དམངས་སྲོལ་རིག་གནས་ཀྱི་ཐུན་མོང་གི་ཁྱད་ཆོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་སྲོལ་གྱི་ཁྱད་ཆོས་གཙོ་ཤོས་ཤིག་ནི་ཡུལ་དུས་ངེས་ཅན་དེ་ན་འཚོ་བའི་རྒྱ་ཆེ་བའི་མི་དམངས་མང་ཚོགས་དེ་ཀུན་པོས་ཁས་ལེན་ཞིང་། ཐུན་མོང་དང་སྤྱི་མཐུན་དུ་བེད་སྤྱོད་བྱེད་པའི་འཚོ་བའི་གོམས་གཤིས་དེ་ཡིན། དམངས་སྲོལ་ནི་གསར་གཏོད་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན། ཉམས་ལེན་བྱེད་མཁན་ཚང་མ་རྒྱ་ཆེ་བའི་མང་ཚོགས་ཡིན། སྒོས་སུ་དམངས་སྲོལ་ནི་ཐུན་མོང་གིས་གསར་གཏོད་དང་ཐུན་མོང་གིས་བེད་སྤྱོད། ཐུན་མོང་གིས་ཉམས་ལེན། ཐུན་མོང་གིས་རྒྱུན་འཛིན་བཅས་བྱ་བའི་འཚོ་བའི་རིག་གནས་ཤིག་ཡིན་སྟབས། དམངས་སྲོལ་གྱི་ཁྱད་ཆོས་གཙོ་ཤོས་ཤིག་ནི་ཐུང་མོང་གི་རང་བཞིན་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民俗文化的共同特点
ཁོངས་གཏོགས།
དམངས་སྲོལ་རིག་གནས།
1 ངོ་སྤྲོད།

དམངས་སྲོལ་གྱི་ཁྱད་ཆོས་གཙོ་ཤོས་ཤིག་ནི་ཡུལ་དུས་ངེས་ཅན་དེ་ན་འཚོ་བའི་རྒྱ་ཆེ་བའི་མི་དམངས་མང་ཚོགས་དེ་ཀུན་པོས་ཁས་ལེན་ཞིང་། ཐུན་མོང་དང་སྤྱི་མཐུན་དུ་བེད་སྤྱོད་བྱེད་པའི་འཚོ་བའི་གོམས་གཤིས་དེ་ཡིན། དམངས་སྲོལ་ནི་གསར་གཏོད་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན། ཉམས་ལེན་བྱེད་མཁན་ཚང་མ་རྒྱ་ཆེ་བའི་མང་ཚོགས་ཡིན། སྒོས་སུ་དམངས་སྲོལ་ནི་ཐུན་མོང་གིས་གསར་གཏོད་དང་ཐུན་མོང་གིས་བེད་སྤྱོད། ཐུན་མོང་གིས་ཉམས་ལེན། ཐུན་མོང་གིས་རྒྱུན་འཛིན་བཅས་བྱ་བའི་འཚོ་བའི་རིག་གནས་ཤིག་ཡིན་སྟབས། དམངས་སྲོལ་གྱི་ཁྱད་ཆོས་གཙོ་ཤོས་ཤིག་ནི་ཐུང་མོང་གི་རང་བཞིན་དེ་ཡིན། དེ་ཡང་མི་རིགས་ཤིག་ལ་དཔེ་མཚོན་ནས་བཤད་ན། མི་རིགས་སོ་སོའི་འཚོ་བའི་གནས་སྟངས་དང་། ལོ་རྒྱུས་རིག་གནས། བསམ་བློ་གོམས་གཤིས་བཅས་མི་འདྲ་བའི་དབང་གིས་མི་རིགས་སོ་སོར་རང་རིགས་ཀྱི་མི་རྣམས་ལ་གསལ་ཆ་ཡོད་པ་དང་ཀུན་གྱིས་ཁས་ལེན་པའི་དམངས་སྲོལ་རིག་གནས་རེ་གྲུབ་ཡོད། ང་ཚོས་ཤེས་གསལ་ལྟར། མི་རིགས་ཤིག་གི་གྲུབ་རྐྱེན་ལ་སྲོལ་རྒྱུན་རིག་གནས་དང་ཡུལ་བབ་གནས་སྟངས། ཆབ་སྲིད་ལོ་རྒྱུས་ལ་སོགས་རྒྱུ་ཆ་མང་པོ་ཞིག་འདུས་དགོས་པ་ཇི་བཞིན་དུ། དམས་སྲོལ་ལའང་ཐུན་མོང་གིས་གསར་གཏོད་བགྱིས་པའི་སྲོལ་རྒྱུན་རིག་གནས་འཚོ་རྟེན་གྱི་ཡུལ་བབ་གནས་ཚུལ་ལ་སོགས་ཚང་དགོས་པ་རེད། དེ་ནས་འཚོ་བའི་གནས་བབ་ཀྱི་ལམ་ནས་བཤད་ན། མི་རིགས་སོ་སོ་སྡོད་པའི་ཡུལ་གནས་མི་གཅིག་པ་དང་། ཡུལ་གནས་དེ་དག་གི་གནམ་གཤིས་གནས་ཚུལ་དང་དཔལ་འབྱོར་ཐོན་ཁུངས་མི་འདྲ་བ་བཅས་ཀྱི་དབང་གིས། ས་ཆ་སོ་སོའི་འཚོ་བའི་ལོངས་སྤྱོད་བྱེད་ཚུལ་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད། དཔེར་ན། གྱོན་ཆས་ལྟ་བུར་མཚོན་ན། གྲང་ངར་ཆེ་བའི་ས་ཆ་ནས་པགས་རིགས་དང་བལ་རིགས་ཀྱི་ལྭ་གྱོན་པ་དང་། དྲོད་བཤེར་ཆེ་བའི་ས་ཆ་ནས་རས་ལྭ་སྲབ་མོ་ཙམ་གོན་པ། བཟའ་བཏུང་ལྟ་བུར་མཚོན་ན། སྒོ་ཕྱུགས་སྐྱོང་བའི་འབྲོག་ས་ནས་ཤ་མར་ཐུད་གསུམ་ལ་སོགས་འཚོ་རྟེན་གཙོ་བོ་བྱེད་པ་དང་། ལོ་ཏོག་སོ་ནམ་འདེབས་སའི་ཡུལ་སྡེ་ནས་འབྲུ་རིགས་སྣ་ཚོགས་འཚོ་རྟེན་གཙོ་བོ་བྱེད་པ། དེ་བཞིན་དུ་ཆུ་ཀླུང་དང་མཚོ་འགྲམ་ན་སྡོད་པའི་མི་རྣམས་ཀྱིས་ཆུ་བྱ་དང་ཉྭ་རིགས་འཚོ་རྟེན་གཙོ་བོ་བྱེད་ཀྱིན་ཡོད། སའི་ཆགས་དབྱིབས་དང་གནམ་གཤིས་དྲོད་གྲང་ལ་སོགས་མི་འདྲ་བ་དེ་ལ་དེ་བསྟུན་དུ་ཡུལ་དེ་ན་འཚོ་ཞིང་གཞེས་པའི་མི་ཚོགས་དེས་རང་རང་གི་འཚོ་རྟེན་དེར་གཞི་བཅོལ་ནས། མི་རིགས་དང་ས་ཁུལ་དེའི་ཁྱད་ཆོས་ལྡན་པའི་ཟས་རིགས་རྣམ་པ་སྣ་ཚོགས་ཤིག་ཐུན་མོང་དུ་བེད་སྤྱོད་དང་འཛིན་སྤེལ་བྱེད་པ་ལྟར་རོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།