་ཏོག་གེ

ཏོག་གེ་རིག་གནས་ཀྱིས་ཁྱིམ་ཚང་དང་། ཚོ་བ། སྡེ་བ་སོ་སོའི་བར་དུ་ཕན་ཚུན་འབྲེལ་འདྲིས་མང་དུ་བྱེད་ཐུབ་པས་མཐུན་སྒྲིལ་དང་། བརྩི་བཀུར། འཆམ་མཐུན། བདེ་འཇགས། གོ་རིམ་ཅན་གྱི་ཕྱོགས་སུ་འགྲོ་ཐུབ་པ་ཡིན། ཡིན་ནའང་དེང་གི་དུས་འདིར་ཕྱོགས་གཅིག་ནས་དཔལ་འབྱོར་འགྲན་རྩོད་ཤུགས་ཆེ་བས་ཏོག་གེའི་འཁྱེར་བའི་གོམས་སྲོལ་དེ་རིམ་བཞིན་མེད་པར་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་ཀྱི་བླ་མ་འགའ་རེས་ཆོས་ལུགས་ཀྱི་སློབ་གསོ་བེད་སྤྱད་ནས་སེམས་ཅན་གཞན་གྱི་སྲོག་བཅད་དེ་ཤ་བཟོས་ན་ཉེས་པ་ཆེ་ཚུལ་གྱི་བསམ་བློས་ཤུགས་རྐྱེན་འོག་ཏུ་བཤའ་ཟོག་གསོད་པ་ཇེ་ཉུང་དུ་འགྲོ་བ་དང་། གཞན་ཡང་སྒོར་མོ་བཙལ་བའི་ཆེད་དུ་སྒོ་ཕྱི་རུ་འགྲོ་དགོས་པ་དང་ཆབས་ཅིག ཡུལ་དུ་ལོ་ལོན་དང་བྱིས་པ་མ་གཏོགས་མི་འདུག་པར་བརྟེན་ནས་བཤའ་ཟོག་གསོ་སྐྱོང་བྱེད་མི་ཐུབ་པ་སོགས་ལ་རྐྱེན་བྱས་ཏེ་ཁྱིམ་ཚང་ལ་ལར་ཏོག་གེ་ཁྱེར་རྒྱུ་ཡོད་མེད་ཀྱི་སྣང་ཚུལ་བྱུང་སྟེ་ཁྱིམ་ཚང་དང་། ཚོ་བ། སྡེ་བའི་བར་དུ་རང་བཞིན་གྱིས་འབྲེལ་འདྲིས། མཐུན་སྒྲིལ། བརྩི་བཀུར་སོགས་མེད་པར་རང་ཁོ་ན་བསམ་པ་ལས་སྤྱི་སེམས་ཀྱི་བསམ་བློ་དེ་མེད་པར་ཆགས་འགྲོ་ཞིང་། སྤྱི་སེམས་དེ་མེད་ན་སྤྱི་ཚོགས་སྒྲིག་གཞིའི་རྒྱུ་མང་པོ་ཉམས་འགྲོ། རྒྱུ་མང་པོ་དེ་ཉམས་ན་མི་དང་རང་བྱུང་ཁམས། མི་དང་སྤྱི་ཚོགས་བར་དུ་འགལ་ཟླ་མང་པོ་བསླངས་ཡོང་། དེར་བརྟེན། ཏོག་གེ་རིག་གནས་ནི་བལྟས་ན་ཧ་ཅང་ཆུང་ཡང་། དེའི་ནང་དུ་དངོས་པོའི་རིག་གནས་དང་། ལམ་ལུགས་རིག་གནས། བསམ་པའི་རིག་གནས་བཅས་འདུས་པའི་རིག་གནས་ཀྱི་ཁྱིམ་ར་ཆུང་ཆུང་ཞིག་ཡིན།

