ཡོངས་འཛིན་རིག་མཛོད། >ལག་རྩལ། >སྲ་ཆས།

རིག་ལྡན་རྩིས་འཁོར།

རིག་ལྡན་རྩིས་འཁོར་ནི་འགུལ་རྣམ་འཕེལ་རྒྱས་ཀྱི་དོན་སྤྱི་ཞིག་ཏུ་གྱུར་ཡོད་ལ། དེ་ཐོག་མཐའ་བར་གསུམ་དུ་མདུན་ཕྱོགས་སུ་སྐུལ་འདེད་བྱེད་པའི་རྩིས་འཁོར་ལག་རྩལ་གྱི་འཐབ་ས་མདུན་མ་དེ་ཡིན། རྒྱ་ཡིག་གི་མིང་། 智能计算机 ཕྱི་ཡིག་གི་མིང་། intelligent computers ཐོབ་ཐང་། འགུལ་རྣམ་འཕེལ་རྒྱས་ཀྱི་དོན་སྤྱི་ཞིག བྱེད་ནུས། ཆ་འཕྲིན་འབོར་ཆེན་ཞིག་གསོག་འཇོག་བྱེད་ཐུབ་། གོ་དོན། རིག་ལྡན་རྩིས་འཁོར་ལ་ལས་མཁོའི་དཔེ་དེབ་ནང་འགྲེལ་བཤད་བྱས་པ་ནི། ཆ་འཕྲིན་དང་ཤེས་བྱ་འབོར་ཆེན་གསོག་ཉར་བྱེད་པ་དང་།

རིགས་དབྱེ།   ལག་རྩལ།སྲ་ཆས།

སྒྲིག་འཁོར་བཀོད་གཏོང་།

ལམ་མང་བྱ་རིམ་ཁོར་ཡུག་ཏུ་གཙོ་གསོག་ཁྲོད་འཕེལ་རིམ་དུ་མ་ཡོད་ཅིང་། དེའི་གྲངས་ཀ་ནི་སྒྲིག་འཁོར་གྲངས་ཀ་ལས་མང་པས། རྒྱུད་ཁོངས་ཀྱིས་བརྩི་ཐབས་ག་གེ་མོ་ཞིག་ལ་བརྟེན་ནས་སྒྲིག་འཁོར་དེ་ཚགས་ཚུད་རུ་སྟར་ནང་གི་འཕེལ་རིམ་ཞིག་ལ་འགུལ་རྣམ་གྱིས་བགོ་བཤའ་བྱས་ཏེ་ལག་ཏུ་བསྟར་དགོས། སྒྲིག་འཁོར་བགོ་བཤའ་བྱེད་པའི་ལས་འགན་ནི་སྒྲིག་བཀོད་གཏོང་བྱ་རིམ་གྱིས་ལེགས་འགྲུབ་བྱེད་པ་དང་། སྒྲིག་འཁོར་ནི་རྩིས་འཁོར་གྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས། སྒྲིག་འཁོར་གྱི་སྤྱོད་ཕྱོད་མཐོར་འདེགས་དང་རྒྱུད་ཁོངས་ཀྱི་གཤིས་ནུས་ལེགས་བཅོས་བྱེད་པ་གང་ཡིན་ཡང་། དེ་ནི་གཙོ་ཆེ་ཤོས་སྒྲིག་འཁོར་བཀོད་གཏོང་གཤིས་ནུས་ལ་རག་ལས་པ་ཡིན། དེ་བས་སྒྲིག་འཁོར་བཀོད་གཏོང་ནི་བཀོལ་སྤྱོད་རྒྱུད་ཁོངས་ཇུས་འགོད་ཀྱི་གནད་དོན་གཙོ་བོ་རུ་གྱུར་ཡོད།

རིགས་དབྱེ།   ལག་རྩལ།སྲ་ཆས།

ནང་འཇུག་ཕྱིར་གཏོང་སྒྲིག་ཆས།

ནང་འཇུག་ཕྱིར་གཏོང་སྒྲིག་ཆས་ནི་རྩིས་འཁོར་ཀྱི་ཕྱི་རོལ་སྒྲིག་ཆས་ཀྱི་གྲས་ཤིག་ཡིན་ལ། རྩིས་འཁོར་རང་གཟུགས་དང་སྤེལ་རེས་བཀོལ་སྤྱོད་བྱེད་ཆོག་སྟེ། དཔེར་ན། མཐེབ་གཞོང་དང་མངོན་ཆས་སོགས་ལྟ་བུའོ།། རྒྱ་ཡིག་གི་མིང་། 输入输出设备 ཕྱི་ཡིག་གི་མིང་། I/O Device འབྲེལ་ཡོད། རྩིས་འཁོར། ཡིག་རྟགས་ནང་འཇུག་སྒྲིག་ཆས། ཕབ་གཞོང་། བརྙན་རིས་ནང་འཇུག་སྒྲིག་ཆས། བརྙན་ལེན་འཕྲུལ་ཆས། བཤར་འབེབས་ཆས། ནང་འཇུག་སྒྲིག་ཆས། ནང་འཇུག་སྒྲིག་ཆས་ནི་རྩིས་འཁོར་ལ་གཞི་གྲངས་དང་ཆ་འཕྲིན་ནང་འཇུག་བྱེད་པའི་སྒྲིག་ཆས་ལ་ཟེར།

རིགས་དབྱེ།   ལག་རྩལ།སྲ་ཆས།

སྲ་སྡེར།

སྲ་སྡེར་ནི་རྩིས་འཁོར་གྱི་སྣོད་ལྟ་བུ་སྟེ། ཁྱོད་ཀྱི་རྒྱུན་སྤྱོད་མཉེན་ཆས་དང་རྩ་ཆེའི་ཡིག་ཆ་སོགས་སྲ་སྡེར་ནང་དུ་བཞག་ཡོད་པས། དེ་ནི་རྩིས་འཁོར་གྱི་ཅ་ལག་འཇུག་སའི་བང་མཛོད་ལྟ་བུ་ཡིན། རྒྱ་ཡིག་གི་མིང་། 硬盘 ཕྱི་ཡིག་གི་མིང་། Hard Disk Drive བསྡུས་མིང་། HDD གོ་དོན། དེ་ཡང་སྲ་སྡེར་ནི་རྩིས་འཁོར་གྱི་སྣོད་ལྟ་བུ་སྟེ། ཁྱོད་ཀྱི་རྒྱུན་སྤྱོད་མཉེན་ཆས་དང་རྩ་ཆེའི་ཡིག་ཆ་སོགས་སྲ་སྡེར་ནང་དུ་བཞག་ཡོད་པས། དེ་ནི་རྩིས་འཁོར་གྱི་ཅ་ལག་འཇུག་སའི་བང་མཛོད་ལྟ་བུ་ཡིན། དེས་ན་ནང་གསོག་དང་སྲ་སྡེར་ལ་ཁྱད་པར་ཅི་ཡོད་ཞེ་ན། ནང་གསོག་ནི་ལས་གཞི་སྒྲུབ་གནས་ཀྱི་སྟེགས་བུ་ལྟ་བུ་དང་། སྲ་སྡེར་ནི་ལས་གཞི་དེ་འཇུག་སའི་བང་མཛོད་ལྟ་བུ་ཡིན་པས་སོ་སོའི་བྱེད་ནུས་དང་བཀོལ་སྤྱོད་ཐད་ཁྱད་པར་ཆེན་པོ་ཡོད།

