ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >ཆོ་ག

ཆབ་རྒྱུན་གནས་མང་།

ཆབ་རྒྱུན་གནས་མང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་ནས་ནུབ་བྱང་ཕྱོགས་སུ་སྤྱི་ལེ6ཙམ་ཕྱིན་པའི་མཚམས་སུ་ཡོད། རྒྱ་ཡིག་གི་མིང་། 恰布井内芒 ལ་ཏིང་གི་མིང་། chab rgyun gnas mang རིགས་དབྱེ། དུར་ཁྲོད། གནས་ཡུལ། མཚོ་ལྷོ་མང་རྫོང་སུམ་མདོ་ཡུལ་ཚོ་ཆུ་འགོ་གཞུང་སྡེ་བའི་མངའ་ཁོངས་སུ་ཡོད། ངོ་སྤྲོད། ཆབ་རྒྱུན་གནས་མང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་ནས་ནུབ་བྱང་ཕྱོགས་སུ་སྤྱི་ལེ6ཙམ་ཕྱིན་པའི་མཚམས་སུ་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

མག་སར་དུར་ཁྲོད།

མག་སར་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་བྲག་སྒམ་སྡེ་བ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ12ཙམ་ཕྱིན་པའི་མཚམས་ཏེ། མཐའ་ར་བའི་ཁོག་གི་ལུང་རྒན་ལུང་བའི་ཡར་སྟེང་ན་ཡོད་པ་དང་། མཚོ་ངོས་ལས་མཐོ་ཚད་སྨི3869ཡོད། རྒྱ་ཡིག་གི་མིང་། 么合萨尔墓地 ལ་ཏིང་གི་མིང་། mag sar dur khrod རིགས་དབྱེ། དུར་ཁྲོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་བྲག་སྒམ་སྡེ་བའི་ཤར་ཕྱོགས་སུ་ཡོད། ངོ་སྤྲོད། མག་སར་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་བྲག་སྒམ་སྡེ་བ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ12ཙམ་ཕྱིན་པའི་མཚམས་ཏེ། མཐའ་ར་བའི་ཁོག་གི་ལུང་རྒན་ལུང་བའི་ཡར་སྟེང་ན་ཡོད་པ་དང་། མཚོ་ངོས་ལས་མཐོ་ཚད་

རིགས་དབྱེ།   རིག་གནས།དམངས་སྲོལ།

བྱ་དར་དུར་ཁྲོད།

བྱ་དར་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་མཁར་ལུང་སྡེ་བའི་སར་རྣམ་ཐོས་སྲས་ཀྱི་བང་མཛོད་དུ་གྲགས་པའི་གནས་རི་ནོར་བུ་དབང་རྒྱལ་ཞེས་པ་དེའི་མདུན་ཕྱོགས་ལུང་བའི་ལྷོ་ངོས་ཀྱི་རི་རྐེད་དུ་དུང་དཀར་གཡས་འཁྱིལ་གྱི་ཁོག་པའི་དབྱིབས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི4130.5ཡོད་པ་དང་། དུར་ཁྲོད་འདི་ནི་བེམ་པོ་བྱ་གཏོང་གི་གནས་ཡིན། རྒྱ་ཡིག་གི་མིང་། 夏德日墓地 ལ་ཏིང་གི་མིང་། bya dar dur khrod རིགས་དབྱེ། དུར་ཁྲོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་མཁར་ལུང་སྡེ་བའི་མངའ་ཁོངས་སུ་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཞོལ་གསོལ།

ཞོལ་གསོལ་ཞེས་པ་ནི་གཙོ་བོ་གཡག་ལ་རྒྱན་འདོགས་པ་སྟེ་སྤྲས་ནས་ཞོལ་གཡག་དང་ཞོལ་མོ་ཞེས་འབྲི་མོ་དང་དེ་བཞིན་ཚེ་ཐར་དང་གཅེས་ནོར་ལ་རྒྱན་བཏགས་ཏེ། ལྷ་གསོལ་ཀླུ་གསོལ་བྱེད་པའི་དུས་ཆེན་ཞིག་ཡིན་ཞིང་། དེ་ནི་བོད་ཡུལ་གྱི་འབྲོག་པ་མང་ཆེ་བས་གཏོང་སྲོལ་ཡོད་པའི་འབྲོག་པའི་ལུགས་སྲོལ་གལ་ཆེན་ཞིག་ཡིན། རིགས་དབྱེ། དམངས་སྲོལ། ངོ་སྤྲོད། ཞོལ་གསོལ་ཞེས་པ་ནི་གཙོ་བོ་གཡག་ལ་རྒྱན་འདོགས་པ་སྟེ(རྣ་རྒྱན། ཟེ་རྒྱན། རྔ་རྒྱན)སྤྲས་ནས་ཞོལ་གཡག་དང་ཞོལ་མོ་ཞེས་འབྲི་མོ་དང་དེ་བཞིན་ཚེ་ཐར་དང་གཅེས་ནོར་ལ་རྒྱན་བཏགས་ཏེ། ལྷ་གསོལ་ཀླུ་གསོལ་བྱེད་པའི་དུས་ཆེན་ཞིག་ཡིན་ཞིང་།

