ཡོངས་འཛིན་རིག་མཛོད། >ལག་རྩལ། >སྲ་ཆས། >གཞན་དག

སྒྲིག་འཁོར་བཀོད་གཏོང་།

ལམ་མང་བྱ་རིམ་ཁོར་ཡུག་ཏུ་གཙོ་གསོག་ཁྲོད་འཕེལ་རིམ་དུ་མ་ཡོད་ཅིང་། དེའི་གྲངས་ཀ་ནི་སྒྲིག་འཁོར་གྲངས་ཀ་ལས་མང་པས། རྒྱུད་ཁོངས་ཀྱིས་བརྩི་ཐབས་ག་གེ་མོ་ཞིག་ལ་བརྟེན་ནས་སྒྲིག་འཁོར་དེ་ཚགས་ཚུད་རུ་སྟར་ནང་གི་འཕེལ་རིམ་ཞིག་ལ་འགུལ་རྣམ་གྱིས་བགོ་བཤའ་བྱས་ཏེ་ལག་ཏུ་བསྟར་དགོས། སྒྲིག་འཁོར་བགོ་བཤའ་བྱེད་པའི་ལས་འགན་ནི་སྒྲིག་བཀོད་གཏོང་བྱ་རིམ་གྱིས་ལེགས་འགྲུབ་བྱེད་པ་དང་། སྒྲིག་འཁོར་ནི་རྩིས་འཁོར་གྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས། སྒྲིག་འཁོར་གྱི་སྤྱོད་ཕྱོད་མཐོར་འདེགས་དང་རྒྱུད་ཁོངས་ཀྱི་གཤིས་ནུས་ལེགས་བཅོས་བྱེད་པ་གང་ཡིན་ཡང་། དེ་ནི་གཙོ་ཆེ་ཤོས་སྒྲིག་འཁོར་བཀོད་གཏོང་གཤིས་ནུས་ལ་རག་ལས་པ་ཡིན། དེ་བས་སྒྲིག་འཁོར་བཀོད་གཏོང་ནི་བཀོལ་སྤྱོད་རྒྱུད་ཁོངས་ཇུས་འགོད་ཀྱི་གནད་དོན་གཙོ་བོ་རུ་གྱུར་ཡོད།

རིགས་དབྱེ།  

སྒྲིག་ཆས་དོ་དམ།

རྩིས་འཁོར་རྒྱུད་ཁོངས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ནིI/Oརྒྱུད་ཁོངས་ཤིག་རེད། རྒྱུད་ཁོངས་དེའི་ནང་དུ་ཆ་འཕྲིན་ནང་འཇུག་དང་ཕྱིར་འདོན། གསོག་འཇོག་བྱེད་ནུས་ཀྱི་མངོན་འགྱུར་བྱེད་ཆེད་བཀོལ་བའི་སྒྲིག་ཆས་དང་དེར་བསྟུན་གྱི་སྒྲིག་ཆས་ཚོད་འཛིན་ཆས་བཅས་འདུས་ཡོད། རྩིས་འཁོར་ཆེ་གྲས་དང་འབྲིང་གྲས་འགའ་ཞིག་ཏུ་ད་དུངI/Oཡི་རྒྱུ་ལམ་མམI/Oསྒྲིག་འཁོར་ཡོད། སྒྲི་ཆས་དོ་དམ་གྱི་བྱ་ཡུལ་གཙོ་བོ་ནིI/Oསྒྲིག་ཆས་རེད། དེ་མིན་སྒྲིག་ཆས་ཚོད་འཛིན་ཆས་དངI/Oརྒྱུ་ལམ་ལ་ཡང་འབྲེལ་དགོས། དེ་ཡང་སྒྲིག་ཆས་དོ་དམ་གྱི་རྩ་བའི་ལས་འགན་ནི་སྤྱོད་མཁན་གྱིས་བཏོན་པའིI/Oརེ་ཞུ་ལེགས་གྲུབ་བྱས་ནས། I/Oའགྲོས་ཕྱོད་དངI/Oསྒྲིག་ཆས་ཀྱི་སྤྱོད་ཕྱོད་ཇེ་མགྱོགས་སུ་གཏོང་བ་དེ་རེད། སྒྲིག་ཆས་དོ་དམ་གྱི་བྱེད་ནུས་གཙོ་བོ་ནི་ལྷོད་གཏོང་ཁུལ་གྱི་དོ་དམ་དང་། སྒྲིག་ཆས་བགོ་བཤའ། སྒྲིག་ཆས་སྒྲིག་གཅོད། རྟོག་བཟོས་སྒྲིག་ཆས་དང་སྒྲིག་ཆས་ཀྱི་ཁེར་ཚུགས་རང་བཞིན་མངོན་འགྱུར་བྱེད་པ་སོགས་ཡིན། I/Oསྒྲིག་ཆས་ཀྱི་རིགས་མང་བ་མ་ཟད་དེ་དག་གི་ཁྱད་གཤིས་དང་བཀོལ་སྤྱོད་བྱེད་ཐབས་ལ་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་སྒྲིག་ཆས་དོ་དམ་ནི་བཀོལ་སྤྱོད་རྒྱུད་ཁོངས་སུ་རྙོག་འཛིན་ཆེ་ཤོས་དང་སྲ་ཆས་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