རིགས་དབྱེ།   ལག་རྩལ།སྲ་ཆས།

གཙོ་པང་།

དེ་ཡང་གཙོ་པང་ཞེས་པ་ནི་རྩིས་འཁོར་གྱི་ལྷུ་ལག་གཙོ་བོ་ཞིག་སྟེ། སྲ་ཆས་སོ་སོའི་གློག་སྐུད་སྦྲེལ་བྱེད་ཀྱི་གནས་དེར་གོ་བས་བྱེད་ནུས་ཤིན་ཏུ་གཙོ་ལ། གཙོ་སྒམ་ཁྲོད་ཀྱི་སྲ་ཆས་ཡོད་ཚད་ཀྱིས་གཙོ་པང་བརྒྱུད་ནས་ལས་དོན་སྒྲུབ་ཀྱིན་པ་ཞིག་ཡིན། དེས་ན་གཙོ་པང་ནི་རྩིས་འཁོར་དང་སྦྱར་ན་ཧ་ཅང་རིན་ཐང་ཆེ་ལ། ང་ཚོས་རྩིས་འཁོར་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་གཙོ་པང་གི་བྱེད་ནུས་རྟོགས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 主板 ཕྱི་ཡིག་གི་མིང་། motherboard མཐུད་གནས་དང་མཐུད་ཁ། གཙོ་པང་སྟེང་གི་མཐུད་གནས་དང་དེ་སོ་སོའི་མཐུད་ཁ། གཙོ་པང་ནི་སྲ་ཆས་སོ་སོའི་རྟེན་གཞི་ལྟ་བུ་ཡིན་པས་ན། དེ་ལ་རྟེན་བྱའི་སྲ་ཆས་ཀྱི་མཐུད་གནས་དང་ཡང་ན་མཐུད་ཁ་རེ་ཡོད་པ་ནི་ཆོས་ཉིད་ཡིན། དེས་ན་སྤྱིར་བཏང་དུ་གཙོ་པང་སྟེང་དུCPUདང་ནང་གསོག

རིགས་དབྱེ།   ལག་རྩལ།སྲ་ཆས།

བོད་ཡིག་མཐེབ་གཞོང་།

ཐོན་རྫས་འདིའི་ནང་གི་སྒྲིག་ཆས་ལ་ནང་འདྲེན་བྱས་པའི་ཉིང་ལྷེབ་སོགས་ཀྱི་ལག་རྩལ་གསར་པ་བཀོལ་སྤྱོད་བྱས་པས་རྒྱུ་སྤུས་བཟང་ཞིང་བཀོལ་ཡུན་རིང་བ། ཐོན་རྫས་ཀྱི་ཕྱི་ངོས་ནི་མིའི་བཟོ་བཀོད་རིག་པའི་གཞུང་ལུགས་བཞིན་འཆར་འགོད་བྱས་པ་དང་བཟོ་རྩལ་སྤུས་ལེགས་ལྡན་པའི་ཚོན་རྩི་བྱུགས་པས་བེད་སྤྱོད་བྱེད་སྐབས་ལག་པར་བདེ་ཞིང་རྡར་ཤན་ཆེ་བ། འཇམ་འདྲེད་འགོག་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན། ད་དུང་འཛད་སྤྱོད་པར་སྟབས་བདེ་སྐྲུན་ཆེད་ཐོན་རྫས་འདིར་མཐུད་ཁUSB PS/2གཉིས་རྒྱབ་སྐྱོར་བྱེད་པའི་ལག་རྩལ་སྤྱད་ཡོད་སྟབས་རིགས་འདྲ་མིན་གྱི་གློག་ཀླད་ཐོག་བེད་སྤྱོད་བཏང་ཆོག

རིགས་དབྱེ།   ལག་རྩལ།སྲ་ཆས།

ཆེས་ཐོག་མའི་གློག་རྡུལ་རྩིས་འཁོར།

འཛམ་གླིང་སྟེང་ཆེས་ཐོག་མའི་གློག་རྡུལ་རྩིས་འཁོར་གྱི་མིང་ལ་ཨའེ་ཉི་ཨ་ཁུ(ENIAC)ཞེས་ཟེར་ཞིང་། དེ་ནི་སྤྱི་ལོ1946ལོར་ཨ་རིའི་པིན་ཞི་ཧྥ་ཉི་ཡཱ་སློབ་ཆེན་གྱི་ཨའེ་ཁུ་ཐུ(Eckert)སོགས་ཀྱིས་ཞིབ་འཇུག་དང་གསར་བཟོ་བྱས་པ་ཡིན། དེར་གློག་རྡུལ་སྦུ་གུ18000ལྷག་དང་གློག་འགོག་དང་གློག་གསོག་སྣོད་ཆས་ཧ་ཅང་མང་པོ་སྒྲིག་ཡོད་ཅིང་། ཆེས་ཐོག་མར་གློག་རྡུལ་གློག་ལམ་བེད་སྤྱད་ནས་རྩིས་རྒྱག་མངོན་འགྱུར་བྱུང་ཡོད། རྒྱ་ཡིག་གི་མིང་། 世界上第一代电子计算机 ཕྱི་ཡིག་གི་མིང་། The first electronic computer གསར་གཏོད་པ། ཡུའེ་ཧན •ཨ་ཐཱ་ནཱ་སུའོ་ཧྥུའུ(Atanasoff) གསར་གཏོད་དུས་ཚོད། 1946ལོར། མཚམས་སྦྱོར། (ཨའེ་ཉི་ཨ་ཁུ)གློག་རྡུལ་རྩིས་འཁོར་གྱིས་སྐར་ཆ་གཅིག་ལ་སྣོན་རྩིས་ཐེངས5000ངམ་ཡང་ན་བསྒྱུར་རྩིས་ཐེངས400རྒྱག་ཐུབ།

