འཕྲུལ་འཁོར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

འཕྲུལ་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ལག་རྩལ།)

འཕྲུལ་འཁོར།
འཕྲུལ་འཁོར་ནི་ལྕགས་རིགས་དང་ལྕགས་རིགས་མིན་པའི་ལྷུ་ལག་སྣ་ཚོགས་ལས་གྲུབ་པའི་སྒྲིག་ཆས་ཤིག་ཡིན་ལ། ནུས་ཁུངས་ཟད་གྲོན་བྱས་ན་འཁོར་སྐྱོད་དང་རྩོལ་བ་བྱེད་ཐུབ། དེ་ནི་མིའི་ངལ་རྩོལ་གྱི་ཚབ་བྱེད་པ་དང་། ནུས་ཚད་འགྱུར་ལྡོག་གཏོང་བ། ཆ་འཕྲིན་ཐག་གཅོད་བྱེད་པ། དེ་བཞིན་ནུས་པ་ཐོན་པ་བཅས་ཡིན། འཕྲུལ་འཁོར་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་མོད། འོན་ཀྱང་ཉེ་རབས་ཀྱི“འཕྲུལ་འཁོར”ནི་ནུབ་ཕྱོགས་ཀྱི་བཟོ་ལས་གསར་བརྗེ་བྱས་རྗེས་གཞི་ནས་རིམ་བཞིན་གསར་གཏོད་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
机器
ཕྱི་ཡིག་གི་མིང་།
Machine
སྒྲིག་ཆས།
ལྕགས་རིགས་དང་ལྕགས་རིགས་མིན་པའི་ལྷུ་ལག་ལས་གྲུབ་པའི་སྒྲིག་ཆས།
རིགས་དབྱེ།
ཐོག་མའི་འཕྲུལ་འཁོར་དང་ལས་སྒྲུབ་འཕྲུལ་འཁོར།
གྲུབ་ཆ།
སྒུལ་ཤུགས་དང་། བརྒྱུད་འགུལ། ལག་བསྟར། ཚོད་འཛིན་བཅས་ཡིན།
1 ངོ་སྤྲོད་མདོར་བསྡུས།

འཕྲུལ་འཁོར་ཞེས་པ་ནི་སྒྲིག་སྦྱོར་བྱས་པའི་སྒྲིག་ཆས་ལ་ཟེར་ཞིང་། འཁོར་སྐྱོད་བྱས་ཏེ་མིའི་ངལ་རྩོལ་གྱི་ཚབ་བྱེད་པ་དང་ནུས་ཚད་བརྗེ་སྒྱུར་བྱེད་པ་ཡང་ན་ནུས་པ་ཐོན་པར་བྱེད་པ་ལ་ཟེར། འཕྲུལ་འཁོར་ནི་སྤྱིར་བཏང་དུ་སྒུལ་ཤུགས་ཀྱི་ཁག་དང་བརྒྱུད་སྒུལ་གྱི་ཁག  ལག་བསྟར་གྱི་ཁག་དང་ཚོད་འཛིན་གྱི་ཁག་བཅས་ཀྱིས་གྲུབ་པ་ཡིན།

ནུས་ཚད་ཀྱི་ངོས་ནས་བཤད་ན། འཕྲུལ་འཁོར་གྱིས་འཕྲུལ་ཆས་ཀྱི་ནུས་པ་བཀོལ་སྤྱོད་དང་བརྗེ་སྤོར་བྱེད་པའི་སྒྲིག་ཆས་སྤྱད་དེ་རྣམ་པ་གཞན་པའི་ནུས་ཚད་དེ་འཕྲུལ་ཆས་ཀྱི་ནུས་པའི་ཐོག་མའི་འཕྲུལ་འཁོར་དུ་བསྒྱུར་བ་སྟེ། དཔེར་ན་ནང་འབར་འཕྲུལ་འཁོར་དང་། གློག་སྒུལ་འཕྲུལ་འཁོར། གློག་སྒུལ་འཕྲུལ་འཁོར་སོགས་ལྟ་བུ། འཕྲུལ་ཆས་ཀྱི་ནུས་པ་སྤྱད་དེ་ལས་སྒྲུབ་འཕྲུལ་འཁོར་ཏེ། དཔེར་ན་འཁོར་སྟེགས་དང་ལྗིད་འདེགས་འཕྲུལ་འཁོར། གནོན་བཙིར་འཕྲུལ་འཁོར་སོགས་ལྟ་བུའོ། ཚན་རིག་ལག་རྩལ་གོང་དུ་འཕེལ་བ་དང་ཆབས་ཅིག་འཕྲུལ་འཁོར་གྱི་གོ་དོན་ཡང་རྒྱུན་ཆད་མེད་པར་གསར་སྒྱུར་དང་འགྱུར་ལྡོག་འབྱུང་བཞིན་ཡོད།