རིགས་དབྱེ།  

འོད་འཁྱུག་མེད་པ།

འཆར་ཆས་ཀྱི་གསར་འདོན་ཕྱོད60Hzལས་དམའ་བའི་སྐབས་སུ། མིག་ལ་མངོན་སུམ་དུ་འོད་འཁྱུག་དང་ངལ་དུབ་ཀྱི་ཚོར་སྣང་སྟེར་བ་ཡིན་ལ་གསར་འདོན་ཕྱོད་ཇི་ལྟར་མཐོ་དེ་ལྟར་དུ་མིག་ལ་འོད་འཁྱུག་གི་ཚོར་སྣང་མེད་པར་བཟོ་ཐུབ་པ་ཡིན།

རིགས་དབྱེ།  

ནང་འཇུག་ཕྱིར་གཏོང་སྒྲིག་ཆས།

ནང་འཇུག་ཕྱིར་གཏོང་སྒྲིག་ཆས་ནི་རྩིས་འཁོར་ཀྱི་ཕྱི་རོལ་སྒྲིག་ཆས་ཀྱི་གྲས་ཤིག་ཡིན་ལ། རྩིས་འཁོར་རང་གཟུགས་དང་སྤེལ་རེས་བཀོལ་སྤྱོད་བྱེད་ཆོག་སྟེ། དཔེར་ན། མཐེབ་གཞོང་དང་མངོན་ཆས་སོགས་ལྟ་བུའོ།།

རིགས་དབྱེ།  

སྐར་ཁུང་དཀར་ཆག་བོད་ཡིག་གིས་བཟོ་སྟངས།

ད་སྐབས་རྩིས་འཁོར་གང་ལ་བལྟས་ཀྱང་རང་ཉིད་ཀྱིས་རྒྱ་ཡིག་དང་ཡང་ན་དབྱིན་ཡིག་ཅུང་ཙམ་མ་ཤེས་ཚེ་བེད་སྤྱོད་མེད་པ་ལྟ་བུའི་ཚོར་བ་ཞིག་བོད་མི་རྣམས་ལ་རང་ཤུགས་ཀྱིས་སྟེར་ངེས་ཡིན། དེའི་ཕྱིར་རྒྱ་ཡིག་དང་དབྱིན་ཡིག་མ་ཤེས་ཚེ་རང་ཉིད་ལྐུག་པ་ཞིག་ཡིན་པས་བོད་ཡིག་ཅི་ཙམ་ཤེས་ཀྱང་སྐད་ཡིག་གཞན་ཞིག་མ་ཤེས་ཚེ་ལྐུག་པར་རྩི་བའི་འདུ་ཤེས་འདིས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལའང་ཁྱད་གསོད་དང་། ཡང་ན་རིན་ཐང་མེད་པར་བརྩི་བཞིན་པ་ནི་གླེན་རྟགས་ཁོ་ན་རེད། སྤྱིར་ན་ང་ཚོ་ལ་དེ་ལྟ་བུའི་དཀའ་ངལ་ཞིག་ཀྱང་འཕྲད་བཞིན་ཡོད་མོད། དེ་ནི་ད་ལྟ་ཧི་གཟུགས་དང་སྨོན་ལམ་ལྟ་བུ་རྒྱལ་སྤྱིའི་ཨང་རྟགསUnicodeའདི་བཟོས་པ་ནས་བཟུང་ང་ཚོའི་སྐད་ཡིག་ལ་རྩིས་འཁོར་ནང་རམ་འདེགས་མི་དམན་པ་བྱས་ཡོད། ད་ལྟ་ཁྱོད་ཀྱི་རྩིས་འཁོར་ནང་གི་དྲ་རྒྱ་དང་འཕྲིན་གཏོང་སོགས་གང་མང་ལ་བོད་ཡིག་སྤྱོད་ཐུབ་པ་མ་ཟད། ད་དུང་སྐར་ཁུང་དང་འདྲ་པར་དང་ཡིག་རིགས་གང་ལའང་དཀའ་ངལ་མེད་པར་བོད་ཡིག་གི་སྒོ་ནས་མིང་འབྲི་ཐུབ། དེ་ལ་བརྟེན་ནས་བོད་ཡིག་གི་སྒོ་ནས་བེད་སྤྱོད་མི་དམན་པ་གཏོང་ཐུབ་ཡོད། དེའི་ཕྱིར་རྒྱལ་ཁབ་མང་བོ་ཞིག་གིས་རང་གི་སྐད་ཡིག་དེWindowsནང་སྒྲིག་ཐུབ་མེད་ཀྱང་། རྒྱལ་སྤྱིའི་ཨང་རྟགས་ནང་ཚུད་པ་ནས་བཟུང་། སྤྱོད་སྒོ་ཆེན་པོའི་སྒོ་ནས་བེད་སྤྱོད་བྱེད་བཞིན་པ་ནི་ང་ཚོ་བོད་གཅིག་པུ་མ་ཡིན་པར་སྟོབས་ཆེན་རྒྱལ་ཁབ་ནང་དུའང་ཡོད་པ་འདིས་ང་ཚོ་ལ་ཤེས་བྱ་གསར་བ་ཞིག་དང་བློ་སྤོབས་གསར་བ་ཞིག་གི་བློ་སྒོ་ཕྱེས་ཡོད།

