ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >ཐོན་ལས།

སོ་ནམ་དམངས་སྲོལ།

སོ་ནམ་དམངས་སྲོལ་ནི་ཞིང་ལས་གཉེར་བའི་མི་རིགས་གང་ཞིག་ཡིན་ཡང་། ཞིང་པ་རྣམས་ཀྱིས་ཡུན་རིང་པོའི་ཐོན་སྐྱེད་ལག་ལེན་དང་། བྱ་འགུལ་ཁྲོད་ཀྱི་ཚོར་རྟོགས་སྣ་ཚོགས་ལས་རིམ་གྱིས་གྲུབ་པའི་རིག་གནས་ཐོན་དངོས་ཤིག་ཡིན་ལ། དེར་མངོན་གསལ་གྱི་བརྒྱུད་སྤེལ་རང་བཞིན་ལྡན་ནོ།།

རིགས་དབྱེ།  

སོན་འདེབས་གོམས་སྲོལ།

སོན་འདེབས་བྱེད་པའི་ཉིན་མོར་བཀྲ་ཤིས་བདེ་ལེགས་དང་ལོ་ལེགས་འབྱུང་བའི་ཆེད་དུ། ལྷ་གསོལ་བསང་གཏོང་དང་ཟས་སྣ་ཚོགས་ཀྱིས་སྡེར་ཁ་བསྒྲིགས་པ། གོས་གང་ཡག་གི་གཟབ་མཆོར་སྤྲས་ཏེ་ཆོ་ག་སྣ་ཚོགས་སྤེལ་བར་བྱེད་པ་དང་། དེ་ཡང་ས་ཁུལ་སོ་སོ་དང་ཡུལ་ལུང་མི་འདྲ་བ་ནས་དམིགས་བསལ་གྱི་གོམས་སྲོལ་རེ་རེའང་ཡོད་སྲིད། དེ་ལྟར་དུ་སོན་འདེབས་སྐབས་སུ་ཡོད་པའི་གོམས་སྲོལ་ཞིག་ལ་ཟེར།

རིགས་དབྱེ།  

ཐན་འགོག་ཆར་ཕབ།

སྟོན་འབྲས་ཀྱི་མང་ཉུང་དེས་ཐད་ཀར་ཞིང་པ་རྣམས་ཀྱི་འཚོ་བའི་ཕྱོགས་ལ་ཤུན་ཤུགས་ཐེབས་པས། ཞིང་ལས་ས་ཁུལ་གྱི་བོད་འབངས་མང་ཚོགས་རང་ཉིད་ཀྱི་ཐོན་སྐྱེད་ནུས་ཤུགས་འདོན་པ་ལས་གཞན་ལྷ་མཆོད་ཀླུ་འབོད་བྱེད་པར་ཡང་ཧ་ཅང་མཐོང་ཆེན་བྱེད། ཐོན་སྐྱེད་ནུས་པ་དང་གནམ་གཤིས་འགྱུར་ལྡོག་གི་ཆ་སོ་སོ་ནས་ཤེས་རྟོགས་བྱུང་བས་སོན་འདེབས་སྟོན་བསྡུ་དང་ཆར་ཕབ་སེར་སྲུང་གི་རིག་གནས་ཀྱང་ངང་གིས་གྲུབ་ཡོད། འདི་ནི་དོན་དུ་ལོ་ཏོག་སྲུང་སྐྱོབ་བྱེད་པའི་ཐབས་ཤིག་དང་རིག་གནས་ཤིག་ཡིན་ལ། གྲུབ་འབྲས་སམ་སྦྱོར་འབྲས་དངོས་སུ་ཐོན་མིན་བཤད་དཀའ་མོད། རྫས་རིགས་སྣ་ཚོགས་ཀྱི་ཁྱད་ནུས་རང་ག་བ་རེ་ལོས་ཡོད།