རིགས་དབྱེ།   ལག་རྩལ།སྲ་ཆས།

རིག་ལྡན་ལྷམ།

རྒྱ་གར་གྱི་ཀུང་སི་ཞིག་གིས་བཟོས་ཤིང་། མིང་ལ་རིག་ལྡན་ལྷམLechalཟེར་བ་རེད། ལྷམ་འདི་རིགས་སོ་སྔོན་བརྒྱུད་དེ་ལག་ཁྱེར་གྱི་ས་ཁྲའི་ཉེར་སྤྱོད་བྱ་རིམ་ལ་སྦྲེལ་ཆོག་ཅིང་། འདར་འགུལ་བྱས་པའི་ལམ་ནས་ལྷམ་གོན་མཁན་ལ་གཡས་གཡོན་གྱི་ཁ་ཕྱོགས་སྟོན་ཐུབ་བོ།། རྒྱ་ཡིག་གི་མིང་། 导航鞋 ཕྱི་ཡིག་གི་མིང་། Lechal མིང་གཞན། ལག་ཁྱེར་ཁ་པར་ཕྱོགས་སྟོན་ལྷམ་དང་འཁོར་སྐར་ཕྱོགས་སྟོན་ལྷམ། གསར་གཏོད་མཁན། ལའོ་ལུན་སི་དང་ཞཱ་ཨེར་མཱ། རིན་གོང་། ཨ་སྒོར་བརྒྱ། མཚམས་སྦྱོར། རིག་ལྡན་ལྷམ་འདི་རིགས་དང་ནུས་མཚུངས་ཀྱི་རིག་ལྡན་ལྷམ་མཐིལ་ཞིག་ཡོད་པའི་རིན་གོང་ལ་ཨ་སྒོར་བརྒྱ་ཡིན་ཞིང་།

རིགས་དབྱེ།   ལག་རྩལ།སྲ་ཆས།

བྱེད་ནུས་མཐེབ།

མཐེབ་གནོནEscདངF1ནསF12བར་གྱི་མཐེབ་གནོན་ལ་བྱེད་ནུས་མཐེབ་ཟེར་ཞིང་། དེ་དག་བཀོལ་སྤྱོད་ལེགས་པོ་བྱེད་ཤེས་ཚེ་ཁྱོད་ཀྱི་ལས་ཆོད་ཇེ་མཐོར་འགྲོ་ངེས་ལ། མཐེབ་གནོནF1ནསF12བར་གྱི་མཐེབ་གཞོང་ལ་རང་རང་གི་བྱེད་ནུས་ལྡན་མོད། ཡིན་ཡང་དེ་དག་བཀོལ་སྤྱོད་བྱེད་ཤེས་མཁན་ཧ་ཅང་ཉུང་། དེ་བས་གཤམ་ནས་མཐེབ་གནོན་འདི་དག་གི་ཁྱད་མཚར་ནུས་པ་མཚམས་སྦྱོར་ཉུང་ཙམ་བྱ། རྒྱ་ཡིག་གི་མིང་། 功能键 མཐེབ་གནོནEsc བཙན་ཤེད་ཀྱིས་སྤྱོད་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་པ། མཐེབ་གནོན་སོ་སོའི་མཚམས་སྦྱོར། མཐེབ་གནོནEsc

རིགས་དབྱེ།   ལག་རྩལ།སྲ་ཆས།

ཀུ་ཤུའི་གློག་ཀླད་ཀྱི་བོད་ཡིག་མཐེབ་གཞོང་གི་བཀོད་པ།

ཀུ་ཤུའི་གློག་ཀླད་ཁྲོད་ཀྱི་བོད་ཡིག་གི་མཐེབ་གཞོང་ལ་དབྱེ་ན་གསུམ་སྟེTibetan-WyieདངTibetan QWERTYདང་། Tibetan-Otaniབཅས་སོ།། ཀུ་ཤུའི་གློག་ཀླད་ཁྲོད་ཀྱི་བོད་ཡིག་གི་མཐེབ་གཞོང་བཟོ་མཁན་ནི་འཇར་པན་གྱིOtaniགཙུག་ལག་སློབ་གྲྭ་རེད། འདིར་ཀུ་ཤུའི་གློག་ཀླད་ཁྲོད་ཀྱི་བོད་ཡིག་གི་མཐེབ་གཞོང་བཀོད་པ་དཔེ་རིས་དང་སྦྱར་ནས་ངོ་སྤྲོད་ཙམ་བྱའོ།། རྒྱ་ཡིག་གི་མིང་། 苹果电脑的藏文键盘布局 མཐེབ་གཞོང་གི་བཀོད་པ། Tibetan QWERTYམཐེབ་གཞོང་བཀོད་པ། Tibetan QWERTY+Shiftམཐེབ་གཞོང་བཀོད་པ།  Tibetan Otani མཐེབ་གཞོང་བཀོད་པ།  Tibetan Otani+Shiftམཐེབ་གཞོང་བཀོད་པ།

རིགས་དབྱེ།   ལག་རྩལ།སྲ་ཆས།

སྤོ་སྒུལ་སྲ་སྡེར།

སྤོ་སྒུལ་སྲ་སྡེར་ནི་དོན་གྱིས་སྟེང་ནས་སྲ་སྡེར་གསོག་འཇོག་བར་རྫས་བྱས་ཏེ། རྩིས་འཁོར་དབར་ཤོང་ཚད་ཆེ་བའི་གཞི་གྲངས་ཕན་ཚུན་བརྗེ་རེས་བྱེད་པ་དང་། འཁྱེར་བདེ་རང་བཞིན་གཙོ་བོར་འཛིན་པའི་གསོག་འཇོག་ཐོན་རྫས་ཤིག་ཡིན། ཚོང་རའི་ཁྲོད་ཀྱི་སྤོ་སྒུལ་སྲ་སྡེར་མང་ཆེ་བ་ནི་ཚད་ལྡན་གྱི་སྲ་སྡེར་གཞི་བྱས་ཡོད་ལ། ཉུང་ཤོས་ཤིག་གིས་སྲ་སྡེར་ཆུང་གྲས་གཞིར་འཛིན་བཞིན་ཡོད། འོན་ཀྱང་རིན་གོང་གི་རྒྱུ་རྐྱེན་གྱིས་སྤོ་སྒུལ་སྲ་སྡེར་གཙོ་རྒྱུག་བྱེད་པའམ་ཡང་ན། ཚད་ལྡན་ལག་འཁྱེར་རྩིས་འཁོར་སྲ་སྡེར་རྨང་གཞི་བྱེད་པ་ཐག་གཅོད་བྱེད་ཀྱི་ཡོད། སྤོ་སྒུལ་སྲ་སྡེར་གྱིསUSBདངIEEE1394སོགས་བརྒྱུད་གཏོང་མྱུར་ཚད་ཅུང་མྱུར་བའི་མཐུད་ཁ་བེད་སྤྱོད་བྱས་པས།

