རིག་ལྡན་ལྷམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་ལྡན་ལྷམ།
རྒྱ་གར་གྱི་ཀུང་སི་ཞིག་གིས་བཟོས་ཤིང་། མིང་ལ་རིག་ལྡན་ལྷམLechalཟེར་བ་རེད། ལྷམ་འདི་རིགས་སོ་སྔོན་བརྒྱུད་དེ་ལག་ཁྱེར་གྱི་ས་ཁྲའི་ཉེར་སྤྱོད་བྱ་རིམ་ལ་སྦྲེལ་ཆོག་ཅིང་། འདར་འགུལ་བྱས་པའི་ལམ་ནས་ལྷམ་གོན་མཁན་ལ་གཡས་གཡོན་གྱི་ཁ་ཕྱོགས་སྟོན་ཐུབ་བོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
导航鞋
ཕྱི་ཡིག་གི་མིང་།
Lechal
མིང་གཞན།
ལག་ཁྱེར་ཁ་པར་ཕྱོགས་སྟོན་ལྷམ་དང་འཁོར་སྐར་ཕྱོགས་སྟོན་ལྷམ།
གསར་གཏོད་མཁན།
ལའོ་ལུན་སི་དང་ཞཱ་ཨེར་མཱ།
རིན་གོང་།
ཨ་སྒོར་བརྒྱ།
1 མཚམས་སྦྱོར།

རིག་ལྡན་ལྷམ་འདི་རིགས་དང་ནུས་མཚུངས་ཀྱི་རིག་ལྡན་ལྷམ་མཐིལ་ཞིག་ཡོད་པའི་རིན་གོང་ལ་ཨ་སྒོར་བརྒྱ་ཡིན་ཞིང་། རིག་ལྡན་ཐོན་རྫས་འདི་དག་གིས“རྐང་བའི་ཕྱོགས་སྟོན”གྱི་ལག་རྩལ་བེད་སྤྱད་པས། ལྷམ་གོན་མཁན་གྱིས་རིག་ལྡན་འཕྲུལ་ཆས་འདི་དག་ལ་བརྟེན་ནས་རང་ཉིད་ཀྱི་གོམ་གྲངས་སོགས་ཀྱང་བརྩི་ཐུབ།

རིག་ལྡན་ལྷམ་གྱི་གསར་གཏོད་པས་བཤད་རྒྱུར། གལ་སྲིད་མི་ཞིག་གི་ཕྲག་པ་གཡོན་པ་ནས་འཐེན་ཚེ་ཁོ་རང་ཤུགས་ཀྱིས་གཡོན་ཕྱོགས་སུ་འགྲོ་སྲིད་དེ། ཐོན་རྫས་འདི་ཡང་གནས་ལུགས་དེ་ཉིད་རྨང་ལ་བཞག་སྟེ་བཟོས་པ་ཡིན། ལྷམ་དེ་དག་གི་ནང་དུ་ཚོར་ཆས(感应器)བཞག་ཡོད་དེ། རྐང་བའི་འགུལ་སྟངས་ལ་བརྟེན་ནས་ཕྱོགས་སྟོན་ནུས་ལ། བཀོལ་སྤྱོད་པས་བབ་བསྟུན་གྱིས་རིག་ལྡན་ལྷམ་ལ་ཚོད་འཛིན་བྱས་ཆོག ལའོ་ལུན་སི་ཡིས་བཤད་རྒྱུར། རླངས་འཁོར་བསྐོར་དུས་ལག་ཁྱེར་གྱི་ས་ཁྲ་ལ་བལྟས་ཚེ་ཤིན་ཏུ་ཉེན་ཁ་ཆེ་བས། རིག་ལྡན་ལྷམ་གྱིས་འགྲིམ་འགྲུལ་གྱི་དོན་རྐྱེན་མང་པོ་སྔོན་འགོག་བྱ་ཞིང་། ཁ་ཕྱོགས་ཀྱི་ཚོར་ཤེས་མེད་པའི་མི་ལའང་ཕན་ཆེན་པོ་ཐོགས་ཐུབ་ཟེར།  

2 ཐོན་རྫས་གསར་གཏོད་མཁན།

རྒྱ་གར་གྱི་ཧའེ་ཏུ་ལཱ་པཱ་གྲོང་ཁྱེར་གྱི་ལོ30ཅན་གྱི་སྐྱེས་པ་ལའོ་ལུན་སི་དང་ལོ28ཅན་གྱི་སྐྱེས་པ་ཞཱ་ཨེར་མཱ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཁ་ཕྱོགས་སྟོན་ནུས་པའི་རིག་ལྡན་ལྷམ་འདི་གསར་གཏོང་གནང་།

3 ཐོན་རྫས་བཀོད་སྒྲིག

ཕྱོགས་སྟོན་ལྷམ་དེ་ནང་དུ་བཀོལ་བའི་སོ་སྔོན་སྒྲིག་ཆས་དང་ལག་ཁྱེར་ཁ་པར་གྱི་བརྡ་རྟགས་ལ་བརྟེན་ནས་ཕན་ཚུན་འབྲེལ་མཐུད་བྱེད་ཆོག་ལ། ལག་ཁྱེར་ཁ་པར་ནང་གི་ཕྱོགས་སྟོན་ས་ཁྲར་གཞིགས་ནས་བདག་པོར་ཡུལ་སྐོར་ལམ་ཐིག་འཆར་འགོད་བྱེད་པ་ཡིན། ལམ་དུ་འགྲོ་དུས་གཡས་སམ་ཡང་ན་གཡོན་དུ་ཁ་ལོ་བསྒྱུར་དགོས་དུས། ལྷམ་གཉིས་ཀྱིས་སོ་སོ་ནས་འདར་འགུལ་བྱས་ཏེ་ཁ་ཕྱོགས་སྟོན་ངེས་ཡིན། ལམ་སྟོན་ལས་གཞན་དེར་ད་དུང་གློག་རྫས་ཀྱི་འདང་ཡུན་ཤིན་ཏུ་རིང་བའི་བྱེད་ནུས་གལ་ཆེན་ལྡན་པ་དང་། ཉིན་གསུམ་གྱི་ནང་གློག་ཐེངས་གཅིག་གསོག་པས་ཆོག་གོ།

QQ截图20160530160354.jpg.jpg

ཕྱོགས་སྟོན་ལྷམ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།