རིགས་དབྱེ།   རིག་གནས།དམངས་སྲོལ།

མི་འདས་རྗེས་ཀྱི་འཛེམ་བྱ།

གང་ཞིག་ཚེ་ལས་འདས་པའི་རྗེས་བླ་མས་འཕོ་བ་མ་གནང་གོང་དེ་ཡི་ཕུང་པོར་མི་གང་བྱུང་གིས་ལག་པ་འཆང་བའི་རིགས་དང་། དེ་འབྲེལ་གྱི་སྤུན་མཆེད་ཚོས་མྱ་ངན་གྱི་དུས་ཚོད་མ་འདས་གོང་ནས་སྐྲ་ལྷས་གདོང་འཁྲུ་བྱེད་པ། གྱོན་ཆས་གསར་པའི་རིགས་གྱོན་པ། ཁང་ཐོག་གི་དར་ལྕོག་མི་འབེབས་པ། གླུ་གར་དང་རྩེད་འཇོའི་རིགས་ལ་འཛེམ་དགོས་པ་མ་ཟད། ཐ་ན་གྲོང་པ་ཁྱིམ་མཚེས་དང་དགའ་ཉེ་བློ་དཀར་ཚོས་ཀྱང་དམ་པ་ཚེ་ལས་འདས་པའི་མྱ་ངན་མཚོན་བྱེད་དུ་རེ་ཞིག་གོང་གསལ་གྱི་འཛེམ་བྱ་དག་ལ་དོ་སྣང་ཆེན་པོ་གནང་སྲོལ་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཆའང་རིགས་ཀྱི་རི་མཆོད།

རི་མཆོད་ལ་ལྷ་མཆོད་དམ་མཆོད་རྟེན་གྱི་ཆོ་ག་ཡང་ཟེར་པ་དང་། དེ་ནི་ལོ་ལེགས་འབྱུང་བར་སྨོན་འདུན་དང་ལྷ་མཆོད་པའི་དུས་སྟོན་ཞིག་ཡིན་ལ། སྤྱིར་བཏང་གྲོང་སྡེ་རེ་རེས་དུས་སྟོན་དེ་བྱེད་ཅིང་ཆའང་རིགས་ཀྱི་མཆོད་འབུལ་བྱེད་པ་ནི་ཆེས་གཟབ་རྒྱས་ཤིག་ཡིན། ཆའང་རིགས་ཀྱི་རི་མཆོད་དུས་ཚིགས་དེ་གྲོང་སྡེ་སོ་སོ་དང་མི་འདྲ་བར་མ་ཟད་ཧོར་ཟླ་བཞི་བ་དང་། ལྔ་བ། བརྒྱད་པ་གང་རུང་གི་སྐབས་སུ་འཚོགས་རྒྱུ་བཀོད་སྒྲིག་བྱེད་པ་རེད། གྲོང་སྡེ་ལ་ལས་ལོ་རེར་ཐེངས་གཅིག་གམ་ཡང་ན་ཐེངས་གཉིས་སམ་གསུམ་རེར་འཚོགས། རི་མཆོད་བྱེད་པའི་བརྒྱུད་རིམ་ཧ་ཅང་རྙོག་འཛིང་ཡིན་ལ། མཆོད་རྫས་ཡང་དད་མོས་བྱེད་ས་མི་འདྲ་བས་མཆོད་རྫས་ལ་ཧ་ཅང་ཁྱད་པར་ཆེ་བ་དང་། རི་མཆོད་ཀྱི་ཆོ་ག་དེ་གྲོང་སྡེའི་ཉེ་འཁོར་གྱི་ས་སྟེགས་སུ་འཚོགས་ཤིང་།

རིགས་དབྱེ།   རིག་གནས།དམངས་སྲོལ།

རྦད་བཤད།

སྔ་དུས་སུ་བོད་ལ་དམག་སོགས་དྲག་པོའི་གཡུལ་དུ་ཞུགས་སྐབས་བཤད་པ་བཏང་བའི་སྲོལ་མཆིས་ལ། དམག་མི་རྣམས་གཡུལ་དུ་མ་ཆས་བའི་གོང་དུ། ཡུལ་ལྷ་སོགས་རང་དང་འབྲེལ་ཡོད་ཀྱི་ལྷ་རིགས་ཐམས་ཅད་མཆོད་ཅིང་ཡུལ་མི་རྣམས་ཀྱིས་ངར་སྐད་དང་བཅས་ཏེ་བསྟོད་ཚིག་དབྱངས་སུ་གྱེར་ནས་རྦད་ཤོད་པའི་སྲོལ་ཡོད། མིང་གཞན། གྲི་བཤད། ཁོངས་གཏོགས། དམངས་ཁྲོད་ཡུལ་སྲོལ་ཆོ་ག དར་ཁྱབ་ཆེ་ས། སྔོ་ཕུ། ལྕང་ཕུ། འཇོ་མདའ། བྱུང་འཕེལ། དམག་དོན་ལས་འཕོ་འགྱུར་བྱུང་། ནང་དོན་དང་བྱུང་འཕེལ།  བཤད་པ་རྦད་ཀྱི་ནང་དོན་གཙོ་བོ་ནི་གོ་ཁྲབ་མཚོན་ཆའི་ཆེ་བ་བརྗོད་པ་དང་། ཅང་ཤེས་རྟ་ཕོ་དང་མི་ཕོ་དཔའ་བོའི་དཔའ་རྩལ་བཅས་གཟེངས་སུ་བསྟོད་དེ་ཕ་རོལ་དགྲ་སྡེའི་དཔུང་ཁག་ཟིལ་གྱིས་མནོན་རྒྱུའི་དམ་བཅའ་ལྟ་བུ་ཡང་ཡིན། རྦད་བཤད་དེས་གཡུལ་དུ་ཆས་པའི་དམག་མི་དག་