རིགས་དབྱེ།  

དགུན་དུས་ཆམ་རིམས་འགོག་པའི་ཐབས་བཟང་བརྒྱད།

ཆམ་ནད་སོགས་ནི་དུས་རྒྱུན་མིའི་འཚོ་བའི་ཁྲོད་དུ་ཕོག་སླ་བའི་ནད་རིགས་ཤིག་ཡིན་པ་དང་ལྷག་པར་དུ་གྲང་ངར་ཆེ་བའི་དགུན་དུས་སུ་ནད་རིགས་དེ་དག་གིས་མིའི་ལུས་ཕུང་བདེ་ཐང་ལ་ལྷག་ཏུ་གནོད་ཡོང་། དེ་ན་དེ་དག་སྔོན་འགོག་བྱེད་པར་ཐབས་བཟང་ཞིག་ཀྱང་ཡོད་དེ། དེ་དག་ལག་ཏུ་བསྟར་བས་བདེ་ཐང་སོགས་ལ་ཤིན་ཏུ་ཕན།

རིགས་དབྱེ།  

གེ་སར་སྒྲུང་ལས་ཆང་བསྙལ་ཚུལ།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་བྱུང་བའི་ཆང་གི་རིག་གནས་སྐོར་དང་དེ་དང་འབྲེལ་ཏེ་ཆང་བསྙལ་ཚུལ་དང་བཙགས་ཚུལ་སོགས་ཞིབ་བརྗོད་བྱས་ཡོད་པར་མ་ཟད། དེ་དང་འབྲེལ་ཏེ་མི་རིགས་སྤྱི་ལ་དར་བའི་ཆང་གི་རིག་གནས་སྐོར་མདོ་ཙམ་བརྗོད་པ་དེའོ། །

རིགས་དབྱེ།  

མདོས་གླུད་ཀྱི་རིག་པ་ཞང་བོད་གསོ་རིག

འདི་ནི་ཞང་བོད་མདོས་གླུད་ཀྱི་རིག་པའི་ཁྱབ་ཁོངས་སུ་ཚུད་པའི་ནང་དོན་ཡིན་ལ། མདོས་གླུད་ཀྱི་གོ་དོན་ཞིབ་ཏུ་གསལ་འགྲེལ་བྱས་ཏེ་ཞང་བོད་ཀྱི་གསོ་བ་རིག་པ་དང་མདོས་གླུད་ཀྱི་ཆོ་གའི་བར་གྱི་འབྲེལ་བ་བརྗོད་པའོ། །

རིགས་དབྱེ།  

གཅམ་གཟག

གཅམ་ནི་བདེན་པ་མ་ཡིན་པ་བཅོས་མ་དང་། གཟག་ནི་ཁ་གསག་སྟེ། རང་དོན་དུ་ངོ་དགའ་བྱེད་པ་ཡིན་ལ། གཅམ་གསག་གམ་ཁ་གསག་འབྲི་བའང་ཡོད།

རིགས་དབྱེ།  

མོད་པ།

མོད་པ་ནི་མོད་པོ་དང་འདྲ་སྟེ། ཟས་གོས་སམ་མཐུན་རྐྱེན་མང་པོའི་དོན་ཡིན་ལ། འབེལ་བོའང་ཟེར།

རིགས་དབྱེ།  

གཙུག་ཞྭ་དང་ཨར་ཞྭ།

བྱང་འབྲོག་རྣམས་ཀྱིས་གྱོན་རྒྱུའི་གཟབ་ཞྭ།

རིགས་དབྱེ།  

ཉལ་སྟངས་བཅུ།

མི་རེ་རེར་ཉལ་སྟངས་རེ་ཡོད་ཅིང་། ཉལ་སྟངས་མི་འདྲ་བ་དེས་ཁྱེད་ཀྱི་དུས་རྒྱུན་གྱི་འཚོ་བའི་གཤིས་ཀ་མཚོན་གྱི་ཡོད།