རིགས་དབྱེ།  

སྦྲ་ནག

སྦྲ་ནག་ནི་རྩིད་པ་ལས་བཟོས་པའི་འཚོ་བའི་སྡོད་གནས་ཅིག་ཡིན། བཟོ་སྟངས་ནི་ཁུལ་རྩིད་འཁེལ་འཐག་བྱས་པའི་སྦྲེ་འདོམ་བརྒྱ་དང་བརྒྱད་ཅུ་ཡས་མས་ཀྱི་ཚེམས་དྲུབས་བྱས་པའི་དབྱིབས་རུས་སྦལ་གཟུགས་སུ་བྱས་པ་སོགས་གཟུགས་དབྱིབས་སྣ་ཚོགས་དང་ཆེ་ཆུང་སྣ་ཚོགས་ཡོད། ད་དུང་སྦྲ་ཆེན་དེ་དག་གི་གཡས་གཡོན་དུ་ཕོ་སྦྲ་དང་མོ་སྦྲ། ནག་ཚང་། གུར་ར། གཡབ་སོགས་མང་པོ་ཡོད། སྦྲ་ཆེ་བའི་རིགས་ལ་སྦྲ་ཁ་ནས་ཆོན་ཆེན་བར་རེ་བ་ལྔ་སྡེབ་དང་བརྒྱད་སྡེབ་ཆོན་ཆེན་ནས་ཆོན་ཆུང་བར་རེ་བ་ལྔ་སྡེབ་བརྒྱད་སྡེབ་སྦྲ་མཐར་གཉིས་དང་བཞི་སོགས་བྱས་ཏེ་ཕྱོགས་རེ་ལ་བཅུ་གཉིས་བཅུ་བརྒྱད་སོགས་ཡོད།

རིགས་དབྱེ།  

བོད་ཀྱི་རྟ་སྒ་གཞོག་ལུགས།

རྟ་སྒ་དང་མཛོ་སྒ་ཅི་ཡིན་ཡང་རྟ་ཟོག་གི་རྒྱབ་ལ་སྟན་མེད་པར་སྒ་རྐྱང་རྐྱང་གཏོད་ནའང་། སེམས་ཅན་གྱི་རྒྱབ་ལ་རྨ་སོགས་གང་ཡང་མི་བྱེད་པའི་ལོ་རྒྱུས་དུ་མ་ཞིག་བཤད་སྲོལ་ཡོད་དོ། །

རིགས་དབྱེ།  

བལ་གྱི་སྤྱོད་སྒོ།

སྤྱིར་བལ་ནི་མཐོ་སྒང་གི་འབྲོག་པ་མང་ཚོགས་ཀྱི་སྒོ་ཕྱུགས་སམ་འཚོ་བའི་གཞི་རྟེན་ཏེ། གཡང་དཀར་ལུག་གི་རྒྱབ་ཀྱི་སྤུ་ལ་ཟེར་ཞིང་། འདི་ལ་དཀར་ཞིང་འཇམ་པའི་ཁྱད་ཆོས་སྣ་མང་འཛོམས་པས། འཚོ་བའི་ཁྲོད་དུ་སྤྱོད་སྒོའང་གཞལ་དུ་མེད་པ་ཞིག་མཆིས་སོ།

རིགས་དབྱེ།  

མཆིག

མཆིག་ནི་བོད་ཀྱི་སྤྱི་ཚོགས་ཙམ་མ་ཟད་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་བྱུང་སྔ་བའི་ལག་ཆ་ཞིག་ཡིན་མོད། འོན་ཀྱང་ལུང་བ་རེ་ལ་ཆུ་རེ་དང་། ས་ཆ་རེ་ལ་དཔེ་རེ་ཞེས་པ་ལྟར་བོད་རང་གི་མཆིག་ལ་གཞན་དང་མ་བསྟུན་པའི་ཁྱད་ཆོས་ལྡན་ཡོད་པ་རེད།