རིགས་དབྱེ།   རིག་གནས།དམངས་སྲོལ།

ཤེལ་ཚིག

ཤེལ་ཚིག་བྱ་བ་འདི་ཡང་བསང་རྫས་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། གྲོ་དང་ནས་འབྲུ་བརྔོས་མའི་བསང་རྫས་འདི་ལ་ཨ་མདོའི་སྐད་དུ་ཤེར་རྩིག་ཀྱང་ཟེར་བ་ཡིན། རྒྱ་ཡིག་གི་མིང་། 喜则 ངོ་སྤྲོད་མདོར་བསྡུས། ཤེལ་ཚིག་བྱ་བ་འདི་ཡང་བསང་རྫས་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། གྲོ་དང་ནས་འབྲུ་བརྔོས་མའི་བསང་རྫས་འདི་ལ་ཨ་མདོའི་སྐད་དུ་ཤེར་རྩིག་ཀྱང་ཟེར་བ་དང་། བཟའ་འབྲུ་རྩམ་པར་མ་འཐག་སྔོན་ལ་ཡོས་ཟེར་བ་ཡིན། བསང་རྫས་བྱེ་བྲག་འདི་ལ་བསང་ཡིག་ལ་ལར་ཤེར་རྩི་དང་། ཤེ་ཚིག་སོགས་འབྲི་སྟངས་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཐོག་གསོལ།

​ཐོག་གསོལ་ཞེས་པ་ནི་ལོ་གསར་གྱི་སྐབས་སུ་བོད་པ་ཚོས་རྩིས་གཞུང་གི་འཕྲོད་སྦྱོར་ལྟར་ཚེས་ཆ་བཟང་བའི་ཉིན་ཞིག་བདམས་ནས། མི་ཚང་སོ་སོའི་ཁང་པའི་ཐོག་རྩེར་མཆིས་པའི་ལྷ་རྟེན་གྱི་དར་ལྕོག་གསར་དུ་བརྗེ་བའི་ལོ་གསར་གྱི་བྱེད་སྒོ་གལ་ཆེ་གྲས་ཤིག་རེད། རྒྱུན་དུ་དེར་ལྷ་གསོལ་ཞེས་བརྗོད་པ་མང་། བོད་ཡིག་གི་མིང་། ཐོག་གསོལ། རིགས་དབྱེ། ལོ་གསར་གྱི་བྱེད་སྒོ། ངོ་སྤྲོད། ཐོག་གསོལ་ཞེས་པ་ནི་ལོ་གསར་གྱི་སྐབས་སུ་བོད་པ་ཚོས་རྩིས་གཞུང་གི་འཕྲོད་སྦྱོར་ལྟར་ཚེས་ཆ་བཟང་བའི་ཉིན་ཞིག་བདམས་ནས། མི་ཚང་སོ་སོའི་ཁང་པའི་ཐོག་རྩེར་མཆིས་པའི་ལྷ་རྟེན་གྱི་དར་ལྕོག་གསར་དུ་བརྗེ་བའི་ལོ་གསར་གྱི་བྱེད་སྒོ་གལ་ཆེ་གྲས་ཤིག་རེད། རྒྱུན་དུ་དེར་ལྷ་གསོལ་ཞེས་བརྗོད་པ་མང་།

རིགས་དབྱེ།   རིག་གནས།དམངས་སྲོལ།

འདས་མཆོད།

བོད་མིས་སྐྱེ་བོ་གང་ཞིག་ཚེ་ལས་འདས་རྗེས་དམ་པ་དེའི་བཀའ་དྲིན་དང་ཕྱག་རྗེས་ལ་དྲན་གསོ་བྱེད་པའི་ཆེད། འདས་མཆོད་ཞུ་སྒོའི་ཐོག་ནས་མྱ་ངན་གྱི་རྣམ་པ་མཚོན་པ་བྱེད་རྒྱུ་དེ། ཆོས་ལུགས་ནས་ཞུས་ན། འདས་པོ་སྔ་ཕྱིར་བསགས་པའི་སྡིག་སྒྲིབ་སྦྱོང་བའི་ཆེད། འཚོ་ཞུགས་ནང་མི་ཚོས་སྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ལ་བརྩི་སྲོལ་ཡོད། བོད་ཡིག་གི་མིང་། འདས་མཆོད། རིགས་དབྱེ། ཆོ་ག ངོ་སྤྲོད། བོད་མིས་སྐྱེ་བོ་གང་ཞིག་ཚེ་ལས་འདས་རྗེས་དམ་པ་དེའི་བཀའ་དྲིན་དང་ཕྱག་རྗེས་ལ་དྲན་གསོ་བྱེད་པའི་ཆེད།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཚེ་ཐར་གཏོང་བ།