རིགས་དབྱེ།   ལག་རྩལ།སྲ་ཆས།

གཙོ་འཁོར།

གཙོ་འཁོར་ནི་རྩིས་འཁོར་གྱི་ཕྱིར་གཏོང་དང་བསྡུ་ལེན་སྒྲིག་ཆས་ཕུད་པའི་ཆ་ཤས་གཙོ་བོ་དག་ཡིན། དེ་ཡང་པང་ལེབ་གཙོ་བོ་དང་ལྷུ་ལག་གཙོ་བོ་གཞན་དག་འཇོག་པའི་ཚོད་འཛིན་སྒམ་གཟུགས(སྣོད་ཆསMainframe)ཡིན། དེའི་ནང CPU དང་གློག་ཁུངས། གཙོ་ངོས། འོད་ཆས། ནང་གསོག དེ་བཞིན་ཕྱིར་གཏོང་ཚོད་འཛིན་ཆས་དང་མཐུད་ཁ་སོགས་འདུས། དྲ་རྒྱའི་ལག་རྩལ་ཁྲོད་དུ་ཆ་འཕྲིན་གཏོང་ལེན་དང་བསྡུ་ལེན་བྱེད་པའི་སྐོར་གྱི་མཐའ་སྣེའི་སྒྲིག་ཆས་ཡིན། རྒྱ་ཡིག་གི་མིང་། 主机 ཕྱི་ཡིག་གི་མིང་། Main frame རིགས་དབྱེ། རྩིས་འཁོར་སྲ་ཆས་རྒྱུད་ཁོངས། གྲུབ་ཆ། CPU དང་གློག་ཁུངས།

རིགས་དབྱེ།   ལག་རྩལ།སྲ་ཆས།

སྲ་ཆས་མ་ལག

སྲ་ཆས་མ་ལག་ཅེས་པ་ནི་རྩིས་འཁོར་གྲུབ་པའི་དངོས་ལུགས་སྒྲིག་ཆས་ཏེ། འཕྲུལ་ཆས་དང་། འོད། གློག་སྡུད་ཆས་བཅས་ཀྱིས་གྲུབ་པའི་རྩིས་རྒྱག་དང་ཚོད་འཛིན། གསོག་ཉར། ནང་འདྲེན། ཕྱིར་གཏོང་བཅས་ཀྱི་ནུས་པ་ལྡན་པའི་ལྷུ་ལག་དངོས་ལ་ཟེར། དཔེར་ན།CPUདང་། གསོག་ཆས་དང་། མཉེན་སྡེར་སྐུལ་ཆས་དང་། སྲ་སྡེར་སྐུལ་ཆས་དང་། འཕྲུལ་འཁོར་སྒུལ་ཆས། འཕྲུལ་འཁོར་ཧྲིལ་བོའི་ནང་གི་གཙོ་འཁོར་དང་། པར་ཆས། རི་མོ་འབྲི་ཆས། སྒྲིག་སྦྱོར་སྒྲིག་འགྲོལ་ཆས་སོགས་ལྟ་བུ། འཕྲུལ་འཁོར་ཧྲིལ་པོའི་སྲ་ཆས་ལ“སྲ་ཆས”ཞེས་ཀྱང་ཟེར།

རིགས་དབྱེ།   ལག་རྩལ།སྲ་ཆས།

འཕྲུལ་འཁོར།

འཕྲུལ་འཁོར་ནི་ལྕགས་རིགས་དང་ལྕགས་རིགས་མིན་པའི་ལྷུ་ལག་སྣ་ཚོགས་ལས་གྲུབ་པའི་སྒྲིག་ཆས་ཤིག་ཡིན་ལ། ནུས་ཁུངས་ཟད་གྲོན་བྱས་ན་འཁོར་སྐྱོད་དང་རྩོལ་བ་བྱེད་ཐུབ། དེ་ནི་མིའི་ངལ་རྩོལ་གྱི་ཚབ་བྱེད་པ་དང་། ནུས་ཚད་འགྱུར་ལྡོག་གཏོང་བ། ཆ་འཕྲིན་ཐག་གཅོད་བྱེད་པ། དེ་བཞིན་ནུས་པ་ཐོན་པ་བཅས་ཡིན། འཕྲུལ་འཁོར་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་མོད། འོན་ཀྱང་ཉེ་རབས་ཀྱི“འཕྲུལ་འཁོར”ནི་ནུབ་ཕྱོགས་ཀྱི་བཟོ་ལས་གསར་བརྗེ་བྱས་རྗེས་གཞི་ནས་རིམ་བཞིན་གསར་གཏོད་བྱས་པ་རེད།

རིགས་དབྱེ།   ལག་རྩལ།སྲ་ཆས།

འོད་སྡེར་སྐུལ་ཆས།

འོད་སྡེར་སྐུལ་ཆས་ནི་གློག་ཀླད་ཀྱིས་འོད་སྡེར་ནང་དོན་འབྲི་ཀློག་བྱེད་པར་སྤྱོད་པའི་འཕྲུལ་ཆས་ཡིན་ལ། སྟེགས་འཇོག་གློག་ཀླད་དང་ཟིན་བྲིས་འཁྱེར་བདེའི་གློག་ཀླད་ནང་རྒྱུན་མཐོང་གི་ལྷུ་ལག་ཅིག་ཡིན། སྨྱན་མང་གཟུགས་ཀྱི་བེད་སྤྱོད་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས། འོད་སྡེར་སྐུལ་ཆས་དེ་རྩིས་འཁོར་གྱི་ལྷུ་ལག་མང་པོའི་ཁྲོད་དུ་ཚད་ལྡན་གྱི་སྒྲིག་ཆས་ཤིག་ཏུ་གྱུར་ཡོད་པ་རེད། རྒྱ་ཡིག་གི་མིང་། 光驱 ཕྱི་ཡིག་གི་མིང་། Optical Disk Driver ནུས་པ། གློག་ཀླད་འོད་སྡེར་ནང་དོན་འབྲི་ཀློག་བྱེད་པ། དུས་ཚོད། 1991ལོར། ངོ་སྤྲོད་མདོར་བསྡུས། འོད་སྡེར་སྐུལ་ཆས་ནི་འོད་སྡེར་གྱི་སྐུལ་ཆས་ཡིན་ཏེ།