རིགས་དབྱེ།  

ཐུག་པ་གདལ་བ།

​ཐུག་པ་གདལ་བ་ནི་གཞི་རིམ་རོང་འབྲོག་ས་ཁུལ་གྱི་ཁྱིམ་ལས་ཀྱི་ནང་དོན་གཙོ་བོ་ཞིག་ཡིན་ལ་ཐུག་པ་གདལ་ཤེས་ན་ཉིན་གཅིག་གི་རིང་ཁོམ་མེད་ལས་ལ་བྲེལ་བའི་ཕ་མའི་ཁྱིམ་ལས་ཇེ་ཡང་དུ་གཏོང་ཐུབ།

རིགས་དབྱེ།  

ཤ་འཚོད་པ།

བོད་མིས་ཤ་ཡི་རིགས་བཟའ་ཆས་སུ་བྱེད་པ་མང་ནའང་ཕལ་ཆེ་བས་རྨིག་པ་ཁ་དབྲག་ཅན་གྱི་ཤ་ལས་རྨིག་པ་གཅིག་ཅན་དང་སྡེར་ཆགས། འདབ་ཆགས། ཆུར་ཉལ་སོགས་ཀྱི་ཤ་ཟ་བ་ཉུང་ཞིང་། རྨིག་གཉིས་ཅན་གྱི་ཤ་ལས་ཀྱང་ལུག་ཤ་དང་སྐམ་ཤ་གཉིས་ཡིན་པས། དེ་གཉིས་འཚོད་ཐབས་ལེགས་པོ་ཞིག་ཡོད།

རིགས་དབྱེ།  

གྱོན་ཆས་འཁྲུད་ཐབས།

མིའི་ལུས་ནས་ཐོན་པའི་རྔུལ་ཆུ་ལ་རུལ་བསླད་ཀྱི་བྱེད་ནུས་ལྡན་པ་མ་ཟད་དེས་གྱོན་པའི་མདོག་ཀྱང་སེར་པོར་བསྒྱུར་ཟིན་པས། དུས་རྒྱུན་གཙང་མར་བཀྲུས་ནས་གྱོན་ན་གྱོན་ཆས་ཀྱི་གྱོན་ཡུན་ཇེ་རིང་དུ་གཏོང་ཐུབ་ལ། མིའི་ལུས་ཕུང་བདེ་ཐང་ལའང་ཕན་པ་ཡོད།

རིགས་དབྱེ།  

སྣ་གཅུ་འགུགས་པ།

སྣ་གཅུ་ནི་མཛོ་གཡག་སོགས་ཀྱི་སྣ་བུག་ནང་བརྒྱུས་པའི་ཤིང་ལྕུག་སྒོར་སྒོར་ཞིག་ཡིན་ལ། དེ་ནི་ཞིང་རྨོ་ལོག་རྒྱག་གི་སྐབས་དང་ཐག་གདང་ལ་འདོག་སྐབས། ཁྲིད་སྐབས་བཅས་སུ་བཀོལ་བ་ཡིན་པས། ཞིང་ཕྱུགས་ལས་ས་ཁུལ་དུ་བཀོལ་ཁྱབ་ཆེ་བའི་ཡོ་བྱད་ཅིག་ཡིན།

རིགས་དབྱེ།  

སྒོ་བཟུང་སྤྲོད་པ།

སྒོ་དང་སྒེའུ་ཁུང་། འཐེན་སྒམ། ཆ་སྒམ་སོགས་ལ་སྒོ་བཟུང་གཏན་ནས་མེད་པའམ་སྒོ་བཟུང་གི་གཟེར་མ་ལྷོད་ནས་མར་ལྷུང་ཚེ། སྒོ་འབྱེད་པ་དང་གཏན་པ། འཐེན་པ་བཅས་བྱེད་པར་ཅུང་སྟབས་མི་བདེ་བས། ང་ཚོས་རང་གི་ལག་པ་འགུལ་ནས་སྒོ་བཟུང་སྤྲོད་ཤེས་པར་བྱེད་པའང་འཚོ་བའི་ཁྲོད་ཤེས་དགོས་པའི་ལས་ཀ་ཞིག་ཡིན།