ཚེ་ཐར་གཏོང་བ་ནི་བོད་རྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན། འདི་ནི་བོད་ཁུལ་ཧྲིལ་པོ་ནས་རོལ་ཞིང་། བྱེ་བྲག་ཏུ་གཞི་ཁྱོན་ཆེས་ཆེ་ལ་རྣམ་པ་ཅུང་གཟབ་རྒྱས་ཡིན་པ་ནི་ཀན་སུའུ་ཞིང་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་དགོན་ཡིན། ཚེ་ཐར་གཏོང་བྱ་ནི་རྟ་ནོར་ལུག་གསུམ་དང་ཉིན་དེ་ནི་དད་ལྡན་སྐྱ་སེར་ཀུན་ཟང་ཟིང་ཆེ་བའི་ཉིན་ཞིག་གོ། བོད་ཡིག་གི་མིང་། ཚེ་ཐར་གཏོང་བ། ཁོངས་གཏོགས། དུས་ཆེན། ངོ་སྤྲོད། ཚེ་ཐར་གཏོང་བ་ནི་བོད་རྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན། འདི་ནི་བོད་ཁུལ་ཧྲིལ་པོ་ནས་རོལ་ཞིང་། བྱེ་བྲག་ཏུ་གཞི་ཁྱོན་ཆེས་ཆེ་ལ་རྣམ་པ་ཅུང་གཟབ་རྒྱས་ཡིན་པ་ནི་ཀན་སུའུ་ཞིང་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་དགོན་ཡིན། ཚེ་ཐར་གཏོང་བྱ་ནི་རྟ་ནོར་ལུག་གསུམ་དང་ཉིན་དེ་ནི་དད་ལྡན་སྐྱ་སེར་ཀུན་ཟང་ཟིང་ཆེ་བའི་ཉིན་ཞིག་གོ། ཕན་ནུས།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཕོ་ལྷའི་རྟེན་མཁར།

ཕོ་ལྷའི་རྟེན་མཁར་ཞེས་བྱ་བ་ནི་གསས་མཁར་ལ་རྟེན་མཁར་དུ་བསྒྲུབས་ཤིང་། དེར་ཕོ་ལྷའི་རྟེན་མཁར་དུ་ངོས་འཛིན་པ་ཡིན། སྐྱེ་བོ་སུ་ཞིག་གི་རང་ཉིད་ཀྱི་ཕ་མེས་རིགས་བརྒྱུད་ནས་འགོ་བའི་ཞང་ལྷ་ཡིན་ཡང་རུང་། ཡང་ན་དཔའ་བོའི་གཡུལ་འགྱེད་བྱེད་པའི་སྟག་ཤར་ལ་འགོ་བའི་དགྲ་ལྷ་ཡིན་ཡང་རུང་། དོན་དུ་དེ་དག་ནི་སྐྱེས་པ་ཕོ་ལ་འགོ་བའི་ཕོ་ལྷ་ཞེས་བྱ་བ་ཡིན་ནོ། ། བོད་ཡིག་གི་མིང་། ཕོ་ལྷའི་རྟེན་མཁར། ཁོངས་གཏོགས། དམངས་སྲོལ། ངོ་སྤྲོད་མདོར་བསྡུས།  དེ་ལྟར་གསས་མཁར་ལ་རྟེན་མཁར་དུ་བསྒྲུབས་པ་དེ་ལ“ཕོ་ལྷའི་རྟེན་མཁར”དུ་ངོས་འཛིན་པ་ཡིན་ཏེ།

རིགས་དབྱེ།   རིག་གནས།དམངས་སྲོལ།

ལས་སྦྱོར་ལ་འཇུག་ཚུལ།

དྲག་པོ་འཇིགས་པའི་གནས་སུ་ཨེ་ཀློང་དྲག་པོའི་ཐུན་ཁང་བཅོས་ཏེ། གཟའ་སྐར་པྲ་ལྟས་ཤིས་པའི་ཉིན་ལས་སྦྱོར་ལ་འཇུག ཨེ་ཀློང་དྲག་པོའི་ཐུན་ཁང་ཞེས་པ་འདི་ནི་ཐུན་ཁང་ཟུར་གསུམ་དྲག་པོའི་ཆས་སྤྱོད་དང་ལྡན་པ་ཞིག་གི་དོན་ཡིན་ལ་སྐབས་གཞན་དག་ཏུ“ལྕོག”ཅེས་བཤད་པ་དང་ཕལ་ཆེར་དོན་གཅིག་པ་ཡིན་ནོ། ། བོད་ཡིག་གི་མིང་། ལས་སྦྱོར་ལ་འཇུག་ཚུལ། ཁོངས་གཏོགས། དམངས་སྲོལ། ཁྱབ་ཁོངས། བོད་མི་རིགས། ངོ་སྤྲོད། དྲག་པོའི་ལས་སྦྱོར་ལ་འཇུག་ཚུལ་བརྡ་མཚོན་ཙམ་བཤད་ན། དྲག་པོ་འཇིགས་པའི་གནས་སུ་ཨེ་ཀློང་དྲག་པོའི་ཐུན་ཁང་བཅོས་ཏེ། གཟའ་སྐར་པྲ་ལྟས་ཤིས་པའི་ཉིན་ལས་སྦྱོར་ལ་འཇུག

རིགས་དབྱེ།   རིག་གནས།དམངས་སྲོལ།

རྩེ་སྒྲོ།

ལོ་གསར་སྐབས་རྟེན་འབྲེལ་མཆོད་རྫས་གྲོ་སོ་ཕྱེ་མར་སྟེང་འཛུགས་རྒྱུའི་ཤིང་བྱང་གི་ངོས་སུ་མར་མཚོན་གྱི་བཀྲ་ཤིས་རི་མོས་བརྒྱན་པའི་ཤིང་ཐུར་ཞིག་གི་མིང་། རྒྱ་ཡིག་གི་མིང་། 花扦 ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད།  བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། ལྷ་སའི་ལོ་གསར་གྱི་ཉེར་མཁོའི་ཁྲོམ་རར་རྩེ་སྒྲོ་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། རྩེ་སྒྲོ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཁྲོད་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུ་ཞིག་རེད། རྩེ་སྒྲོ་བཞེངས་པའི་རྒྱུ་ཆ་གཙོ་བོ་མར་ཡིན་ཞིང་།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཞོགས་བསང་།