རིགས་དབྱེ།   ལག་རྩལ།སྲ་ཆས།

ནང་གསོག

ནང་གསོག་ཞེས་པ་ནི་རྩིས་འཁོར་ཁྲོད་ཀྱི་ཅ་ལག་གསོག་འཇོག་བྱེད་སའི་གནས་དེར་གོ་ཞིང་། རྩིས་འཁོར་གྱི་མ་ལག་ཡོད་ཚད་ནང་གསོག་དང་སྡེབས་ནས་འཁོར་བསྐྱོད་བྱེད་པ་ཞིག་ཡིན་པས། ནང་གསོག་གི་ཆེ་ཆུང་དང་མགྱོགས་ཚད། དེའི་བརྟན་གཤིས་སོགས་ཐད་ཀར་རྩིས་འཁོར་དང་འབྲེལ་བ་གཏིང་ཟབ་ཡོད། གཤམ་དུ་དེའི་སྐོར་གྱི་ཤེས་བྱ་འགའ་ངོ་སྤྲོད་བྱ། རྒྱ་ཡིག་གི་མིང་། 内存 ཕྱི་ཡིག་གི་མིང་། Memory མིང་གཞན། ནང་བྱང་། ཁོངས་གཏོགས། རྩིས་འཁོར། དབྱེ་བ། མིག་སྔར་ནང་གསོག་ལ་རིགས་མི་མཐུན་པ་གསུམ་ཡོད་དེ། དེ་དག་གི་བྱེད་ནུས་དང་བཟོ་རྩལ་ཡང་མི་འདྲ་བས་སྤྱི་ཚོགས་སྟེང་འདྲ་མིན་གྱི་གཏམ་གླེང་མང་པོ་ཞིག་ཡོད་མོད་ཡོངས་ཁྱབ་ཏུ་བཀོལ་ཆེ་པ་ནིDDR

རིགས་དབྱེ།   ལག་རྩལ།སྲ་ཆས།

བོད་ཡིག་ཙིག་རྟགས།

བོད་ཡིག་ཙིག་རྟགས་འདིའི་ནང་གི་སྒྲིག་ཆས་ལ་ནང་འདྲེན་བྱས་པའི་ཉིང་ལྷེབ་སོགས་ཀྱི་ལག་རྩལ་གསར་པ་བཀོལ་སྤྱོད་བྱས་པས་རྒྱུ་སྤུས་བཟང་ཞིང་བཀོལ་ཡུན་རིང་བ། ཐོན་རྫས་ཀྱི་ཕྱི་ངོས་ནི་མིའི་བཟོ་བཀོད་རིག་པའི་གཞུང་ལུགས་བཞིན་འཆར་འགོད་བྱས་པ་དང་བཟོ་རྩལ་སྤུས་ལེགས་ལྡན་པའི་ཚོན་རྩི་བྱུགས་པས་བེད་སྤྱོད་བྱེད་སྐབས་ལག་པར་བདེ་ཞིང་རྡར་ཤན་ཆེ་བ། འཇམ་འདྲེད་འགོག་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན། རྒྱ་ཡིག་གི་མིང་། 藏文鼠标 ཁྱད་ཆོས། 1.ཆུ་འགོག་ཐུབ་པ། 2.མཐུད་ཁ་གཉིས་རྒྱབ་སྐྱོར་བྱེད་པ། USB PS/2 3.རྒྱལ་ཕྱིར་འཚོང་བའི་ཚད་ལོན་པ། ལག་རྩལ། འཛད་སྤྱོད་པར་སྟབས་བདེ་སྐྲུན་ཆེད་ཐོན་རྫས་འདིར་མཐུད་ཁUSB

རིགས་དབྱེ།   ལག་རྩལ།སྲ་ཆས།

མཐེབ་གནོན་སྒྲིག་སྟངས(སྨོན་ལམ་གསུམ་པ)

སྨོན་ལམ་བོད་ཡིག་གསུམ་པའི་མཐེབ་གནོན་འདི་ཉིད་བསྒྲིག་དུས། དང་པོ་ཡར་འཆར་དཀར་ཆག་གི་དབྱིན་ཡིགcontrol Panelའདིའི་ནང་དུ་སོང་དངRegional and language Optionsཟེར་བའི་འདིར་བཀོད་པའི་འདྲ་པར་དང་པོའི་སྟེང་གི་རི་མོ་འདི་མཐོང་ཐུབ། དེའི་སྒོ་ཕྱེ་བ་དང་། འདྲ་པར་འདི་དག་གི་གོ་རིམ་ནང་བཞིན་སྒྲིག་ཆས་དག་སྒྲིགས་དང་ཁྱོད་ཀྱིས་བོད་ཡིག་གི་གནད་དོན་ཡག་པོ་སེལ་ཐུབ་པ་ཡིན། རྒྱ་ཡིག་གི་མིང་། 键盘布局(莫兰3.0) ངོ་སྤྲོད། འདི་དག་ནི་སྨོན་ལམ་བོད་ཡིག་གསུམ་པ་ནང་འཇུག་བྱས་ཚར་རྗེས་བེད་སྤྱོད་བྱེད་སྟངས་ཁོ་ན་ཡིན།  

རིགས་དབྱེ།   ལག་རྩལ།སྲ་ཆས།

སྒྲ་བྱང་།

སྒྲ་བྱང་ལ་སྒྲ་ཟློས་བྱང་བུ་ཡང་ཟེར་ཞིང་། སྒྲ་བྱང་ནི་སྨྱན་མང་གཟུགས་ལག་རྩལ་ཁྲོད་ཀྱི་ཆེས་གཞི་རྩའི་གྲུབ་ཚུལ་ཁག་ཡིན་ལ། སྒྲ་རླབས/ཨང་ཀིའི་བརྡ་རྟགས་ཕན་ཚུན་བརྗེ་བསྒྱུར་བྱེད་པའི་སྲ་ཆས་ཤིག་ཡིན། སྒྲ་བྱང་གི་རྩ་བའི་བྱེད་ལས་ནི་སྐད་སྦུག་དང་སྒྲ་ཐག འོད་སྡེར་ཀྱི་ཐོག་མའི་སྒྲའི་བརྡ་རྟགས་བརྗེ་སྤོར་བྱས་ཏེ། ཉན་ཆས་སམ་རྣ་ཉན། སྒྲ་སྐྱེད་ཆས། སྒྲ་སྐྱེད་འཕྲུལ་ཆས་དང་སྒྲ་ཕབ་འཕྲུལ་ཆས་སོགས་སུ་ཕྱིར་གཏོང་སྒྲའི་སྒྲིག་ཆས་སམ་ཡང་ན། རོལ་དབྱངས་སྒྲིག་ཆས་ཨང་ཀིའི་མཐུད་ཁར་བརྟེན་ནས་རོལ་ཆས་ཀྱིས་སྙན་འཇེབས་ཀྱི་སྒྲ་དབྱངས་འབྱིན་པར་ཟེར།