རིགས་དབྱེ།  

ཀོས་ནན་བོད་ཀྱི་གཙག་དྲུབ།

ཀོས་ནན་བོད་ཀྱི་གཙག་དྲུབ་ལ་ཀོས་ནན་ཁབ་སྐུད་ཀྱང་ཟེར། དེ་ནི་ཀོས་ནན་ས་ཁུལ་གྱི་བོད་རིགས་དང་རྒྱ་རིགས་སོགས་ཀྱི་བུད་མེད་ཀྱིས་བོད་རིགས་ཀྱི་མཛེས་རྒྱན་སྤྲས་པའི་རི་མོའི་ནང་དོན་གཙོ་བོར་བྱས་པའི་སྲོལ་རྒྱུན་གྱི་གཙག་དྲུབ་ལག་རྩལ་ཞིག་ཡིན་ལ། སྔོན་ཆད་མི་རིགས་ཀྱི་གྱོན་ཆས་ཐོག་ཆེས་ཆེར་སྤྱོད་པ་དང་། དུས་རབས་འཕེལ་རྒྱས་འགྲོས་དང་བསྟུན་ནས་མི་རྣམས་ཀྱིས་མི་རིགས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་དགོས་མཁོ་དེ་འཕྲུལ་ཆས་ཐོན་སྐྱེད་ཀྱི་སྒྱུ་རྩལ་ཐོན་རྫས་ལས་ཆེས་ཆེར་བརྒལ་བ་དང་། མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་ལ་མི་རྣམས་ཀྱིས་དགའ་བསུ་བྱེད་པ་དེས་བོད་ཀྱི་གཙག་དྲུབ་ཞིང་དུད་ནས་ཐོན་ཏེ་ཁྲོམ་རར་བཀྲམས་པའི་གོ་སྐབས་དང་སྟེགས་བུ་མཁོ་འདོན་བྱས་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་སྲོལ་རྒྱུན་བོད་ཀྱི་གཙག་དྲུབ་ལོ་རྒྱུས་ཀྱི་ཡུན་རིང་ཞིང་། བོད་ཀྱི་གཙག་དྲུབ་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པས“བོད་ཀྱི་གཙག་དྲུབ་ཀྱི་ཕ་ཡུལ”ཞེས་བརྗོད།

རིགས་དབྱེ།  

རྫིང་བུ་གཙང་མ།

རྫིང་བུ་གཙང་མ་ཞེས་པ་ནི་རྫིང་བུའི་ནང་དུ་ཉ་གསོ་བའི་བྱ་རིམ་གལ་ཆེན་གྱི་གྲས་ཤིག་ཡིན། ཉ་གསོ་བའི་སྔོན་ལ་རྫིང་བུ་གཙང་སེལ་བྱས་ཏེ། འདམ་རྫབ་མེད་པར་བཟོ་བ་དང་། གནོད་འབུ་གསོད་པ་སོགས་བྱས་ཏེ། ཉ་རིགས་ལ་སྐྱེ་འཚར་གྱི་ཁོར་ཡུག་ལེགས་པོ་ཞིག་ཡོད་པར་ཁག་ཐེག་བྱེད་དགོས།

རིགས་དབྱེ།  

བར་མའི་ཐོན་རྫས།

བར་མའི་ཐོན་རྫས་ཞེས་པ་ནི་ཐོན་རྫས་ཤིག་དམའ་རིམ་ཐོན་རྫས་ལས་སྣོན་བྱེད་པ་ནས་མཐའ་མའི་འཛད་སྤྱོད་བྱེད་པའི་བར་ཐོན་སྐྱེད་བྱ་རིམ་རབ་དང་རིམ་པ་བརྒྱུད་རྗེས་མཐའ་མའི་ཐོན་རྫས་སུ་མ་གྱུར་གོང་ལས་སྣོན་བྱ་རིམ་དུ་གནས་ཡོད་པའི་ཐོན་རྫས་ཀྱི་སྤྱི་མིང་ལ་ཟེར།