ཞོགས་བསང་ཞེས་པ་ནི་ཞོགས་པ་ནམ་ལངས་པ་དང་ཡུལ་མི་རྣམས་ཀྱིས་བསང་ཁུག་ལག་ཏུ་ཁྱེར་ནས་བསང་མེ་སྦར་བ་དང་། མཆོད་འབྲུ་གཏོར་བ། བསང་ཆབ་གཏོར་བ་སོགས་བསང་གི་ཆོ་ག་གནའ་སྲོལ་ལྟར་གསོལ་བ་དེར་ཟེར། བོད་ཡིག་གི་མིང་། ཞོགས་བསང་། ཁོངས་གཏོགས། བསང་གསོལ། ངོ་སྤྲོད། ཞོགས་བསང་ཞེས་པ་ནི་ཞོགས་པ་ནམ་ལངས་པ་དང་ཡུལ་མི་རྣམས་ཀྱིས་བསང་ཁུག་ལག་ཏུ་ཁྱེར་ནས་བསང་མེ་སྦར་བ་དང་། མཆོད་འབྲུ་གཏོར་བ། བསང་ཆབ་གཏོར་བ་སོགས་བསང་གི་ཆོ་ག་གནའ་སྲོལ་ལྟར་གསོལ་བ་དེར་ཟེར། དགོན་སྡེ་ཆུང་ཆུང་ཁག་ཏུའང་རྒྱུན་སྲོལ་ལྟར་ཞོགས་བསང་གི་ཆོ་ག་གཟབ་རྒྱས་གཏོང་བཞིན་ཡོད། སྲོལ་འདི་ནི་མདོ་དབུས་ཁམས་གསུམ་གྱི་ཐུན་མོང་ལ་ཡོད་པའི་དམངས་ཁྲོད་ཀྱི་ཆོས་སྤྱོད་ཕྱག་ལེན་གྱི་ཆོ་ག་ཞིག་ཡིན།

རིགས་དབྱེ།   རིག་གནས།དམངས་སྲོལ།

ལྷ་ས་འོང་སྐོར།

འོང་སྐོར་ཞེས་པ་དེ་ནི་ཞིང་པའི་དགའ་སྟོན་གྱི་ནང་ནས་ཆེས་མཆོག་ཏུ་གྱུར་པའི་དུས་ཆེན་ཞིག་ཡིན་ལ། ལྷག་པར་ཏང་གི་དབུ་ཁྲིད་འོག་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་པ་ནས་བཟུང་རང་ཁྱིམ་རང་བདག་གི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་སྟེ་རྒྱ་ཆེའི་ཞིང་པ་རྣམས་དགའ་བའི་འཛུམ་མདངས་རྒྱས་ཤིང་བདེ་སྐྱིད་ཀྱི་ཚོར་སྣང་རབ་ཏུ་འཕེལ་བཞིན་སྔར་སྲོལ་འོང་སྐོར་གྱི་དུས་ཆེན་དེ་བས་གྲ་རྒྱས་ཕུན་སུམ་ཚོགས་པོ་ཇི་འདྲ་ཞིག་ གཏོང་དང་གཏོང་མུས་སུ་ཡོད་པ་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་དེ་ལྟར་གསལ་ལོ། ། ཁོངས་གཏོགས། ཆོས་ལུགས་ཆོ་ག ངོ་སྤྲོད་མདོར་བསྡུས། བོད་ཟླ་བདུན་པའི་ཚེས་ཆ་གང་བཟང་ཞིག་ལ་ལྷ་ས་འོང་སྐོར་ཞེས་དེ་སྔའི་ལྷ་སའི་མི་དཔོན་གཉིས་དང་དཀོན་གཉེར་དཔོན་གྱིས་འགོ་ཁྲིད་ནས་ཇོ་བོའི་ན་བཟའ་གདན་ཞུས་ཀྱིས་ཞིང་སྐོར་རྒྱག་པའི་དུས་ཆེན་གྱི་ཉིན་དེར་ཞིང་པ་ཕོ་མོ་རྒན་གཞོན་རྣམས་ཞོགས་སྔ་ལངས་ཀྱིས་འཁྲུས་དང་རྒྱན་གོས་སོགས་གང་ལེགས་ཀྱིས་སྤྲས་ཏེ་སེར་སྲུང་

རིགས་དབྱེ།   རིག་གནས།དམངས་སྲོལ།

རྩེ་དཀར་མོ་གཡས་ཁྱིལ།

རྩེ་ཆུ་དཀར་མོ་གཡས་འཁྱིལ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ5ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3540ཡོད། སའི་གོ་ལའི་འཕྲེད་ཐིག34°44′དང་གཞུང་ཐིག101°39′སྟེང་ན་ཡོད། རྒྱ་ཡིག་གི་མིང་། 泽曲河聚善右旋 ལ་ཏིང་གི་མིང་། rtze dkar mo gyas akyil རིགས་དབྱེ། ཆུ་གནས། མཚོ་འཕགས། སྨི3540ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ཤར་ཕྱོགས་སུ་ཡོད། ངོ་སྤྲོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