རིགས་དབྱེ།   ལག་རྩལ།སྲ་ཆས།

གཙོ་འཁོར།

གཙོ་འཁོར་ནི་རྩིས་འཁོར་གྱི་ནང་འཇུག་ཕྱིར་འདྲེན་སྒྲིག་ཆས་ཕུད་པའི་འཁོར་གཟུགས་ཁག་ཡིན་ལ། མ་པང་དང་གཞན་པའི་ལྷུ་ལག་འཇོག་སའི་ཚོད་འཛིན་སྒམ་གཟུགས་ཡིན། རྒྱ་ཡིག་གི་མིང་། 主机 ཕྱི་ཡིག་གི་མིང་། Main frame རིགས་དབྱེ། རྩིས་འཁོར་སྲ་ཆས་རྒྱུད་ཁོངས། གྲུབ་ཆ། CPUདང་ནང་གསོག སྲ་སྡེར། འོད་སྡེར་སྐུལ་ཆས། ཉེར་སྤྱོད་རིག་གཞུང་ཚན་ཁག རྩིས་འཁོར། མཚན་ཉིད། གཙོ་འཁོར་ནི་རྩིས་འཁོར་གྱི་ནང་འཇུག་ཕྱིར་འདྲེན་སྒྲིག་ཆས་ཕུད་པའི་འཁོར་གཟུགས་ཁག་ཡིན་ལ།

རིགས་དབྱེ།   ལག་རྩལ།སྲ་ཆས།

སྨྱུག་བཟོའི་ལག་རྩལ།

འདིར་བོད་ཀྱི་ལུགས་ལྟར་སྨྱུ་གུའི་རྒྱུ་ཅི་ལྟར་འདེམས་པ་དང་བཟོ་ཐབས། སྨྱུག་གྲི་བཟོ་ཐབས་སོགས་སྨྱུ་གུ་བཟོ་བའི་ལག་རྩལ་ངོ་སྤྲོད་བྱས་ཡོད། བོད་ཡིག་གི་མིང་། སྨྱུག་བཟོའི་ལག་རྩལ། རྒྱུ་ཆ། སྙུག་མ། སྨྱུག་རྒྱུ་འདེམས་ཐབས། དེ་ལ་འབྲི་སྨྱུག་འོས་པའི་སྨྱུག་མ་ངོས་འཛིན་དང་སྨྱུག་རྒྱུ་ལེགས་བཅོས་བྱ་ཐབས་ནི་སྨྱུག་མ་ལ་རིགས་མང་པོ་ཡོད་པས་སྨྱུ་གུའི་རྒྱུར་འོས་པའི་སྨྱུག་མ་ནི།  ནང་དུ་སྦུ་གུ་ཕྲ་ཞིང་བཏེགས་ན་ལྕི་བ།  སྡོང་བོ་ཆེར་སྐྱེས་པའི་སྨྱུག་མ་ཤ་མཐུག་ཅིང་འཆུས་པ།

རིགས་དབྱེ།   ལག་རྩལ།སྲ་ཆས།

འོད་འཁྱུག་མེད་པ།

འཆར་ཆས་ཀྱི་གསར་འདོན་ཕྱོད60Hzལས་དམའ་བའི་སྐབས་སུ། མིག་ལ་མངོན་སུམ་དུ་འོད་འཁྱུག་དང་ངལ་དུབ་ཀྱི་ཚོར་སྣང་སྟེར་བ་ཡིན་ལ་གསར་འདོན་ཕྱོད་ཇི་ལྟར་མཐོ་དེ་ལྟར་དུ་མིག་ལ་འོད་འཁྱུག་གི་ཚོར་སྣང་མེད་པར་བཟོ་ཐུབ་པ་ཡིན། རྒྱ་ཡིག་གི་མིང་། 无闪烁 གོ་དོན། གལ་ཏེ་འཆར་ཆས་གསར་འདོན་ཕྱོད་མི་མགྱོགས་ན། མངོན་པའི་བག་ཆགས་ལ་འོད་འཁྱུག་གི་ཚོང་སྣང་ཡོད་པ་དང་། སྤྱིར་བཏང་དུ་གསར་འདོན་ཕྱོད60Hzལས་དམའ་བའི་སྐབས་སུ། མིག་ལ་མངོན་སུམ་དུ་འོད་འཁྱུག་དང་ངལ་དུབ་ཀྱི་ཚོར་སྣང་སྟེར་བ་ཡིན་ལ།

རིགས་དབྱེ།   ལག་རྩལ།སྲ་ཆས།

འཆར་བྱང་།

འཆར་བྱང་ནི་རྩིས་འཁོར་ཁྲོད་ཀྱི་རི་མོ་དང་གཟུགས་བརྙན་སོགས་དགོས་དབང་གི་གོ་རིམ་ངེས་ཅན་ཞིག་བརྒྱུད་རྗེས་ཐད་ཀར་སྒྲོམ་ངོས་སུ་སྟོན་པའི་འཆར་བྱེད་ཀྱི་སྲ་ཆས་གཙོ་བོ་དེར་གོ་ལ། གལ་སྲིད་རྩིས་འཁོར་ལ་འཆར་བྱང་མེད་ཚེ་ང་ཚོས་རྒྱུན་ལྡན་གྱི་རི་མོ་དང་གཟུགས་བརྙན། ཡི་གེ་སོགས་ཅི་ཡང་རིག་མི་ཐུབ་པས་དེ་ནི་རྩིས་འཁོར་གྱི་ལྷུ་ལག་གཙོ་བོ་ཞིག་ཡིན། དེས་ནས་ང་ཚོས་རྩིས་འཁོར་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་འཆར་བྱང་གི་སྒྲིག་གཞི་དང་བྱེད་ནུས། དེའི་ཁྱད་ཆོས་སོགས་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གལ་ཆེའོ།།