རིགས་དབྱེ།  

རིག་ལྡན་ལྷམ།

རྒྱ་གར་གྱི་ཀུང་སི་ཞིག་གིས་བཟོས་ཤིང་། མིང་ལ་རིག་ལྡན་ལྷམLechalཟེར་བ་རེད། ལྷམ་འདི་རིགས་སོ་སྔོན་བརྒྱུད་དེ་ལག་ཁྱེར་གྱི་ས་ཁྲའི་ཉེར་སྤྱོད་བྱ་རིམ་ལ་སྦྲེལ་ཆོག་ཅིང་། འདར་འགུལ་བྱས་པའི་ལམ་ནས་ལྷམ་གོན་མཁན་ལ་གཡས་གཡོན་གྱི་ཁ་ཕྱོགས་སྟོན་ཐུབ་བོ།།

རིགས་དབྱེ།  

སྲ་ཆས་མ་ལག

སྲ་ཆས་མ་ལག་ཅེས་པ་ནི་རྩིས་འཁོར་གྲུབ་པའི་དངོས་ལུགས་སྒྲིག་ཆས་ཏེ། འཕྲུལ་ཆས་དང་། འོད། གློག་སྡུད་ཆས་བཅས་ཀྱིས་གྲུབ་པའི་རྩིས་རྒྱག་དང་ཚོད་འཛིན། གསོག་ཉར། ནང་འདྲེན། ཕྱིར་གཏོང་བཅས་ཀྱི་ནུས་པ་ལྡན་པའི་ལྷུ་ལག་དངོས་ལ་ཟེར། དཔེར་ན།CPUདང་། གསོག་ཆས་དང་། མཉེན་སྡེར་སྐུལ་ཆས་དང་། སྲ་སྡེར་སྐུལ་ཆས་དང་། འཕྲུལ་འཁོར་སྒུལ་ཆས། འཕྲུལ་འཁོར་ཧྲིལ་བོའི་ནང་གི་གཙོ་འཁོར་དང་། པར་ཆས། རི་མོ་འབྲི་ཆས། སྒྲིག་སྦྱོར་སྒྲིག་འགྲོལ་ཆས་སོགས་ལྟ་བུ། འཕྲུལ་འཁོར་ཧྲིལ་པོའི་སྲ་ཆས་ལ“སྲ་ཆས”ཞེས་ཀྱང་ཟེར། གློག་རྡུལ་མ་ལག་རྙོག་འཛིང་ཅན་དུ་གྱུར་བ་དང་བསྟུན་ནས། མ་ལག་ཇུས་འགོད་ནི་རིག་ཚན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། སྲོལ་རྒྱུན་གྱི་བྱེད་ཐབས་དེ་དུས་རབས་ཀྱི་འཕེལ་རྒྱས་དང་མི་འཚམ་པར་གྱུར། འཕེལ་རྒྱས་མགྱོགས་པའི་མཉེན་ཆས་དང་སྲ་ཆས་མཉམ་སྡེབ་ཇུས་འགོད་ལག་རྩལ་ལ་མི་རྣམས་ཀྱིས་མཐོང་ཆེན་བྱེད་བཞིན་ཡོད། དེ་ནི་མ་ལག་དམིགས་ཚད་ཀྱི་བླང་བྱའི་མཛུབ་ཁྲིད་འོག་མ་ལག་གི་མཉེན་ཆས་དང་སྲ་ཆས་ཀྱི་ནུས་པ། ད་ཡོད་ཀྱི་ཐོན་ཁུངས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད་མ་ལག་གི་མཉེན་ཆས་དང་སྲ་ཆས་དབར་གྱི་མཉམ་ཐོན་རང་བཞིན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྔོག་འདོན་བྱས་ཏེ། མཉེན་ཆས་དང་སྲ་ཆས་མ་ལག་གི་གྲུབ་ཆ་མཐུན་སྦྱོར་དང་ཇུས་འགོད་བྱས་ཏེ་མ་ལག་གི་ལས་དོན་དེ་ལས་ཀའི་རྣམ་པ་ཡག་ཤོས་སུ་འགྱུར་དགོས།

