སྲ་ཆས་མ་ལག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲ་ཆས་མ་ལག
སྲ་ཆས་མ་ལག་ཅེས་པ་ནི་རྩིས་འཁོར་གྲུབ་པའི་དངོས་ལུགས་སྒྲིག་ཆས་ཏེ། འཕྲུལ་ཆས་དང་། འོད། གློག་སྡུད་ཆས་བཅས་ཀྱིས་གྲུབ་པའི་རྩིས་རྒྱག་དང་ཚོད་འཛིན། གསོག་ཉར། ནང་འདྲེན། ཕྱིར་གཏོང་བཅས་ཀྱི་ནུས་པ་ལྡན་པའི་ལྷུ་ལག་དངོས་ལ་ཟེར། དཔེར་ན།CPUདང་། གསོག་ཆས་དང་། མཉེན་སྡེར་སྐུལ་ཆས་དང་། སྲ་སྡེར་སྐུལ་ཆས་དང་། འཕྲུལ་འཁོར་སྒུལ་ཆས། འཕྲུལ་འཁོར་ཧྲིལ་བོའི་ནང་གི་གཙོ་འཁོར་དང་། པར་ཆས། རི་མོ་འབྲི་ཆས། སྒྲིག་སྦྱོར་སྒྲིག་འགྲོལ་ཆས་སོགས་ལྟ་བུ། འཕྲུལ་འཁོར་ཧྲིལ་པོའི་སྲ་ཆས་ལ“སྲ་ཆས”ཞེས་ཀྱང་ཟེར། གློག་རྡུལ་མ་ལག་རྙོག་འཛིང་ཅན་དུ་གྱུར་བ་དང་བསྟུན་ནས། མ་ལག་ཇུས་འགོད་ནི་རིག་ཚན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། སྲོལ་རྒྱུན་གྱི་བྱེད་ཐབས་དེ་དུས་རབས་ཀྱི་འཕེལ་རྒྱས་དང་མི་འཚམ་པར་གྱུར། འཕེལ་རྒྱས་མགྱོགས་པའི་མཉེན་ཆས་དང་སྲ་ཆས་མཉམ་སྡེབ་ཇུས་འགོད་ལག་རྩལ་ལ་མི་རྣམས་ཀྱིས་མཐོང་ཆེན་བྱེད་བཞིན་ཡོད། དེ་ནི་མ་ལག་དམིགས་ཚད་ཀྱི་བླང་བྱའི་མཛུབ་ཁྲིད་འོག་མ་ལག་གི་མཉེན་ཆས་དང་སྲ་ཆས་ཀྱི་ནུས་པ། ད་ཡོད་ཀྱི་ཐོན་ཁུངས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད་མ་ལག་གི་མཉེན་ཆས་དང་སྲ་ཆས་དབར་གྱི་མཉམ་ཐོན་རང་བཞིན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྔོག་འདོན་བྱས་ཏེ། མཉེན་ཆས་དང་སྲ་ཆས་མ་ལག་གི་གྲུབ་ཆ་མཐུན་སྦྱོར་དང་ཇུས་འགོད་བྱས་ཏེ་མ་ལག་གི་ལས་དོན་དེ་ལས་ཀའི་རྣམ་པ་ཡག་ཤོས་སུ་འགྱུར་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
硬件系统
ནང་དོན།
རྩིས་འཁོར་གྱི་དངོས་ལུགས་སྒྲིག་ཆས།
དཔེར་འཇོག
CPUདང་གསོག་ཆས།   མཉེན་སྡེར་སྐུལ་ཆས།
རྣམ་པ།
དངོས་གཞིའི་ལྷུ་ལག
1 ​སྲ་ཆས་མ་ལག་གི་སྒྲིག་གཞི་གསུམ་དུ་དབྱེ་ཡོད།
1_1 མ་སྐུད་རྐྱང་པའི་སྒྲིག་གཞི།