རིགས་དབྱེ།   ལག་རྩལ།སྲ་ཆས།

གློག་ཀླད་ཉོ་སྟངས།

སྤྱིར་བཏང་ཀུ་ཤུ་གློག་ཀླད་དང་། སྐར་ཁུང་གློག་ཀླད་གཉིས་ལས་གང་ཉོ་དགོས་སམ། དུས་རྒྱུན་བཀོལ་མཁན་དང་། ལས་ཀ་གལ་ཆེན་བྱེད་མཁན་ཚོས་ཀུ་ཤུ་གློག་ཀླད་ཉོས་ན་ཡག སྐར་ཁུང་གློག་ཀླད་ལ་སྐྱོན་ཤོར་སླ་བས། དུས་རྒྱུན་བསྐྱར་རྫོབ་ཡང་སྒྲིག་བྱེད་དགོས་ན་དུས་ཚོད་དང་འགྲོ་སོང་མང་པོ་ཞིག་ཆུད་ཟོས་སུ་གཏོང་གི་རེད་ལ། གལ་ཆེའི་ཡིག་ཆ་ཁག་བརླགས་རྒྱུའི་ཉེན་ཁ་ཡང་ཆེན་པོ་རེད། འོན་ཀྱང་། སློབ་མ་དང་། མི་དཀྱུས་མ་ཚོ་ལ་སྐར་ཁུང་གློག་ཀླད་ཀྱིས་མ་འགྲིག་པ་མེད་དེ། སློབ་སྦྱོང་གི་ཆ་རྐྱེན་ཙམ་དང་བཀོལ་སྤྱོད་ཙམ་འདིས་ཡོང་ཞིང་། རིན་གོང་ཡང་ཆུང་ཆུང་རེད། གཙོ་གནད་གསུམ། 1.རྒྱུ་སྤུས་དང་ཁྱད་ཆོས། 2.གོང་ཚད། 3.འགན་ལེན་དང་ཞུབས་ཞུ།

རིགས་དབྱེ།   ལག་རྩལ།སྲ་ཆས།

དྲ་བྱང་།

དྲ་བྱང་ནི་སྦྲེལ་ལམ་བང་རིམ་དུ་ལས་ཀ་བྱེད་པའི་དྲ་རྒྱའི་སྒྲིག་ལྷུ་དང་། ཁྱབ་ཆུང་དྲ་རྒྱའི་ཁྲོད་དུ་རྩིས་འཁོར་དང་རྒྱུད་གཏོང་བར་རྫས་ཀྱི་མཐུད་ཁ་ཡིན་པ་དང་། ཁྱབ་ཆུང་དྲ་རྒྱའི་རྒྱུད་གཏོང་བར་རྫས་བར་གྱི་དངོས་ལུགས་འབྲེལ་མཐུད་དང་གློག་གི་བརྡ་རྟགས་ཟླ་སྒྲིག་ཡོང་བ་མངོན་འགྱུར་བྱེད་པ་མ་ཟད། ད་དུང་ལྡེབ་ཀྱི་གཏོང་ལེན་དང་ལྡེབ་ཀྱི་ཐུམ་སྒྲིལ་དང་ཐུམ་བཤིག་པ། བར་རྫས་ལྟ་སྤྱོད་ཚོད་འཛིན་དང་གཞི་གྲངས་ཨང་སྒྲིག་དང་གསང་འགྲོལ། དེ་བཞིན་གཞི་གྲངས་ལྷོད་གསོག་གི་བྱེད་ལས་སོགས་ལྡན་པའོ།། རྒྱ་ཡིག་གི་མིང་། 网卡 ཕྱི་ཡིག་གི་མིང་། network adapter མིང་གཞན། དྲ་རྒྱའི་འཚམ་སྒྲིག་ཆས། དྲ་རྒྱའི་མཐུད་ཁའི་བྱང་བུ།

རིགས་དབྱེ།   ལག་རྩལ།སྲ་ཆས།

སྐར་ཁུང་དཀར་ཆག་བོད་ཡིག་གིས་བཟོ་སྟངས།

ད་སྐབས་རྩིས་འཁོར་གང་ལ་བལྟས་ཀྱང་རང་ཉིད་ཀྱིས་རྒྱ་ཡིག་དང་ཡང་ན་དབྱིན་ཡིག་ཅུང་ཙམ་མ་ཤེས་ཚེ་བེད་སྤྱོད་མེད་པ་ལྟ་བུའི་ཚོར་བ་ཞིག་བོད་མི་རྣམས་ལ་རང་ཤུགས་ཀྱིས་སྟེར་ངེས་ཡིན། དེའི་ཕྱིར་རྒྱ་ཡིག་དང་དབྱིན་ཡིག་མ་ཤེས་ཚེ་རང་ཉིད་ལྐུག་པ་ཞིག་ཡིན་པས་བོད་ཡིག་ཅི་ཙམ་ཤེས་ཀྱང་སྐད་ཡིག་གཞན་ཞིག་མ་ཤེས་ཚེ་ལྐུག་པར་རྩི་བའི་འདུ་ཤེས་འདིས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལའང་ཁྱད་གསོད་དང་། ཡང་ན་རིན་ཐང་མེད་པར་བརྩི་བཞིན་པ་ནི་གླེན་རྟགས་ཁོ་ན་རེད། སྤྱིར་ན་ང་ཚོ་ལ་དེ་ལྟ་བུའི་དཀའ་ངལ་ ཞིག་ཀྱང་འཕྲད་བཞིན་ཡོད་མོད། དེ་ནི་ད་ལྟ་ཧི་གཟུགས་དང་སྨོན་ལམ་ལྟ་བུ་རྒྱལ་སྤྱིའི་ཨང་རྟགསUnicodeའདི་བཟོས་པ་ནས་བཟུང་ང་ཚོའི་སྐད་ཡིག་ལ་རྩིས་འཁོར་ནང་རམ་འདེགས་མི་དམན་པ་བྱས་ཡོད། ད་ལྟ་ཁྱོད་ཀྱི་རྩིས་འཁོར་ནང་གི་དྲ་རྒྱ་དང་འཕྲིན་གཏོང་སོགས་གང་མང་ལ་བོད་ཡིག་སྤྱོད་ཐུབ་པ་མ་ཟད། ད་དུང་སྐར་ཁུང་དང་འདྲ་པར་དང་ཡིག་རིགས་གང་ལའང་དཀའ་ངལ་མེད་པར་བོད་ཡིག་གི་སྒོ་ནས་མིང་འབྲི་ཐུབ།

