འོད་འཁྱུག་མེད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཆར་ཆས་ཀྱི་གསར་འདོན་ཕྱོད60Hzལས་དམའ་བའི་སྐབས་སུ། མིག་ལ་མངོན་སུམ་དུ་འོད་འཁྱུག་དང་ངལ་དུབ་ཀྱི་ཚོར་སྣང་སྟེར་བ་ཡིན་ལ་གསར་འདོན་ཕྱོད་ཇི་ལྟར་མཐོ་དེ་ལྟར་དུ་མིག་ལ་འོད་འཁྱུག་གི་ཚོར་སྣང་མེད་པར་བཟོ་ཐུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无闪烁
དཀར་ཆག
1 གོ་དོན།

གལ་ཏེ་འཆར་ཆས་གསར་འདོན་ཕྱོད་མི་མགྱོགས་ན། མངོན་པའི་བག་ཆགས་ལ་འོད་འཁྱུག་གི་ཚོང་སྣང་ཡོད་པ་དང་། སྤྱིར་བཏང་དུ་གསར་འདོན་ཕྱོད60Hzལས་དམའ་བའི་སྐབས་སུ། མིག་ལ་མངོན་སུམ་དུ་འོད་འཁྱུག་དང་ངལ་དུབ་ཀྱི་ཚོར་སྣང་སྟེར་བ་ཡིན་ལ། འཆར་ཆས་ལག་རྩལ་ནི་བརྙན་འཕྲིན་འཕེལ་རྒྱས་ལས་བྱུང་བ་རེད། ཆེས་ཐོག་མའི་འཆར་ཆས་གསར་འདོན་ཕྱོད་ནི60Hzཡིན་པ་མ་ཟད། ཕྲེང་བགོམ་བཤར་འབེབས་བྱེད་པ་དང་འོད་འཁྱུག་ཚོར་སྣང་ཧ་ཅང་ཛ་དྲག་ཡིན། 1996ལོར། འཆར་ཆས་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། འཆར་ཆས་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་ཁག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྲེང་བགོམ་བཤར་འབེབས་བསྒྱུར་ཏེ་ཕྲེང་ལྟར་བཤར་འབེབས་བྱས་པ་རེད། འོན་ཀྱང་སྔར་བཞིན་འོད་འཁྱུག་གི་ཚོར་སྣང་ཡོད་པ་རེད། 1996ལོར། VESAརྒྱལ་སྤྱིའི་རྩ་འཛུགས་ཀྱིས་འོད་འཁྱུག་མེད་ཚད་གཞི་གཏན་འབེབས་བྱས་པ་དང་། 75Hzནི་འོད་འཁྱུག་མེད་ཀྱི་རྣམ་པ་བྱས་པ་རེད། ཡིན་ཡང་སྔར་བཞིན་བརྒྱ་ཆའི་ལྔ་ཡི་མི་ལ་འོད་འཁྱུག་ཚོར་སྣང་ཡོད་པ་རེད། 1997ལོར། VESAརྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཡང་བསྐྱར་ཚད་གཞི་གསར་བ་ཞིག་གཏན་འབེབས་བྱས་པ་དང་། 85Hzཕྲེང་ལྟར་བཤར་འབེབས་ནི་འོད་འཁྱུག་མེད་ཚད་གཞི་བྱས་པ་དང་། གསར་འདོན་ཕྱོད=[ཐགས་ཞེང/བརྙན་རིས་འབྱེད་ཕྱོད]×0.744(བཤར་འབེབས་བཏགས་གྲངས)མཐོང་ཐུབ་པ་ནི་ཐག་ཞེང་ཆེ་བའི་འཆར་ཆས་ཀྱིས་ད་གཟོད་ཤན་འབྱེད་ཕྱོད་མཐོ་བའི་འོག་ཏུ་འོད་འཁྱུག་མེད་གསར་འདོན་ཟློས་ཕྱོད་མཐོན་པོ་འདོན་སྤྲོད་བྱེད་ཐུབ་བོ།།





དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། སྲ་ཆས། གཞན་དག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།