མ་ལག་གི་མ་སྐུད་སྐོར་ཞིག་གིས་རྩིས་འཁོར་མ་ལག་གི་ཁག་སོ་སོའི་བར་དུ་མ་སྐུད་བརྒྱུད་ནས་ཆ་འཕྲིན་བརྗེ་རེས་བྱེད་ཆོག་ལ།   སྒྲིག་གཞི་འདིའི་རིགས་ཀྱི་བཟང་ཆ་ནིI/Oསྒྲིག་གཞི་གསར་པ་བཟོ་སླ་བར་མ་ཟད། I/Oསྒྲིག་གཞི་སྣ་ཚོགས་ཀྱི་འཛིན་ཆས་དང་གསོག་ཆས་གཙོ་བོའི་གསོག་འཇོག་སྡེ་ཚན་གྱིས་གཅིག་གྱུར་གྱི་གནས་ཡུལ་སྒྲིག་འགོད་བྱས་ཏེ། UI/Oསྒྲིག་གཞི་ལ་འཚམས་འདྲི་བྱས་ན་སྟབས་བདེ་ཞིང་གང་ལ་གང་འཚམ་ཡིན། དེའི་ཞན་ཆ་ནི་དུས་མཉམ་དུ་མ་སྐུད་སྟེང་གི་སྒྲིག་འགོད་ཆ་གཅིག་གི་བར་དུ་ཕན་ཚུན་ལ་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་དུ་བཅུག་ཆོག་པ་སྟེ། དུས་བགོས་ཏེ་མ་སྐུད་བཀོལ་སྤྱོད་བྱས་ཆོག་པ་དང་ཆ་འཕྲིན་སྐྱེལ་བའི་ཚད་ཚོད་འཛིན་བྱས་ཡོད། སྒྲིག་གཞི་འདིའི་རིགས་སྤྱིར་བཏང་དུ་རྩིས་འཁོར་ཆུང་གྲས་སུ་བཀོལ་བཞིན་ཡོད།

1_2 མ་སྐུད་ཟུང་མའི་སྒྲིག་གཞི།

ཆ་འཕྲིན་བརྒྱུད་སྐྱེལ་གྱི་འཇུར་མིག་མེད་པར་བཟོ་ཆེད་རྒྱུན་དུ་ཚོགས་ཆུང་མང་པོའི་མ་སྐུད་བཀོད་སྒྲིག་བྱེད་ཀྱིན་ཡོད། སྒྲིག་གཞི་འདིའི་རིགས་ཀྱི་བཟང་ཆ་ནི་སྐུད་ལམ་ཚོད་འཛིན་སྟབས་བདེ་ཡིན་པ་དང་། དེའི་སྐྱོན་ཆ་ནིCPUཡི་བྱ་བའི་ལས་ཆོད་ཅུང་དམའ་སྟེ། I/Oསྒྲིག་ཆས་དང་གཙོ་གསོག་བར་གྱི་ཆ་འཕྲིན་བརྗེ་རེས་དེCPUབརྒྱུད་དེ་སྤེལ་དགོས། གསོག་ཆས་ལྟེ་བར་བྱས་པའི་མ་སྐུད་གཉིས་ཀྱི་སྒྲིག་གཞི་ཁྲོད་གསོག་ཉར་ཆས་གཙོ་བོས་མ་སྐུད་དང་མ་ལག་མ་སྐུད I/Oསྒྲིག་ཆས་བརྒྱུད་ནས་ཆ་འཕྲིན་བརྗེ་རེས་བྱས་ཆོག དེའི་སྐྱོན་ཆ་ནི་མཁྲེགས་ཆས་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་དགོས།