2 སྒྲིག་གཞིའི་རིགས་དབྱེ།

འཕྲུལ་འཁོར(Machine)ནི་ལྕགས་རིགས་དང་ལྕགས་རིགས་མིན་པའི་ལྷུ་ལག་སྣ་ཚོགས་ལས་གྲུབ་པའི་སྒྲིག་ཆས་ཤིག་ཡིན་ལ། ནུས་ཁུངས་ཟད་གྲོན་བྱས་ན་འཁོར་སྐྱོད་དང་རྩོལ་བ་བྱེད་ཐུབ་ལ་མིའི་ངལ་རྩོལ་གྱི་ཚབ་བྱེད་པ་དང་། ནུས་ཚད་འགྱུར་ལྡོག་གཏོང་བ། དེ་བཞིན་ནུས་པ་ཐོན་པ་བཅས་བྱེད་ཀྱིན་ཡོད། འཕྲུལ་འཁོར་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་མོད།འོན་ཀྱང་ཉེ་རབས་ཀྱི“འཕྲུལ་འཁོར”ནི་ནུབ་ཕྱོགས་ཀྱི་བཟོ་ལས་གསར་བརྗེ་བྱས་རྗེས་གཞི་ནས་རིམ་བཞིན་གསར་གཏོད་བྱས་པ་རེད།

3 གྲུབ་ཚུལ།

1.སྒུལ་ཤུགས་ཀྱི་ཁག་ནི། འཕྲུལ་འཁོར་ནུས་ཚད་ཀྱི་འབྱུང་ཁུངས་ཡིན་པ་དང་། དེས་ནུས་ཚད་སྣ་ཚོགས་འཕྲུལ་འཁོར་གྱི་ནུས་པ(འཕྲུལ་ཆས་ཀྱི་ནུས་པ་ཡང་ཟེར)འགྱུར་བ་རེད།

2.བྱ་བའི་ཁག་ནི།   འཕྲུལ་འཁོར་གྱི་དམིགས་བསལ་བྱེད་ལས་ཐད་ཀར་མངོན་འགྱུར་དང་། ཐོན་སྐྱེད་ལས་འགན་གྱི་ཁག་ཡོངས་འགྲུབ་བྱེད་དགོས།

3.བརྒྱུད་སྒུལ་གྱི་ཁག་ནི།   བྱ་བའི་བླང་བྱ་ལྟར་སྒུལ་ཤུགས་ཁག་གི་འགུལ་སྐྱོད་དང་སྒུལ་ཤུགས་བརྒྱུད་སྤྲོད་སྒྱུར་བའམ་ཡང་ན་བྱ་བའི་ཁག་ལ་བགོས་པའི་བར་གྱི་སྒྲིག་ཆས།

4.ཚོད་འཛིན་གྱི་ཁག་ནི། འཕྲུལ་འཁོར་གྱི་འགོ་རྩོམ་པ་ཚོད་འཛིན་དང་། རླངས་འཁོར་འཇོག་པ། འགུལ་སྐྱོད་གྲངས་ཀ་སྒྱུར་བ་བཅས་ཀྱི་ཁག་དེ་ཡིན།

4 ཁྱད་ཆོས་གཙོ་བོ།

1.དེ་ཚོ་ཚང་མ་མི་ཞིག་གི་དངོས་པོ་སྡེབ་སྒྲིག་བྱས་པ་ཤ་སྟག་རེད།

2.དེ་དག་གི་ཆ་ཤས་སོ་སོའི་བར་བལྟོས་བཅས་ཀྱི་འགུལ་སྐྱོད་ངེས་གཏན་ཞིག་ཡོད་པ་སྟེ། དེའི་ནང་གི་གཅིག་གནས་ཡུལ་ངེས་ཅན་ཞིག་ཡོད་ཚེ། དེ་བྱིངས་ཀྱི་ལྷུ་ལག་སོ་སོའི་གནས་ཡུལ་ཡང་དེ་དང་ཆབས་ཅིག་ཏུ་གཏན་ཁེལ་བ་རེད།