རིགས་དབྱེ།  

ལོ་སྲུང་སེར་འགོག

བོད་ཀྱི་དམངས་གླུ་རུ། "ང་སེར་གྲོང་སྒང་ན་ཡོད་དཡོད་ལ།། འབྲུག་ཕོ་ཆུང་གན་གི་ངར་ལ་ལྟོས།། ང་སེར་གྲོང་སྒང་ན་མེད་ཀྱི་ན།། ཞིང་རི་མ་འགའ་རེ་རྡུང་འདང་རེད།།"ཅེས་པ་ལས་ཀྱང་སེར་སྲུང་གི་རིག་གནས་དེའི་ཕྱོགས་ཀྱི་བྱ་བྱེད་དང་དགོས་པ་སོགས་ཅུང་ཙམ་ཤེས་ཐུབ་ལ་སེར་གྲོང་གིས་སེར་བ་འགོག་ཐུབ་མིན་ལ་ཐེ་ཚོམ་མེད་པའི་བོད་མིའི་སེམས་ཁམས་དང་གོམས་སྲོལ་འདི་ནི་བོད་ཀྱི་ཞིང་ལས་ས་ཁུལ་དུ་རྩ་བ་ཟིན་ཅིང་ཡལ་འདབ་རྒྱས་པའི་རིག་གནས་ཤིག་ཏུ་གྱུར་ཡོད།

རིགས་དབྱེ།  

མཆིག

མཆིག་ནི་བོད་ཀྱི་སྤྱི་ཚོགས་ཙམ་མ་ཟད་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་བྱུང་སྔ་བའི་ལག་ཆ་ཞིག་ཡིན་མོད། འོན་ཀྱང་ལུང་བ་རེ་ལ་ཆུ་རེ་དང་། ས་ཆ་རེ་ལ་དཔེ་རེ་ཞེས་པ་ལྟར་བོད་རང་གི་མཆིག་ལ་གཞན་དང་མ་བསྟུན་པའི་ཁྱད་ཆོས་ལྡན་ཡོད་པ་རེད།

རིགས་དབྱེ།  

ཕྱུགས་ལས་རྨང་གཞིའི་ཤེས་བྱ།

ལུག་རྒྱུད་སྤེལ་བའི་བྱ་ཐབས་དེ་ཁག་གཉིས་སུ་དབྱེ་ཆོག་སྟེ། གཅིག་ནི་རིགས་རྒྱུད་གཙང་མ་སྤེལ་གསོ་དང་ཅིག་ཤོས་ནི་རིགས་རྒྱུད་འདྲེས་མ་སྤེལ་གསོ་ཞེས་པ་གཉིས་ཡིན། རིགས་རྒྱུད་གཙང་མ་སྤེལ་གསོ་ཞེས་པ་ནི་རིགས་རྒྱུད་གཅིག་པའམ་ཡང་ན་རིགས་གཅིག་རང་ཁོངས་སུ་ཕན་ཚུན་སྦྱོར་སྡེབ་བྱས་པའི་རྒྱུད་པར་ཟེར་གྱི་ཡོད་པ་དང་། རིགས་རྒྱུད་འདྲེས་མ་ཞེས་པ་ནི་རིགས་རྒྱུད་གཅིག་པ་མིན་པའམ་ཡང་ན་རིགས་རྒྱུད་མི་གཅིག་པའི་ནང་ཁོངས་སུ་ཕན་ཚུན་སྦྱོར་སྡེབ་བྱས་པའི་རྒྱུད་པར་ཟེར་བ་རེད།

རིགས་དབྱེ།  

བལ་སྐུད།

བལ་སྐུད་ནི་མིའི་ལག་པ་དང་འཕང་། ཕྲུལ་ཤིང(ཁྲོལ་ཤིང)སོགས་ཀྱིས་བཀལ་བའི་སྐུད་པ་ཕྲ་མོ་ཞིག་ཡིན།