རིགས་དབྱེ།   ལག་རྩལ།སྲ་ཆས།

བརྙན་མིག

བརྙན་མིག་གི་མིང་གཞན་ལ་གློག་ཀླད་ཀྱི་པར་ཆས་དང་གློག་ཀླད་མིག གློག་རྡུལ་མིག་སོགས་སུ་འབོད་པ་དང་། དེ་ནི་བརྙན་ཟློས་ནང་འཇུག་གི་སྒྲིག་ཆས་ཤིག་ཡིན། སྤྱོད་རྒྱ་ཆེ་བའི་སྒོ་ནས་བརྙན་འཕྲིན་ཚོགས་འདུ་དང་རྒྱང་བསྟེན་སྨན་བཅོས་དང་། དུས་ལྟར་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་ཕྱོགས་ལ་བེད་སྤྱོད་བྱེད་ཀྱི་ཡོད། སྤྱིར་བཏང་གི་མིས་ཀྱང་བརྙན་མིག་ལ་བརྟེན་ནས་དྲ་རྒྱའི་སྟེང་གཟུགས་བརྙན་དང་སྒྲ་ལྡན་པའི་སྒོ་ནས་ཕན་ཚུན་གླེང་མོལ་དང་འབྲེལ་འདྲིས་བྱེད་ཆོག རྒྱ་ཡིག་གི་མིང་། 摄像头 ཕྱི་ཡིག་གི་མིང་། camera བྱེད་ལས། པར་ལེན་དང་བརྙན་ཕབ། མཐུད་ཁའི་རིགས་དབྱེ།

རིགས་དབྱེ།   ལག་རྩལ།སྲ་ཆས།

ལག་འཁྱེར་གློག་ཀླད།

ལག་འཁྱེར་གློག་ཀླད་ལ་ཟིན་བྲིས་ཅན་དང་ལག་འཁྱེར་རམ་ཡང་ན་པུས་མོའི་སྟེང་གི་གློད་ཀླད་ཀྱང་ཟེར་བ་དང་། དེ་ནི་འཁྱེར་བདེ་བའི་མི་སྒེར་གློག་ཀླད་ཆུང་གྲས་ཀྱི་རིགས་ཤིག་ཡིན། དེའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ནི་བོངས་ཚད་ཇེ་ཆུང་ནས་ཇེ་ཆུང་དང་། ལྗིད་ཚད་ཇེ་ཡང་ནས་ཇེ་ཡང་ཡིན་པ་མ་ཟད། བྱེད་ནུས་སྔར་ལས་ལྷག་པར་སྟོབས་ཆེན་དུ་འགྱུར་བཞིན་ཡོད། ལག་འཁྱེར་གློག་ཀླད་དངPCཡི་ཁྱད་པར་གཙོ་བོ་ནི་དེར་འཁྱེར་བཞིན་རང་བཞིན་ལྡན་པ་ཡིན་ནོ།། རྒྱ་ཡིག་གི་མིང་། 笔记本电脑 ཕྱི་ཡིག་གི་མིང་། NoteBook Computer ལྗིད་ཚད། སྤྱི་རྒྱ1-3 ཆེ་ཆུང(དབྱིན་ཚུན) 14 17 15 13 12སོགས་ཡོད། མཚམས་སྦྱོར་མདོར་བསྡུས།

རིགས་དབྱེ།   ལག་རྩལ།སྲ་ཆས།

གསོག་ཆས།

གནས་སྐབས་གསོག་འཇོག་གམ་ཡང་ན་ཡུན་རིང་གསོག་འཇོག་བྱེད་པའི་གཞི་གྲངས་ཀྱི་གློག་རྡུལ་དང་། ཁབ་ལེན། སྐུལ་ལྕག རྫས་འགྱུར་སོགས་ཀྱི་ཐོན་རྫས་ཤིག་ཡིན་ལ། རྩིས་འཁོར་ནང་སྤྱིར་བཏངROMདངRAM སྲ་ཆས་དང་དེ་བཞིན་ཞོར་འབྲེལ་སྐུལ་ཆས་སོགས་ཚུད་ཡོད། རྒྱ་ཡིག་གི་མིང་། 储存器 ཕྱི་ཡིག་གི་མིང་། Memory རིགས་དབྱེ། འབྲི་ཀློག་གམ་ཡང་ན་ཕྱི་གསོག་ཁོ་ན་ཀློག་པ། ནང་གསོག་ཆས། ནང་གསོག་ཆས་ནི་ཐད་ཀརCPUདང་སྦྲེལ་ཡོད་ལ།  གསོག་ལེན་མྱུར་ཚད་ཅུང་མགྱོགས་པའི་གློག་རྡུལ་གྱིས་གྲུབ་མོད། འོན་ཀྱང་གསོག་ཉར་ཤོང་ཚད་ཅུང་ཆུང་།

རིགས་དབྱེ།   ལག་རྩལ།སྲ་ཆས།

གློག་གསོག་ཆས།

གློག་གསོག་ཆས་ནི་ཟློས་མཐོ་གློག་ཁུངས་ཀྱི་ལག་རྩལ་དང་སྔོན་ཐོན་གྱི་རིག་ནུས་འགུལ་རྣམ་སྤྱད་དེ་གློག་གསོག་ལག་རྩལ་ལེགས་སྒྲིག་བྱེད་པའི་རིགས་ཤིག་ཡིན། གློག་འགུལ་འཕྲུལ་ཆས་ནི་སྲོལ་རྒྱུན་གྱི་ལད་ཟློས་གློག་ལམ་གྱི་རྩ་བའི་རིགས་པ་ལ་བརྟེན་ནས་ཇུས་འགོད་བྱས་པ་ཞིག་ཡིན་ཞིང་། འཕྲུལ་འཁོར་ནང་ཁུལ་གྱི་གློག་ཤུགས་ལྷུ་ཆས(དཔེར་ན་གློག་གནོན་སྒྱུར་ཆས་དང་། གློག་ཚོར་འཕྲུལ་ཆས། གློག་སྣོད་སོགས་ལྟ་བུ)ཚང་མ་ཅུང་ཆེ་བ་དང་། སྤྱིར་བཏང་དུ་ཅུང་ཆེ་བའི་འཁོར་སྐྱོད་བྱེད་སྐབས་འཛེར་སྒྲ་ཅུང་ཆུང་བ་ཡོད་མོད།

རིགས་དབྱེ།   ལག་རྩལ།སྲ་ཆས།