དུང་དཀར་གནས་མང་།

དུང་དཀར་གནས་མང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྲིད་གཞུང་ནས་ནུབ་ཕྱོགས་སུ་སྤྱི་ལེ8ཙམ་ཕྱིན་པའི་མཚམས་ཏེ། བོན་བརྒྱ་ཡུལ་ཚོ་ཁྱུང་འཁྱིལ་སྡེ་བའི་དགུན་སའི་ས་ཐོག་ཏུ་ཡོད། རྒྱ་ཡིག་གི་མིང་། 东格日内芒 ལ་ཏིང་གི་མིང་། dung dkar gnas mang རིགས་དབྱེ། དུར་ཁྲོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་ཁྱུང་འཁྱིལ་སྡེ་བའི་མངའ་ཁོངས་སུ་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

རི་རྒྱལ་དུར་ཁྲོད།

རི་རྒྱལ་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུལ་ཚོ་བརྒྱད་འཛོམས་དགོན་པ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ1ཙམ་ཕྱིན་པའི་མཚམས་ཀྱི་རི་རྒྱལ་ཞེས་པའི་ཉིན་ལོགས་ན་ཡོད་པ་དང་། མཚོ་ངོས་ལས་མཐོ་ཚད་སྨི3750ཡོད། རྒྱ་ཡིག་གི་མིང་། 日杰墓地 ལ་ཏིང་གི་མིང་། ri rgyal dur khrod རིགས་དབྱེ། དུར་ཁྲོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུལ་ཚོ་བརྒྱད་འཛོམས་དགོན་པའི་ཤར་ལྷོའི་ཕྱོགས་སུ་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

གླིང་འདུ་སྐེད་དུར་ཁྲོད།

གླིང་འདུ་སྐེད་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3300ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3629ལྷག་ཡོད། རྒྱ་ཡིག་གི་མིང་། 郎德盖墓地 ལ་ཏིང་གི་མིང་། gling vdu sked dur khrod རིགས་དབྱེ། དུར་ཁྲོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

མཁར་ལུང་དུར་ཁྲོད།

མཁར་ལུང་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་མཁར་ལུང་སྡེ་བའི་སར་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3938ཡོད། རྒྱ་ཡིག་གི་མིང་། 卡仑墓地 ལ་ཏིང་གི་མིང་། mkar lung dur khrod རིགས་དབྱེ། དུར་ཁྲོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་མཁར་ལུང་སྡེ་བའི་མངའ་ཁོངས་སུ་ཡོད། ངོ་སྤྲོད། མཁར་ལུང་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་མཁར་ལུང་སྡེ་བའི་སར་ཡོད་ལ།

རིགས་དབྱེ།   རིག་གནས།དམངས་སྲོལ།

སོག་མོ།

སོག་མོ་ནི་ར་མ་དང་། ལུག གླ་བ། ཤྭ་བ། གནའ་བ། གཉན་སོགས་ཀྱི་སོག་པ་ལ་བརྟེན་ནས་མོ་འདེབས་པ་ལ་ཟེར། དེ་ནི་སོག་པ་མེར་བསྲེགས་ཏེ་རྐང་པས་བཅགས་བཅགས་བྱས་ནས་དེའི་གས་སྲོལ་ལ་བལྟས་ནས་མོ་འདེབས་པ་དང་དེ་ལ་མོ་འདེབས་སྲོལ་གཉིས་ཡོད། ཁོངས། གདོད་མའི་མོ་རིགས། རྒྱུ་ཆ། སོག་པ། ངོ་སྤྲོད། སོག་མོ་ནི་ར་མ་དང་། ལུག གླ་བ། ཤྭ་བ། གནའ་བ། གཉན་སོགས་ཀྱི་སོག་པ་ལ་བརྟེན་ནས་མོ་འདེབས་པ་ལ་ཟེར། དེ་ནི་སོག་པ་མེར་བསྲེགས་ཏེ་རྐང་པས་བཅགས་བཅགས་བྱས་ནས་དེའི་གས་སྲོལ་ལ་བལྟས་ནས་མོ་འདེབས་པ་དང་དེ་ལ་མོ་འདེབས་སྲོལ་གཉིས་ཡོད་པ་ལས།

རིགས་དབྱེ།   རིག་གནས།དམངས་སྲོལ།

མི་དུར་སྦས་དང་མིའི་དམར་མཆོད།

མིའི་དམར་མཆོད་ནི་བྲན་བདག་གིས་ལྷ་དང་མེས་པོར་མཆོད་པ་བྱེད་དུས་བྲན་གཡོག་བསད་ནས་མཆོད་རྫས་བྱེད་པར་ཟེར་ཞིང་། མི་དུར་སྦས་ནི་བྲན་བདག་དུར་དུ་སྦ་དུས་བྲན་གཡོག་གསོད་པའམ་གསོན་པོ་དུར་རྫས་བྱེད་པ་དེར་ཟེར། རྒྱ་ཡིག་གི་མིང་། 陪葬 ཕྱི་ཡིག་གི་མིང་། be buried with the dead ངོ་བོ། འདས་མཆོད་ཆོ་ག དུས་སྐབས། དབྱིན་དང་ཧྲང་རྒྱལ་རབས་སྐབས། ངོ་སྤྲོད། མིའི་དམར་མཆོད་ནི་བྲན་བདག་གིས་ལྷ་དང་མེས་པོར་མཆོད་པ་བྱེད་དུས་བྲན་གཡོག་བསད་ནས་མཆོད་རྫས་བྱེད་པར་ཟེར་ཞིང་།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཇ་ཐབ།