རིགས་དབྱེ།  

བལ་ལྭ་འཁྲུད་ཐབས།

བལ་ལྭ་དང་བལ་དོར་སོགས་བལ་བཏགས་གྱོན་ཆས་ཡུན་རིང་གྱོན་རྗེས་སྟེང་དུ་རྡུལ་དང་། སྣུམ་རིགས། ཚི་དྲེག་སོགས་ཆགས་ནས་མིག་ལ་མི་མཛེས་པ་མ་ཟད། གྱོན་ན་མི་དྲོ་བ་དང་ཅུང་རྩུབ་པོ་ཡིན་པས། ང་ཚོས་རྒྱུན་དུ་འཁྲུད་དགོས་པ་ཡིན། འོན་ཀྱང་བལ་ལྭ་འཁྲུད་པར་སྤྱིར་བཏང་གི་གྱོན་ཆས་འཁྲུད་པ་བཞིན་བཀྲུས་ན་བལ་ལྭའི་ཚུགས་ཀ་འགྱུར་ནས་ཇེ་རིང་དུ་འགྱུར་བ་སོགས་བྱེད་པ་མ་ཟད། རྒྱུ་སྐུད་དང་སྤུན་སྐུད་བར་གྲིམ་ལྷོད་ཀྱི་ཁྱད་པར་ཡང་ཤོར་སྲིད།

རིགས་དབྱེ།  

སྲེག་གོར།

བྲོ་ཞིམ་ལྡན་པའི་སྙི་སོབ་སྲེག་གོར་ནི་གཙོ་བོར་གྲོ་ཕྱེ་དང་ནས་ཕྱེ། མ་རྨོས་ལོ་ཏོག་གི་ཕྱེ་བཅས་བརྫིས་ནས་བསྲེགས་པ་ཡིན། དབྱིབས་ནི་གོར་གོར་གྱི་ཟླ་བ་དང་འདྲ། ངོས་སུ་འདྲ་མིན་སྣ་ཚོགས་ཀྱི་རི་མོ་ཡོད། ཟས་རིགས་འདི་འདྲ་ནི་གྱོ་ཤིང་མེར་སྲེག་པའི་སོས་ཐལ་ཁྲོད་བསྲེགས་པ་ཡིན།

རིགས་དབྱེ།  

ཐེལ་གོར།

ཐེལ་གོར་ལས་ན་ཐོག་མར་གྲོ་ཕྱེ་བ་མའི་ཁ་ལེབ་ལྟར་ཐར་ནས་ཤིང་ལ་བསྐོས་པའི་གཡུང་དྲུང་དཀྱིལ་དུ་དཔར་བ། ཉེ་འཁོར་དུ་བཀྲ་ཤིས་རྟགས་བརྒྱད་དང་གྲུ་བཞིའི་ཐིག་རིས་བསྐོར་ནས་བརྒྱན་པ། དེ་ནས་ཟངས་ལྕགས་ལེབ་མོའི་སྟེང་དུ་གོ་རེ་འཇོག་པ་དང་འོག་ཏུ་མེ་འབུད་པ། དེ་ནས་ཐབ་ནང་གི་སོས་ཐལ་དུ་བསྲེགས་པ་པ་རེད།

རིགས་དབྱེ།  

མོ་མོ།

མོ་མོ་ནོ་ངོ་མ་བཤད་ན་རྒྱ་ཟས་ཁོན་ཆུང་མོ་མོ་ཡིན་ལ། ཞིབ་ཅིང་ཧྲུག་གུར་འཐག་པའི་ནོར་ལུག་གི་ཤ་རློན་ཁར་སྒོག་པ་དང་ཚིལ། ཚྭ། ཆུ་ཉུང་ཙམ་ཡོངས་སུ་འདྲེས་པར་བསྲེས་ན་མོ་ཤ་ཡིན། དེ་ནས་མོ་ཤུབས་ནང་དུ་གཅུད་ཅིང་ཚོས་རྗེས་ཟོས་ན་ཆོག

