ཡོངས་འཛིན་རིག་མཛོད། >ལག་རྩལ། >སྲ་ཆས། >གློག་ཀླད།

གཙོ་འཁོར།

གཙོ་འཁོར་ནི་རྩིས་འཁོར་གྱི་ནང་འཇུག་ཕྱིར་འདྲེན་སྒྲིག་ཆས་ཕུད་པའི་འཁོར་གཟུགས་ཁག་ཡིན་ལ། མ་པང་དང་གཞན་པའི་ལྷུ་ལག་འཇོག་སའི་ཚོད་འཛིན་སྒམ་གཟུགས་ཡིན།

རིགས་དབྱེ།  

རིག་ལྡན་རྩིས་འཁོར།

རིག་ལྡན་རྩིས་འཁོར་ནི་འགུལ་རྣམ་འཕེལ་རྒྱས་ཀྱི་དོན་སྤྱི་ཞིག་ཏུ་གྱུར་ཡོད་ལ། དེ་ཐོག་མཐའ་བར་གསུམ་དུ་མདུན་ཕྱོགས་སུ་སྐུལ་འདེད་བྱེད་པའི་རྩིས་འཁོར་ལག་རྩལ་གྱི་འཐབ་ས་མདུན་མ་དེ་ཡིན།

རིགས་དབྱེ།  

གློག་ཀླད་ཉོ་སྟངས།

སྤྱིར་བཏང་ཀུ་ཤུ་གློག་ཀླད་དང་། སྐར་ཁུང་གློག་ཀླད་གཉིས་ལས་གང་ཉོ་དགོས་སམ། དུས་རྒྱུན་བཀོལ་མཁན་དང་། ལས་ཀ་གལ་ཆེན་བྱེད་མཁན་ཚོས་ཀུ་ཤུ་གློག་ཀླད་ཉོས་ན་ཡག སྐར་ཁུང་གློག་ཀླད་ལ་སྐྱོན་ཤོར་སླ་བས། དུས་རྒྱུན་བསྐྱར་རྫོབ་ཡང་སྒྲིག་བྱེད་དགོས་ན་དུས་ཚོད་དང་འགྲོ་སོང་མང་པོ་ཞིག་ཆུད་ཟོས་སུ་གཏོང་གི་རེད་ལ། གལ་ཆེའི་ཡིག་ཆ་ཁག་བརླགས་རྒྱུའི་ཉེན་ཁ་ཡང་ཆེན་པོ་རེད། འོན་ཀྱང་། སློབ་མ་དང་། མི་དཀྱུས་མ་ཚོ་ལ་སྐར་ཁུང་གློག་ཀླད་ཀྱིས་མ་འགྲིག་པ་མེད་དེ། སློབ་སྦྱོང་གི་ཆ་རྐྱེན་ཙམ་དང་བཀོལ་སྤྱོད་ཙམ་འདིས་ཡོང་ཞིང་། རིན་གོང་ཡང་ཆུང་ཆུང་རེད།

རིགས་དབྱེ།  

ཆེས་ཐོག་མའི་གློག་རྡུལ་རྩིས་འཁོར།

འཛམ་གླིང་སྟེང་ཆེས་ཐོག་མའི་གློག་རྡུལ་རྩིས་འཁོར་གྱི་མིང་ལ་ཨའེ་ཉི་ཨ་ཁུ(ENIAC)ཞེས་ཟེར་ཞིང་། དེ་ནི་སྤྱི་ལོ1946ལོར་ཨ་རིའི་པིན་ཞི་ཧྥ་ཉི་ཡཱ་སློབ་ཆེན་གྱི་ཨའེ་ཁུ་ཐུ(Eckert)སོགས་ཀྱིས་ཞིབ་འཇུག་དང་གསར་བཟོ་བྱས་པ་ཡིན། དེར་གློག་རྡུལ་སྦུ་གུ18000ལྷག་དང་གློག་འགོག་དང་གློག་གསོག་སྣོད་ཆས་ཧ་ཅང་མང་པོ་སྒྲིག་ཡོད་ཅིང་། ཆེས་ཐོག་མར་གློག་རྡུལ་གློག་ལམ་བེད་སྤྱད་ནས་རྩིས་རྒྱག་མངོན་འགྱུར་བྱུང་ཡོད།

རིགས་དབྱེ།