3.ཐོན་སྐྱེད་བྱེད་རིང་དེ་དག་གིས་མིའི་རིགས་ཀྱི་ངལ་རྩོལ་གྱི་ཚབ་བྱས་ཏེ་སྤྱོད་གོ་ཆོད་པའི་འཕྲུལ་ཆས་ཀྱི་རྩོལ་བ(དཔེར་ན་གཞོག་སྟེགས་ཀྱི་གཞོག་བྱེད་ལྷུ་ལག)དང་ཡང་ན་འཕྲུལ་ཆས་ཀྱི་ནུས་པ་བརྗེ་ཐུབ་པ(དཔེར་ན་གློག་འདོན་འཕྲུལ་འཁོར་གྱིས་འཕྲུལ་ཆས་ཀྱི་ནུས་པ་དེ་གློག་ནུས་དང་ནང་འབར་འཕྲུལ་འཁོར་གྱིས་ཚ་ནུས་དེ་འཕྲུལ་ཆས་ཀྱི་ནུས་པར་བསྒྱུར་ཐུབ)

དུས་མཉམ་དུ་གོང་གསལ་གྱི་ཁྱད་ཆོས་གསུམ་ལྡན་པ་ལ་འཕྲུལ་འཁོར་ཟེར།

5 བླང་བྱ། 
5_1 བྱེད་ནུས་བཀོལ་སྤྱོད་ཀྱི་བླང་བྱ།

འཕྲུལ་འཁོར་ལ་སྔོན་བཀོད་ཀྱི་བཀོལ་སྤྱོད་བྱེད་ནུས་ལྡན་དགོས། དེ་ནི་གཙོ་བོ་ཡང་དག་པའི་སྒོ་ནས་འཕྲུལ་འཁོར་གྱི་ལས་ཀའི་རྩ་བའི་རིགས་པ་འདེམས་པ་དང་། ཡང་དག་པའི་སྒོ་ནས་བྱེད་ནུས་ཀྱི་བླང་བྱ་འདོན་ཐུབ་པའི་ལག་བསྟར་སྒྲིག་གཞི་དང་། བརྒྱུད་སྒུལ་སྒྲིག་གཞི། ཐོག་མའི་འཕྲུག་ཆས་བཅས་ལ་ལུགས་དང་མཐུན་པའི་སྒོ་ནས་དགོས་ངེས་ཀྱི་རམ་འདེགས་མ་ལག་བཀོད་སྒྲིག་བྱས་ནས་མངོན་འགྱུར་བྱེད་དགོས།

5_2 དཔལ་འབྱོར་རང་བཞིན་གྱི་བླང་བྱ།

འཕྲུལ་འཁོར་གྱི་དཔལ་འབྱོར་རང་བཞིན་དེ་ཇུས་འགོད་དང་། བཟོ་སྐྲུན། བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་མངོན་པ་ཡིན་ལ།  འཕྲུལ་འཁོར་ཇུས་འགོད་བྱེད་སྐབས་ཕྱོགས་ཡོངས་ནས་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱ་དགོས། ཇུས་འགོད་དང་བཟོ་སྐྲུན་བྱས་པའི་དཔལ་འབྱོར་རང་བཞིན་གྱི་མཚོན་ཚུལ་ནི་འཕྲུལ་འཁོར་གྱི་མ་རྩ་དམའ་བ་དང་།  དཔལ་འབྱོར་རང་བཞིན་གྱི་མཚོན་ཚུལ་ནི་ཐོན་སྐྱེད་བྱེད་ཚད་མཐོ་བ།  ལས་ཆོད་ཆེ་བ། ནུས་ཁུངས་ཟད་གྲོན་དམའ་བ། དེ་བཞིན་དོ་དམ་དང་སྲུང་སྐྱོང་འགྲོ་གྲོན་དམའ་བ་སོགས་ཡིན།