རིགས་དབྱེ།  

བྲ་ཕྱེ་སྒོང་སྒོང་།

བྲ་ཕྱེ་སྒོང་སྒོང་ནི་རྒྱལ་རོང་ས་ཆའི་ཐུན་མིན་གྱི་བཏུང་བ་ཞིག་ཡིན། དེ་ནི་ཐོག་མར་བྲ་ཕྱེ་ཐོ་ཐོ་བྱས་རྗེས་ཁུ་ཚུར་གྱིས་དོང་ལྟ་བུའི་རྐོ་རྐོ་ཞིག་བཏོད་དེ། ནང་དུ་མར་དང་བྲོ་རྫས་ཀྱི་ཁ་བསྐངས་བ། དེ་ནས་དཀར་ཡོལ་ཁ་རུབ་ནས་འགེབས་པ། དེ་ལྟར་བྲ་ཕྱེ་མགོ་གཟུགས་ཤིག་ཏུ་ཆགས་པ་དེ་དཀར་ཡོལ་གཞན་པ་ཞིག་གི་ནང་དུ་འཇོག་པ་དང་ནང་དུ་མར་དང་བྲོ་རྫས་སྡེབ་ཡོད། དེ་ནས་བྲ་ཕྱེ་བླུག་པའི་དཀར་ཡོལ་ཁོན་དུ་བཞག་ནས་རླངས་བཙོ་བྱེད་པ། མར་ཞུ་རྗེས་བྲ་ཕྱེ་སྒོང་སྒོང་ཡང་འགྲུབ་པ་ཡིན། ཟ་དུས། སྤྱིར་བཏང་དུ་ཐང་ཁུ་ལྡིར་ལྡིར་གྱི་ཁུ་ཚལ་དང་མཉམ་དུ་ཟ་བ་རེད།

རིགས་དབྱེ།  

ཐང་ཁུ་ལྡིར་ལྡིར།

ཐང་ཁུ་ལྡིར་ལྡིར་ནི་རྒྱ་རིགས་ཀྱི་སྣ་འཛོམས་ཐང་དཔེ་བྱས་ནས་བྱུང་བ་ཡིན། སྤྱིར་བཏང་དུ་ཤ་དང་སྲན་ཕྱེ། སྔོ་ཚལ། ཕིན་རྒྱུས། བྲོ་རྫས་བཅས་མཉམ་དུ་བསྲེས་ཤིང་བཙོས་ནས་ཚོས་ན་ལེགས་པར་འགྲུབ་པ་ཡིན།

རིགས་དབྱེ།  

རིམ་སྟོང་གོ་རེ།

སྔོན་ལ་ཕྱེ་ལེགས་པོར་བརྫིས་ཤིང་ཧ་ཅང་སྲབ་མོར་འཐག་རྗེས་སོ་མ་ར་ཛ་ནག་པོའི་འབྲུ་དང་ས་བོན་བྱི་རུག་སྨུག་པོ། སྟར་སྙིང་སོགས་ཧྲུག་གུར་གཙབས་ནས་ཕྱེ་ལེབ་ཏུ་བྱུག་པར་མ་ཟད། ཕྱེ་ལེབ་མདོང་སྒོར་དབྱིབས་སུ་ལྟེབས་པ། མདོང་སྒོར་དབྱིབས་ཀྱི་ཕྱེ་ལེབ་ལེབ་མོར་གཅུར་ནས་རིམ་པ་མང་པོ་ཆགས་པ། མཐར་རིམ་སྟོང་གི་གོ་རེ་ཐབ་ནང་གི་མེ་སོབ་ཆེས་མང་སར་སྦས་ནས་སྲེག་དགོས།

རིགས་དབྱེ།  

འཁྱོག་ཟུར་གོ་རེ།

འཁྱོར་ཟུར་གོ་རེ་བཅའ་ན། ཕྱེ་སྲབ་བུ་གོར་གོར་གཉིས་སུ་ཐར་ཅིང་བསྣོལ་ནས་ལྟེབས་པ་རེད། བར་དུ་སྲོག་ཆགས་ཀྱི་ཚིལ་སྣུམ་གྱིས་བརྔོས་པའི་ཡུག་ཕྱེ་དང་བྲོ་རྫས་འཇུག་པ། ཡང་ན་སྔོ་ཚལ་དང་ཤ་རིགས་བཅུག་ན་ཆོག