རིགས་དབྱེ།  

ཞོ།

ཞོ་ནི་འབྲིའི་འོ་མ་དང་། མཛོ་མོའི་འོ་མ། བ་ཕྱུགས་ཀྱི་འོ་མ། ད་དུང་ར་མ་དང་མ་མོའི་འོ་མ་སོགས་གང་རུང་ལས་གྲུབ་པའི་འཚོ་བཅུད་ལྡན་པའི་ཟས་མཆོག་ཅིག་ཡིན།

རིགས་དབྱེ།  

བོད་ཀྱི་ས་གདན།

བོད་ཀྱི་ས་གདན་ནི་གནའ་དེང་གི་དུས་སུ་རྒྱལ་ཁབ་ཕྱི་ནང་དང་ས་གནས་ཀྱི་དབྱེ་བ་མེད་པར། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ཐགས་དངོས་ཀྱི་རྒྱུ་ཆ་བཟང་ལ། ལག་རྩལ་མཐོ་ཞིང་སྤུས་ཀ་ཡག་པའི་ས་གནས་ཐོན་རྫས་ཤིག་ཏུ་བགྲང་གི་ཡོད།

རིགས་དབྱེ།  

སྡོམ་རྩིས་དབྱེ་ཞིབ་ཐབས།

དེ་ནི་ཁེ་ལས་ཀྱིས་ཉེ་བའི་དུས་སྐབས་ཤིག་གི་རིང་ལ་ཐོན་རྫས་དེ་ཐོན་སྐྱེད་བྱས་པའི་ལས་དུས་ཟད་གྲོན་བྱས་པའི་ཐོག་མའི་ཟིན་ཐོ་ཡིན་ལ། བསྡོམས་རྩིས་དབྱེ་ཞིབ་དང་ལེགས་སྒྲིག་ངེས་ཅན་བྱས་པ་བརྒྱུད་སྔོན་ཐོན་གྱི་ཟད་གྲོན་ཆུ་ཚད་རྩིས་བརྒྱབ་པ་དང་། དེ་གཞི་འཛིན་ས་བྱས་ནས་ངལ་རྩོལ་བཅད་གྲངས་ཀྱི་ཞིབ་འཇུག་བྱེད་ཐབས་བཟོས་པ་རེད།

རིགས་དབྱེ།  

རྩྭ་ཡུག་ལྡུམ་ཡུར།

སྤྱིར་ཡུར་མ་ཡུར་བ་དང་། ལུད་འཇོག་པ། གནོད་འབུ་འགོག་པ་སོགས་ནི་ལོ་ཏོག་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་ཐོན་པའི་བྱ་བྱེད་ཅིག་ཡིན། དམངས་ཁྲོད་ངག་རྒྱུན་དུའང"ས་ཞིང་ལག་ལས་མ་ཐོབ་ན། འཇག་མ་རྩྭ་ཡིས་ཤུགས་གླུ་ལེན"ཞེས་པ་དང་། "ཞིང་ལ་དགོས་པ་ལུད་ཡིན། རྩམ་པའི་རྫི་ཁུ་ཆུ་ཡིན"ཞེས་པ་དང་། "ལུད་ཀྱི་དྲི་ངན་མེད་ན། ཟས་ཀྱི་དྲི་ཞིམ་མེད"ཅེས་དང་། "མི་ཡིས་ཞིང་མགོ་གཡོགས་ན། ཞིང་གིས་མི་མགོ་གཡོགས་ཡོང"ཞེས་པ་ལྟ་བུ་ནི་སོ་ནམ་རྒན་པོའི་ཉམས་མྱོང་ལས་ཐོན་པའི་ལེགས་བཤད་རྨ་མེད་པ་ཞིག་རེད།