5_3 ​ངལ་རྩོལ་སྲུང་སྐྱོབ་ཀྱི་བླང་བྱ།

འཕྲུལ་འཁོར་དེ་ཁྲིམས་སྲོལ་གྱི་བླང་བྱ་དང་མཐུན་དགོས་པ་དང་། འཕྲུལ་འཁོར་འཁོར་སྐྱོད་བྱེད་སྐབས་ཀྱི་འཛེར་སྒྲའི་ཆུ་ཚད་ཇེ་དམའ་རུ་བཏང་སྟེ། དུག་ལྡན་དང་གནོད་ལྡན་གྱི་ཟགས་ཆུ་སྔོན་འགོག་བྱེད་པ་དང་ཙོག་ཆུ་དང་རླངས་རོ། གཤེར་རོ་བཅས་ལ་བཅོས་སྐྱོང་བྱེད་དགོས།  དེ་དང་ཆབས་ཅིག་བདེ་འཇགས་སྒྲིག་ཆས་དང་ཉེན་བརྡའི་སྒྲིག་ཆས། བརྡ་སྟོན་སྒྲིག་ཆས་སོགས་འཐུས་སྒོ་ཚང་དུ་གཏོང་དགོས།

5_4 བློས་འགེལ་ཆོག་པའི་ཚད་ཀྱི་བླང་བྱ།

བློས་འགེལ་ཆོག་པའི་ཚད་ཞེས་པ་ནི་འཕྲུལ་འཁོར་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་འོག་དང་གཏན་འབེབས་བྱས་པའི་དུས་ཚོད་ནང་གཏན་འབེབས་བྱས་པའི་ནུས་པ་ལེགས་སྒྲུབ་བྱེད་པའི་ནུས་པར་ཟེར་ཞིང་བློས་འགེལ་ཆོག་པའི་ཚད་གཞི་སྤྱད་ནས་ཚད་འཇལ་བྱེད་དགོས། འཕྲུལ་འཁོར་གྱི་བློས་འགེལ་ཆོག་པའི་ཚད་ནི་གཏན་འབེབས་བྱས་པའི་བེད་སྤྱོད་དུས་ཚོད་ནང་དང་སྔོན་བཀོད་ཁོར་ཡུག་འོག་འཕྲུལ་འཁོར་གྱིས་རྒྱུན་ལྡན་གྱི་ལས་ཀ་བྱེད་ཐུབ་པར་ཟེར། འཕྲུལ་འཁོར་མི་འདྲ་བར་དེའི་བློས་འགེལ་ཆོག་པའི་བླང་བྱ་ཡང་མི་འདྲ་སྟེ། མི་ལུས་བདེ་འཇགས་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སོགས་དང་འབྲེལ་བ་ཡོད་པའི་འཕྲུལ་ཆས་སྒྲིག་ཆས་གལ་ཆེན་དཔེར་ན་མཁའ་འགྲུལ་ཡོ་བྱད་དང་མཁའ་སྐྱོད་འཕྲུལ་ཆས།  གློག་འདོན་འཕྲུལ་ཚན་སོགས་ཚུད་ཡོད། དེའི་བློས་འགེལ་ཆོག་པའི་ཚད་ཀྱི་སྤྱིར་བཏང་གི་བླང་བྱ་ཚང་མ99%ཡན་ཡིན་དགོས། 

6  སྤྱོད་སྒོ་དང་ཉེར་སྤྱོད།

འཕྲུལ་ཆས་ཀྱི་རིགས་ལ་སྣ་ཁ་མང་པོ་ཡོད་དེ། ཕྱོགས་མི་འདྲ་བ་འགའ་ནས་དབྱེ་ན་ཆོག་པ་སྟེ། དཔེར་ན། བྱེད་ནུས་ལྟར་སྒུལ་ཤུགས་འཕྲུལ་ཆས་དང་། དངོས་པོའི་རིགས་ཀྱི་འཕྲུལ་ཆས། འཕྲུལ་ཆས་ཐལ་བའི་རྡུལ་དུ་བརླགས་པ་སོགས་ཡོད། ཞབས་ཞུའི་ཐོན་ལས་ལྟར་དབྱེ་ན། གཏེར་རིའི་འཕྲུལ་ཆས། འཁལ་འཐག་འཕྲུལ་ཆས་སོགས་ཡོད། ལས་ཀའི་རྩ་བའི་རིགས་པ་ལྟར་དབྱེ་ན་ཚ་ཤུགས་འཕྲུལ་ཆས་དང་། གཤེར་གཟུགས་འཕྲུལ་ཆས། སྐྱེ་དཔེ་འཕྲུལ་ཆས་སོགས་ཡོད།