ཇ་ཐབ་ནི་བག་མ་སྐྱེལ་མཁན་ལ་གཉེན་ཡའི་ཕྱོགས་ན་རང་སྡེའི་བུ་མོ་གནས་མ་དང་གཉེན་ཉེ་འབྲེལ་འདྲ་ཡོད་ན། ལམ་ཁར་ཇ་བསྐོལ་ནས་ལམ་བྲོ་འཛིན་པའི་རྣམ་པ་དེ་ལ་ཟེར་བ་ཡིན། འཛིན་ཚུལ། ལམ་ཐག་ཤིན་ཏུ་རིང་ན་ཇ་ཐབ་ཉིན་ལམ་ནས་འཛིན་པ་དང་ཉིན་ཕྱེད་ལམ་ནས་འཛིན་པ། ཐག་ཉེ་ན་ཐབ་གཅིག་འཛིན་པ་ཡིན། ཐབ་གཉིས་གསུམ་ཙམ་ལ་འཛིན་པའང་ཡོད། གཉེན་ཚང་གིས་འཛིན་པའམ་རང་གི་ཉེ་དུ་ཡིས་འཛིན་པ་ཡིན། དགོས་པ། ལམ་ཐག་རིང་ན་མི་རྟ་གཉིས་ཐང་ཆད་པ་དེར་ངལ་གསོ་བའམ་བྲོ་ཆས་ཟ་བའི་ཕྱིར་བ་ཁ་བཏབ་ནས། ཇ་བསྐོལ་བ་དང་ཤ་བཙོས་ནས་ཨ་ཞང་རྣམས་ཀྱིས་ལྟོགས་སྐོམ་སེལ་བའི་དགོས་པ་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

སྲས་མཆོག་དུར་ཁྲོད།

སྲས་མཆོག་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་བྲག་སྒམ་སྡེ་བ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ9ཙམ་ཕྱིན་པའི་སར་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3869ཡོད། རྒྱ་ཡིག་གི་མིང་། 穗却合墓地 ལ་ཏིང་གི་མིང་། sras mchog dur khrod རིགས་དབྱེ། དུར་ཁྲོད། གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་བྲག་སྒམ་སྡེ་བའི་མངའ་ཁོངས་སུ་ཡོད། ངོ་སྤྲོད། སྲས་མཆོག་དུར་ཁྲོད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་བྲག་སྒམ་སྡེ་བ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ9ཙམ་ཕྱིན་པའི་སར་ཡོད་ལ།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཚེ་ཐར་གཏོང་ཚུལ།

ཚེ་ཐར་གཏོང་བ་ནི་སྲོག་གཅོད་སྡིག་ལས་ལ་འཛེམ་པའི་མི་ཚོས་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྲོག་ཆགས་འབའ་འབུ་རྣམས་སྲོག་བླུ་བྱེད་པའི་བོད་ཀྱི་དམངས་སྲོལ་རིག་གནས་གལ་ཆེན་ཞིག་ཡིན། བོད་ཀྱི་ཚེ་ཐར་གཏོང་བྱའི་སྒོ་ཕྱུགས་ནི་གཙོ་བོ་རྟ་ནོར་ར་ལུག་ཡིན་ལ། ཉ་རིགས་ཚེ་ཐར་གཏོང་བའི་མི་ཡང་མང་པོ་ཡོད། རྒྱ་ཡིག་གི་མིང་། 放生 ངོ་བོ། སྲོག་བསླུ། ཁོངས་གཏོགས། དམངས་སྲོལ། བོད་ཀྱི་ཚེ་ཐར་གཏོང་ཚུལ། ཚེ་ཐར་གཏོང་བ་ནི་སྲོག་གཅོད་སྡིག་ལས་ལ་འཛེམ་པའི་མི་ཚོས་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྲོག་ཆགས་འབའ་འབུ་རྣམས་སྲོག་བླུ་བྱེད་པའི་བོད་ཀྱི་དམངས་སྲོལ་རིག་གནས་གལ་ཆེན་ཞིག་ཡིན།

རིགས་དབྱེ།   རིག་གནས།དམངས་སྲོལ།

བསང་སྐར།

ཉེ་རིང་ཆགས་སྡང་སོགས་ཕྱོགས་ཞེན་གྱི་དབང་གིས་དགྲ་འདུལ་བ་དང་གཉེན་སྐྱོང་བ་ལ་སོགས་པའི་ལས་རྣམས་ལྷ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་གི་ཁ་འཛིན་དང་རྒྱབ་རྟེན། དཔུང་གཉེན་དང་བསྡོངས་གྲོགས་སུ་བྱས་ནས་བསང་གཏོང་བའི་ཆོ་ག་ཞིག རྒྱ་ཡིག་གི་མིང་། 烟祭日 ངོ་སྤྲོད་མདོར་བསྡུས། བོད་མིའི་འདུ་ཤེས་འཛིན་སྟངས་སམ་ཡང་ན་བག་ཆགས་ཀྱི་གོམས་ངོར། ཉེ་རིང་ཆགས་སྡང་སོགས་ཕྱོགས་ཞེན་གྱི་དབང་གིས་དགྲ་འདུལ་བ་དང་གཉེན་སྐྱོང་བ་ལ་སོགས་པའི་ལས་རྣམས་ལྷ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་གི་ཁ་འཛིན་དང་རྒྱབ་རྟེན།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཕུག་ལྷ།