རིགས་དབྱེ།  

ཞིང་འབྲེག་པ།

ཞིང་འབྲེག་པ་ནི་ལོ་ཏོག་སྨིན་ཚར་ནས་སྟོན་ལས་ཀྱི་མགོ་ཚུགས་ཤིང་། ས་ཞིང་ལས་འབྲས་བུ་ལོན་པའི་དུས་ཡིན་པར་མ་ཟད། སྐབས་དེར་གནས་གཤིས་ལ་འགྱུར་ལྡོག་ཆེ་བ་ནི་བྱིས་པའི་ངོ་མདངས་དང་ཀུན་ནས་མཚུངས་པས་ཆར་ཞོད་དང་སེར་བའང་ཐོལ་གྱིས་བྱུང་རྒྱུ་མང་། སྐབས་དེ་དག་ནི་ཞིང་ལས་ས་ཁུལ་ལ་མཚོན་ན་བྲེལ་འཚུབ་ཆེས་ཆེ་བའི་དུས་ཤིག་ཡིན།

རིགས་དབྱེ།  

གཡུལ་གཅོག་པ།

གཡུལ་གཅོག་པ་ནི་ཞིང་ལས་རིག་གནས་ཀྱི་བྱ་བྱེད་རིམ་པ་ཆེས་མཐའ་མཇུག་ཡིན་ལ། ཆེས་གལ་ཆེ་བའི་གྲས་སུའང་བཞག་ཆོག ཞིང་ལས་བྱ་བའི་ངལ་རྩོལ་གྱི་རིམ་པ་རེ་རེ་བཞིན་ལེགས་གྲུབ་བྱུང་བའི་འབྲས་བུ་ཡིན་པས་བྱ་བ་གང་དང་ལས་གང་ཞིག་བྱས་ཀྱང་མཐའ་འཇུག་གི་འབྲས་བུར་མི་བརྩོན་པ་ནི་མེད་པ་ཡིན།

རིགས་དབྱེ།  

ཞིང་ལས་འཛེམ་བྱ།

རང་རང་གི་དད་མོས་དང་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་ལྟར་རང་རང་ས་ཁུལ་དུ་ལས་ཀའི་འཛེམ་བྱའང་འདྲ་མིན་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་དེ། ས་ཞིང་རྨོ་འདེབས་སྐབས་ཀྱི་ས་བོན་མཛོད་ནས་ལེན་དུས་མི་གཞན་གྱིས་མཐོང་བར་འཛེམ་པ་དང་། ཐོང་ཁ་ཕྱེ་བའི་ཉིན་དེར་ནང་མི་སྤུན་ཟླ་དང་། ཁྱིམ་མཚེས་གཡས་གཡོན་དུ་ཁ་འཛིང་སོགས་ལ་འཛེམ་པ་དང་། གཞན་ད་དུང་རྨོ་ཕྱུགས་ལ་གཅར་རྡུང་དང་དམོད་མོར་འཛེམ་ཞིང་། ཞིང་ལས་ཡོ་བྱད་ཆེ་ཆུང་དང་བཟང་ངན་གང་ཡིན་ཆག་གྲུམ་ལ་འཛེམ་པ། ལོ་ཏོག་སྐྱེས་པ་ནས་བཟུང་ཞིང་བར་དུ་སྡོང་པོ་གཅོད་པ་དང་རྩྭ་ལྡུམ་འབྲེག་པ་སོགས་ལ་འཛེམ་ཡིན།

རིགས་དབྱེ།  

བོད་ཀྱི་རྭ་ཙེ།

ཐ་མག་ནི་བདེ་ཐང་ལ་གནོད་ཅིང་རྒྱུ་ནོར་ཆུད་ཟོས་སུ་གཏོང་བའི་ལོངས་སྤྱོད་ཐ་ཤལ་བ་ཞིག་ཡིན་ཀྱང་། ང་ཚོ་ལ་སྔོན་མ་ནས་ཐ་མག་འཐེན་པའི་གོམས་གཤིས་དང་ཡང་ན་ཐ་མག་འཐེན་པའི་སྲོལ་ཡོད། དེ་བས་འདིར་བོད་ཀྱི་ཐ་མག་འཐེན་སྤྱད་ཀྱི་རྭ་ཙེ་ངོ་སྤྲོད་ཕྲན་ཙམ་བྱས་ཡོད་དོ།།

རིགས་དབྱེ།