དེ་མིན་འཕྲུལ་ཆས་ལ་ཞིབ་འཇུག་དང་། གསར་སྤེལ། ཇུས་འགོད། བཟོ་སྐྲུན། བེད་སྤྱོད་སོགས་བྱེད་པའི་བརྒྱུད་རིམ་ནང་ལས་ཀ་ཁ་ཤས་ཀྱི་ངོ་བོ་མི་འདྲ་བའི་དུས་རིམ་བརྒྱུད་དགོས། དུས་རིམ་མི་འདྲ་བར་གཞིགས་ན། འཕྲུལ་ཆས་བཟོ་སྐྲུན་དེ་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་གཞོགས་འདེགས་བྱེད་པའི་མ་ལག་ཏུ་དབྱེ་ཆོག་པ་སྟེ། དཔེར་ན་འཕྲུལ་ཆས་ཚན་རིག་ཞིབ་འཇུག་དང་། འཕྲུལ་ཆས་ཇུས་འགོད། འཕྲུལ་ཆས་བཟོ་སྐྲུན། འཕྲུལ་ཆས་བེད་སྤྱོད། ཉམས་གསོ་སོགས་ཡིན།

ཕྱོགས་མི་འདྲ་བར་བགོས་ཡོད་པའི་རིག་ཚན་སྣ་མང་གི་མ་ལག་ཕན་ཚུན་བསྣོལ་རེས་བྱས་པས། འཕྲུལ་ཆས་བཟོ་སྐྲུན་ལ་རིག་ཚན་བརྒྱ་ལྷག་ཡོད། དཔེར་ན། ནུས་པ་ལྟར་བགོས་པའི་སྒུལ་ཤུགས་འཕྲུལ་ཆས་དང་། དེ་དང་ལས་ཀའི་རྩ་བའི་རིགས་པ་ལྟར་བགོས་པའི་ཚ་ཤུགས་འཕྲུལ་ཆས་དང་། རྒྱུག་གཟུགས་འཕྲུལ་ཆས། རྒྱུ་མེད་འཕྲུལ་ཆས། ཕར་བསྐྱར་འཕྲུལ་ཆས། རླངས་སྒུལ་འཕྲུལ་ཆས། ཉིང་རྡུལ་སྒུལ་ཤུགས་སྒྲིག་ཆས། ནང་འབར་འཕྲུལ་ཆས། འབར་རླུང་འཁོར་སྒུལ་འཕྲུལ་འཁོར་བཅས་དང་དེ་བཞིན་ལས་རིགས་ལྟར་བགོས་པའི་ལྟེ་བའི་གློག་ཚུགས་སྒྲིག་ཆས་དང་། བཟོ་ལས་སྒུལ་ཤུགས་སྒྲིག་ཆས། ལྕགས་ལམ། གྲུ་གཟིངས་འཁོར་སྒུལ་འཕྲུལ་འཁོར་ལས་གྲྭ། རླངས་འཁོར་ལས་གྲྭ་སོགས་ཚང་མར་རྙོག་འཛིང་ཆེ་བའི་སྣོལ་སྡེབ་དང་འབྲེལ་བ་ཡོད། གྲུ་སྤྱོད་རླངས་སྒུལ་འཕྲུལ་འཁོར་ནི་སྒུལ་ཤུགས་འཕྲུལ་ཆས་ཡིན་ལ། ཚ་ཤུགས་འཕྲུལ་ཆས་དང་། གཤེར་གཟུགས་འཕྲུལ་ཆས་དང་སིམ་སྙོམས་འཕྲུལ་ཆས་དང་། དེ་ནི་གྲུ་གཟིངས་སྒུལ་ཤུགས་སྒྲིག་ཆས་དང་རླངས་སྒུལ་སྒུལ་ཤུགས་སྒྲིག་ཆས་དང་། ཕལ་ཆེར་ཉིང་རྡུལ་སྒུལ་ཤུགས་སྒྲིག་ཆས་སོགས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཕྲུལ་འཁོར། གྲུབ་ཆ། བྱེད་སྒོ
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།