རིགས་དབྱེ།  

བྲ་རིང་ཐུག་པ།

ཐོག་མར་བྲ་ཕྱེ་ནང་ཆུ་བླུག་སྟེ་སྙོམ་པོར་བརྫིས་ཤིང་ལག་ལས་ལ་བརྟེན་ནས་ཤོག་བུ་ལྟར་སྲབ་མོར་ཐར་བ། དེ་ནས་ལིས་སྨི40ཙམ་རིང་བའི་ཕྱེ་གྲི་ཞིག་གིས་ཕིན་རྒྱུས་ལྟར་གཏུབ་པ། སླེ་ནང་དུ་བཀྲམས་ནས་བ་མའི་ནང་འཕེན་གྲབས་བྱེད་པ། བྲ་ཕྱེ་མ་འཕང་གོང་བྲོ་རྫས་ལ་ལོ་སྐྱུར་ཁུ་བ་སྡེབ་དགོས། དེ་ནི་སྣུམ་དང་སྒོག་པ། གཡེར་མ། ལཱ་ཅའོ་སྐམ་པོ་བཅས་ཕྲན་ཙམ་བརྔོས་ནས་ལོ་སྐྱུར་འཕངས་ནས་བཙན་རྔོད་བྱེད་པ་རེད། དེ་ནས་ཆུ་ཚན་ནང་དུ་བླུག་པ་ན། ལོ་སྐྱུར་ཁུ་བ་ལེགས་པོར་འགྲུབ་པ་ཡིན།

རིགས་དབྱེ།  

ལོ་སར་གྱི་མཆོད་བཤམས།

ལོ་སར་གྱི་མཆོད་བཤམས་ཞེས་པ་ནི་གནམ་ལོ་གསར་བའི་ཚེས་སུམ་ཅུའམ་གནམ་གང་གི་ཉིན་མོར་སྤེལ་བའི་ཆོ་ག་ཞིག་ལ་ཟེར།

རིགས་དབྱེ།  

སྦྲང་སིལ་ཟས།

དེ་ནི་དྭགས་པོ་བའི་མངར་ཟས་ཤིག་ཡིན་ལ། སྙི་ལ་སོབ་པ། མངར་ལ་ཞིམ་པར་མ་ཟད། ཟས་བཅུད་ཧ་ཅང་བཟང་བ། གློ་དང་ལུ་བ་སོགས་ལ་ཕན། དེའི་རྒྱུ་ཆ་ནི་སོ་མ་ར་ཛ་ནག་པོའི་འབྲུ་དང་ས་བོན་བྱི་རུག་སྨུག་པོ། སྟར་སྙིང་། གསར་དུ་ཐོན་པའི་མཐོ་སྒང་གི་སྦྲང་རྩི་སོགས་ཡིན།

རིགས་དབྱེ།  

བྲོ་ཞིམ་ཕག་གི་རྐང་ལག

ཕག་གི་རྐང་ལག་བཞི་བོ་བཅད་དེ། པགས་ཤུན་དང་ཚིལ་བཀོག་པ། ལ་ལ་ཞིག་གིས་བྲོ་རྫས་འདྲུད་པ་རེད། སྤྱིར་བཏང་དུ་ལས་སྣོན་ཅི་ཡང་མི་བྱེད་པར་ཐད་ཀར་རླུང་རྒྱུ་བཟང་བའི་བསིལ་སར་སྐེམ་པ། དགུན་གཅིག་ལ་བསིལ་སྐམ་མམ་འཁྱག་སྐམ་བྱས་པ་ཞིག་ཡིན།