1_3 རྒྱུ་ལམ་གྱི་རྒྱུད་ཁོངས་སྒྲིག་གཞི་ཆེ་གྲས་བེད་སྤྱོད་བྱེད་པ།

མ་ལག་གི་བྱེད་ནུས་རྒྱ་བསྐྱེད་པ་དང་མ་ལག་གི་ལས་ཆོད་མཐོར་འདེགས་གཏོང་ཆེད། རྩིས་འཁོར་མ་ལག་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ་རྒྱུ་ལམ་གྱི་སྒྲིག་གཞི་བཀོལ་སྤྱོད་བྱེད་བཞིན་ཡོད། I/Oཚོད་འཛིན་ཆས་གཅིག་གིསI/Oསྒྲིག་ཆས་གཅིག་གམ་ཡང་ན་མང་པོ་ཞིག་སྦྲེལ་ཐུབ། དེར་བརྟེན་དེར་རྒྱ་སྐྱེད་གཏོང་ས་ཅུང་ཆེན་པོ་ཡོད་པ་དང་། གཞན་ཡང་རྒྱུ་ལམ་གྱིསI/Oསྒྲིག་ཆས་ལ་དོ་དམ་དང་ཚོད་འཛིན་བྱས་ཏེ། CPUཡི་ཁུར་པོ་ཇེ་ཡང་དུ་བཏང་བ་དང་མ་ལག་ཧྲིལ་པོའི་ལས་ཆོད་ཇེ་མཐོར་གཏོང་དགོས།

1_4 སྲ་ཆས་མ་ལག་ཆུང་ཤོས།

ནང་འཇུག་ཅན་གྱི་མ་ལག་གི་སྲ་ཆས་ཇུས་འགོད་ནི་དེའི་བཀོལ་སྤྱོད་བྱ་ཡུལ་དང་བཀོལ་སྤྱོད་མ་ལག་མི་འདྲ་བས་ཁྱད་པར་ཡོད། སྤྱིར་བཏང་གི་གནས་ཚུལ་འོག་ཏུ་སྤྱོད་མཁན་གྱིས་རང་ཉིད་ཀྱི་རེ་བ་ལྟར་འོས་འཚམ་གྱི་སྒྲིག་གཅོད་ཆས་ཕྲ་མོའི་རིགས་བདམས་ཆོག་པ་དང་། བབ་མཐུན་གྱི་གློག་ལམ་ལ་གཞིགས་ནས་རིགས་མི་འདྲ་བར་བཀོད་སྒྲིག་བྱས་ཏེ་སྤྱོད་སྒོ་མི་འདྲ་བ་དང་གཞི་ཁྱོན་མི་འདྲ་བའི་ཉེར་སྤྱོད་མ་ལག་གྲུབ་ཆོག མ་ལག་དེ་དག་གི་གཞི་ཁྱོན་ཇི་ཙམ་ཆེ་ཡང་སྲ་ཆས་ཀྱི་ཐོག་ནས་བལྟས་ཚེ་ལྟེ་བའི་གློག་ལམ་ལས་གྲུབ་པའི་མ་ལག་ཆུང་ཤོས་དང་དེ་བཞིན་ཕྱིའི་སྒྲིག་ཆས་སྣ་ཚོགས་ལ་མཁོ་བའི་ཕྱིའི་གློག་ལམ་ལ་དབྱེ་ཆོག རྒྱུན་ལྡན་གྱི་སྲ་ཆས་མ་ལག་ཆུང་ཤོས་ནི་སྒྲིག་གཅོད་ཆས་དངSDRAM  FLASHབཅས་ཀྱིས་གྲུབ་པའི་གསོག་འཇོག་གློག་ལམ་དང་དེའི་ཐོག་དགོས་ངེས་ཀྱི་རམ་འདེགས་གློག་ལམ་ལས་གྲུབ་པའི་ལྟེ་བའི་མ་ལག་ལ་ཟེར། སྲ་ཆས་མ་ལག་ཆེས་ཆུང་བ་ནི་སྲ་ཆས་མ་ལག་ཡོངས་ཀྱི་ལྟེ་བའི་ཆ་ཤས་ཡིན་པར་མ་ཟད་དེའི་གྲུབ་སྟངས་ཀྱིས་ཀྱང་གཞུང་ཆས་མ་ལག་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། དེའི་སྒྲིག་གཞི་གྱིས་གཞུང་ཆས་མ་ལག་གི་ཆེས་དམའ་རིམ་དུ་གནས་པའིBootloarཡི་ཇུས་འགོད་ཐག་གཅོད་བྱས་ཡོད་པ་དང་། དུས་མཚུངས་སུ་དེ་བསྒར་ཚུལ་བཀོལ་སྤྱོད་མ་ལག་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་པའི་རྨང་གཞི་ཡང་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲ་ཆས། སྲ་ཆས་མ་ལག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-12

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།