ཕུག་ལྷ་ཞེས་པ་ཟ་མ་མོའི་ཆེད་དུ་མོ་ལྷའི་རྟེན་མཁར་ཞེས་བྱ་བ་དམིགས་བསལ་ཁང་པའི་སྟེང་ངམ། རི་ཀླུང་སོགས་སུ་བཞེངས་སྲོལ་བྱུང་མི་འདུག་ནའང་དེ་ནི་ཁྱིམ་ལྷ་ཞེས་པའམ་ཕུག་ལྷ་ཞེས་བྱ་བ་ཐབ་ཚང་གི་སྦུག་ཏུ་བཞེངས་པ་དེ་དང་དོན་གཅིག་ཡིན་པར་མངོན། བོད་ཡིག་གི་མིང་། ཕུག་ལྷ། ཁོངས་གཏོགས། དམངས་སྲོལ། རྒྱས་བཤད།  ཕུག་ལྷའི་སྐོར། ཟ་མ་མོའི་ཆེད་དུ་མོ་ལྷའི་རྟེན་མཁར་ཞེས་བྱ་བ་དམིགས་བསལ་ཁང་པའི་སྟེང་ངམ། རི་ཀླུང་སོགས་སུ་བཞེངས་སྲོལ་བྱུང་མི་འདུག་ནའང་དེ་ནི་ཁྱིམ་ལྷ་ཞེས་པའམ་ཕུག་ལྷ་ཞེས་བྱ་བ་ཐབ་ཚང་གི་སྦུག་ཏུ་བཞེངས་པ་དེ་དང་དོན་གཅིག་ཡིན་པར་མངོན།

རིགས་དབྱེ།   རིག་གནས།དམངས་སྲོལ།

འབྲོང་རྒྱས་ལྡེམ་པ།

འབྲོང་རྒྱས་ལྡེམ་པ་ཞེས་པ་འདི་ནི་གཡག་གམ་འབྲོང་གི་སྙིང་གཟུགས་དང་འདྲ་བའི་བཤོས་སམ་གཏོར་མ་ཞིག་ལ་ཟེར་བ་ཡིན། བོད་ཡིག་གི་མིང་། འབྲོང་རྒྱས་ལྡེམ་པ། ཁོངས་གཏོགས། དམངས་སྲོལ། རྒྱས་འགྲེལ། འབྲོང་རྒྱས་ལྡེམ་པ། ཞེས་པ་ནི་གཡག་གམ་འབྲོང་གི་སྙིང་གཟུགས་དང་འདྲ་བའི་བཤོས་སམ་གཏོར་མ་ཞིག་ལ་ཟེར་བ་ཡིན། མཆོད་པ་དེ་འདྲ་ཞིག་འབུལ་སྲོལ་བྱུང་བའི་ཁུངས་ནི་ཆེས་སྔ་བའི་བཙན་བོན་དང་། བདུད་བོན། གདོན་བོན་དུ་གྲགས་པ་དེ་དག་གིས་དམར་མཆོད་བྱས་པ་ལ། རྗེས་སུ་གཤེན་རབ་མི་བོ་ཆེས་དེའི་ཚབ་ཏུ་འབྲོང་རྒྱས་ལྡེམ་པའི་བཤོས་ཀྱིས་འཐུས་པར་གནང་བའི་དོན་ཡིན།

རིགས་དབྱེ།   རིག་གནས།དམངས་སྲོལ།

རྐྱེན་འབུད།

​དབུས་གཙང་ཕྱོགས་ཀྱི་གྲོང་དང་གྲོང་ཁྱེར་ཁག་ཏུ་ཚེས་ཉེར་དགུའི་ནུབ་མོར་སྤེལ་བའི་སྔར་སྲོལ་ལམ་ཆོ་ག་ཞིག་ཡིན། བོད་ཡིག་གི་མིང་། རྐྱེན་འབུད། ཁོངས་གཏོགས། དམངས་སྲོལ། ཁྱབ་ཁོངས། དབུས་གཙང་། ངོ་སྤྲོད། དབུས་གཙང་ཕྱོགས་ཀྱི་གྲོང་དང་གྲོང་ཁྱེར་ཁག་ཏུ་སྔར་སྲོལ་ཡ་མཚན་འོས་པ་ཞིག་ལ། ཉེར་དགུའི་ནུབ་མོར་མི་ཚང་སོ་སོའི་རྣམས་ཀྱིས“སྤེན་འབར”ཞེས་བྱ་བའི་སྒྲོན་མེ་མང་པོ་ལག་ཏུ་ཐོགས་ནས་ཁང་ཁྱིམ་གྱི་སྟེང་ཤོད་ཕྱི་ནང་བར་གསུམ་དུ་ཇི་ལྟར་མུན་པའི་སྨག་རུམ་ནས་རྐུན་པོ་འཚོལ་བ་བཞིན་ཟིང་ཟིང་བྲེལ་བྲེལ་དུ་རྒྱུ་བ་དང་། ངག་ནས་ཀྱང“རྒྱུགས་ཤིག”ཅེས་དང་།

རིགས་དབྱེ།   རིག་གནས།དམངས་སྲོལ།