རིགས་དབྱེ།  

ཕག་ཚིལ།

ཕག་ཚིལ་ཟ་ཚུལ་ལ་སྣ་ཚོགས་ཡོད་དེ། ཕག་ཚིལ་ལེབ་མ་ཞིག་བཅད་དེ་མེར་སྲེག་ཞོར་གྲིས་གཅོད་ཞོར་དུ་ཟོས་ན་ཆོག དེའི་བྲོ་བ་ཞིམ་ལ་སྙི་བ། ཕག་ཚིལ་བཙོ་བ་དང་བརྔོས་ནས་ཟོས་ན་ཆོག

རིགས་དབྱེ།  

ཕྱིང་བ།

ཕྱིང་བ་ནི་བཟོས་པ་ཚགས་དམ་ཞིང་འཕྱོར་ལེགས་ལ། སྤུས་བཟང་ཞིང་ངོས་འཇམ་པའི་འབྲོག་པའི་ཐོན་ལས་རིགས་ཤིག་ཡིན་ཏེ། ཕྱིང་བའི་ལྭ་བ་བཟོས་ཏེ་དགུན་ཁར་གྲང་རེག་དང་ཁ་བ་འགོག་བྱེད་དང་དབྱར་ཁར་ཚ་བ་དང་ཆར་ཆུ་གཡོལ་བྱེད་བྱེད་ཆོག་ལ། ད་དུང་དྲོད་ལེན་ཐབས་སུ་དང་ཅ་ལག་ཆེ་མ་ཆུང་གསུམ་འཇོག་སའི་སྣོད་ཆས། ཡང་ན་མལ་ཆས་ཀྱི་རིགས་ལ་གདན་དང་མལ་ཐུལ་སོགས་ཀྱང་བཟོས་ཆོག་ཅིང་། དགྲ་དང་འཐབ་པའི་སྐབས་སུ་མདའ་དང་མདུང་། གྲི་སོགས་མཚོན་ཆའི་རིགས་ཀྱང་འགོག་བྱེད་དུ་བཀོལ་ཆོག མདོར་ན་འབྲོག་པ་རྣམས་ནི་རྩྭ་ཆུའི་བཟང་ངན་ལ་གཞིགས་ནས་ནམ་རྒྱུན་རུ་སྤོར་དགོས་པས། དེས་བཟོས་པའི་དངོས་པོ་དག་འཁྱེར་འཇོག་སྟབས་བདེ་ཞིང་བཀོལ་རྒྱ་ཤིན་ཏུ་ཆེན་པོ་ཡོད།

རིགས་དབྱེ།  

སྐྱེ་སྲོལ།

བོད་མི་རིགས་འདིར་ཡང་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བོའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་རིམ་བཞིན་ཐུན་མོང་མ་ཡིན་པའི་གོམས་སྲོལ་སྣ་ཚོགས་ཤིག་ཆགས་ཡོད་པ་དང་། བུད་མེད་ཚོར་མངལ་སྦྲུམ་ནས་ཟླ་བདུན་དང་བརྒྱད་ཀྱི་བར་དུ་བྱིས་པ་བདེ་བླག་ངང་སྐྱེ་ཆེད་རོང་འབྲོག་གི་ལས་དང་ཁྱིམ་ལས་སྣ་ཚོགས་ལས་སུ་འཇུག་པ་དང་། ཁོམ་སྐབས་དང་བསྟུན་ནས་ཉེ་འདབས་ཀྱི་དགོན་སྡེ་ཁག་ལ་མཇལ་སྐོར་དུ་བགྲོད་མཁན་ཡང་ཡོད། དུས་རབས་ཀྱི་འགྱུར་ལྡོག་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་དེང་སྐབས་སྦྲུམ་མ་ཚོས་རོང་འབྲོག་གི་ལས་དང་ཁྱིམ་ལས་སྣ་ཚོགས་ལས་ནས་ལུས་པོ་འགུལ་གང་ཐུབ་མ་བྱས་ཀྱང་དུས་ལ་བབ་ཚེ་སྨན་ཁང་དུ་སོང་ནས་ཉེན་ཁ་ཅི་ཡང་མེད་པའི་སྒོ་ནས་བྱིས་པ་སྐྱེ་ཆོག་པའོ།།

རིགས་དབྱེ།