རིགས་དབྱེ།  

འཕྲུལ་འཁོར།

འཕྲུལ་འཁོར་ནི་ལྕགས་རིགས་དང་ལྕགས་རིགས་མིན་པའི་ལྷུ་ལག་སྣ་ཚོགས་ལས་གྲུབ་པའི་སྒྲིག་ཆས་ཤིག་ཡིན་ལ། ནུས་ཁུངས་ཟད་གྲོན་བྱས་ན་འཁོར་སྐྱོད་དང་རྩོལ་བ་བྱེད་ཐུབ། དེ་ནི་མིའི་ངལ་རྩོལ་གྱི་ཚབ་བྱེད་པ་དང་། ནུས་ཚད་འགྱུར་ལྡོག་གཏོང་བ། ཆ་འཕྲིན་ཐག་གཅོད་བྱེད་པ། དེ་བཞིན་ནུས་པ་ཐོན་པ་བཅས་ཡིན། འཕྲུལ་འཁོར་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་མོད། འོན་ཀྱང་ཉེ་རབས་ཀྱི“འཕྲུལ་འཁོར”ནི་ནུབ་ཕྱོགས་ཀྱི་བཟོ་ལས་གསར་བརྗེ་བྱས་རྗེས་གཞི་ནས་རིམ་བཞིན་གསར་གཏོད་བྱས་པ་རེད།

རིགས་དབྱེ།  

གློག་གསོག་ཆས།

གློག་གསོག་ཆས་ནི་ཟློས་མཐོ་གློག་ཁུངས་ཀྱི་ལག་རྩལ་དང་སྔོན་ཐོན་གྱི་རིག་ནུས་འགུལ་རྣམ་སྤྱད་དེ་གློག་གསོག་ལག་རྩལ་ལེགས་སྒྲིག་བྱེད་པའི་རིགས་ཤིག་ཡིན། གློག་འགུལ་འཕྲུལ་ཆས་ནི་སྲོལ་རྒྱུན་གྱི་ལད་ཟློས་གློག་ལམ་གྱི་རྩ་བའི་རིགས་པ་ལ་བརྟེན་ནས་ཇུས་འགོད་བྱས་པ་ཞིག་ཡིན་ཞིང་། འཕྲུལ་འཁོར་ནང་ཁུལ་གྱི་གློག་ཤུགས་ལྷུ་ཆས(དཔེར་ན་གློག་གནོན་སྒྱུར་ཆས་དང་། གློག་ཚོར་འཕྲུལ་ཆས། གློག་སྣོད་སོགས་ལྟ་བུ)ཚང་མ་ཅུང་ཆེ་བ་དང་། སྤྱིར་བཏང་དུ་ཅུང་ཆེ་བའི་འཁོར་སྐྱོད་བྱེད་སྐབས་འཛེར་སྒྲ་ཅུང་ཆུང་བ་ཡོད་མོད། འོན་ཀྱང་འཕྲུལ་ཆས་དེ་གློག་དྲའི་ཁོར་ཡུག་ཆ་རྐྱེན་ཁྲོད་འགོག་བཟོད་ཀྱི་ནུས་པ་ཅུང་ཆེ་ལ་ཡིད་རྟོན་དང་གཏན་འཇགས་ཀྱི་རང་བཞིན་ནི་ཟློས་ཕྱོད་མཐོ་བའི་འཕྲུལ་ཆས་ལས་ཆེ།

རིགས་དབྱེ།  

སྨྱུག་བཟོའི་ལག་རྩལ།

འདིར་བོད་ཀྱི་ལུགས་ལྟར་སྨྱུ་གུའི་རྒྱུ་ཅི་ལྟར་འདེམས་པ་དང་བཟོ་ཐབས། སྨྱུག་གྲི་བཟོ་ཐབས་སོགས་སྨྱུ་གུ་བཟོ་བའི་ལག་རྩལ་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།