ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་རིགས། >གཞན་དག

རྔ་བ་ཧུང་ཡོན་གནམ་གྲུ་ཐང་།

རྔ་བ་ཧུང་ཡོན་གནམ་གྲུ་ཐང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་གི་ལུང་ཟི་ཐང་དུ་ཆགས་ཡོད་ལ། སྤྱི་ལོ2014ལོར་གནམ་གྲུ་འཕུར་འགོ་བརྩམས་ཤིང་། དེ་ནི་གཟི་རྩ་སྡེ་དགུའི་གསེར་མཚོའི་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་བྱས་རྗེས་ཀྱི་རྔ་བ་ཁུལ་གྱི་གནམ་གྲུ་ཐང་གཉིས་པ་ཡིན་པ་རེད།

རིགས་དབྱེ།  

APECདབུ་ཚོགས།

ཡ་ཞིའི(ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ་གཉིས་ཀྱི་བསྡུས་མིང)རྒྱལ་ཁབ་ཁག་གིས་དཔལ་འབྱོར་མཉམ་ལས་བྱེད་སའི་སྟེགས་བུ་ཞིག་ཡིན་ཏེ། ཕྱི་ཕྱོགས་སུ་སྒོ་འབྱེད་ལམ་ལུགས་ཀྱི་སྟེང་ནས་ཕན་ཚུན་འདྲ་མཉམ་དང་བརྩི་སྲུང་བྱེད་པའི་རྩ་དོན་སྟེང་ནས་གཙོ་བོ་མཉམ་ལས་དང་ཉོ་ཚོང་། མ་རྩ་གཏོང་བ་བཅས་ཀྱི་སྟེང་ནས་ཡ་གླིང་གི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པའི་ཚོགས་པ་ཞིག་ཡིན།

རིགས་དབྱེ།  

རྒྱལ་རྒྱུགས།

དེ་ནི་རྒྱལ་ཁབ་གཞུང་ཞབས་པའི་ཡིག་རྒྱུགས་ལ་གོ།

རིགས་དབྱེ།  

ངལ་རྩོལ་གན་རྒྱའི་ཡི་གེ

ངལ་རྩོལ་གན་རྒྱ་ནི་ངལ་རྩོལ་མཁན་དང་ཁེ་ལས། རྒྱལ་ཁབ་ལས་ཁུངས། ལས་དོན་ལས་ཁུངས། དམངས་སྒྲུབ་ཁེ་ལས་མིན་པའི་ལས་ཁུངས། ཁེར་རྐྱང་གི་དཔལ་འབྱོར་རྩ་འཛུགས་སོགས་མི་སྤྱོད་ལས་ཁུངས་ཀྱི་བར་དུ་འབྲི་བའི་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་མངོན་གསལ་ཡིན་པའི་གྲོས་ཆིངས་ལ་ཟེར།

རིགས་དབྱེ།  

ལེགས་རྨོས་ཞིང་ལས།

དེ་ནི་གཙོ་བོ་ཕྱུགས་ཟོག་གི་ཤེད་ཤུགས་ལ་བརྟེན་ནས་ས་ཞིང་སློག་སྟེ་འདེབས་འཛུགས་བྱེད་པ་སྟེ། ཞིང་ལ་ཡུར་ཆུ་འདྲེན་པ་དང་ལུད་རྫས་འཇོག་པ་སོགས་བྱེད་ཅིང་། དེའི་ཞིང་ལས་ཐོན་ཚད་ཅུང་མཐོ་ཞིང་ཐོན་རྫས་མང་དུ་ལྷག་པས་མི་གྲངས་མང་པོ་ཞིག་འཚོ་གནས་བྱ་ནུས་སོ། །

རིགས་དབྱེ།  

ཁེ་ལས་སྡེ་ཁག

ཁེ་ལས་སྡེ་ཁག་ནི་སྤྱིར་བཏང་ཐོན་སྐྱེད་རང་བཞིན་གྱི་སྡེ་ཁག་ལ་ཟེར་ཞིང་། རྒྱལ་ཁབ་ལ་དབང་པའི་ཁེ་ལས་ནི་ཐོན་སྐྱེད་ཀྱི་ཁྱད་དབང་ཡོད་ཚད་རྒྱལ་ཁབ་ལ་དབང་པའི་ཁེ་ལས་སྡེ་ཁག་ལ་ཟེར། རྒྱལ་ཁབ་ལ་དབང་པའི་ཁེ་ལས་ཞེས་པ་ནི་རྒྱལ་ཁབ་ཀྱིས་ཁེ་ལས་དེ་གའི་མ་རྩའི་བདག་དབང་ཡོད་ཚད་བཟུང་ཡོད་པའམ་ཚོད་འཛིན་བྱེད་པའི་དབང་ཆ་བཟུང་ཡོད་པ་ལ་ཟེར། སྲིད་གཞུང་གི་འདོད་བློ་དང་ཁེ་ཕན་གྱིས་རྒྱལ་ཁབ་ལ་དབང་པའི་ཁེ་ལས་ཀྱི་བྱེད་ཕྱོགས་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ལ་དབང་པའི་ཁེ་ལས་ནི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་པའི་རྐང་འཛིན་སྟོབས་ཤུགས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ཡང་ཡིན།

རིགས་དབྱེ།  

ཕྱོགས་ལྷུང་མི་སྒེར་རིང་ལུགས།

མི་སྒེར་རམ་ཡང་ན་མི་ཉུང་ཤས་ཤིག་གི་དམིགས་ཡུལ་འགྲུབ་ཆེད། མཇུག་འབྲས་སམ་ཡང་ན་རིན་དོད་གང་ལའང་མི་འཛེམ་པར་ཕྱོགས་ལྷུང་གི་བྱེད་ཐབས་སྤྱད་དེ་སྤྱི་དམངས་དང་། རང་ལས་གཞན་པའི་མི། ཆབ་སྲིད་འགོ་ཁྲིད་ཚོགས་པ་བཅས་ལ་འཇིགས་སྐུལ་བྱེད་པ་སོགས་ལ་ཟེར་ཞིང་། དེ་ལ་དབྱེ་ན་ཆོས་ལུགས་ཕྱོགས་ལྷུང་རིང་ལུགས་དང་། ཕྱོགས་ལྷུང་འཇིགས་སྐུལ་རིང་ལུགས། མི་རིགས་ཕྱོགས་ལྷུང་རིང་ལུགས་བཅས་སོ།། དེ་དག་གི་བྱེད་ཐབས་ལ་བཙན་ཁྲིད་དང་ལྐོག་གསོད་སོགས་ཡོད་ལ། བྱེད་ཐབས་ཧ་ཅང་གདུག་རྩུབ་ཆེ།

རིགས་དབྱེ།  

ཆབ་སྲིད་བསམ་བློ།

ཆབ་སྲིད་བསམ་བློ་ནི་སྤྱི་ཚོགས་ཀྱི་ཁོངས་མིས་ཆབ་སྲིད་ཀྱི་ཉམས་མྱོང་དང་ཆབ་སྲིད་ཀྱི་ཚོར་སྣང་ཤེས་རྟོགས་བྱས་པའི་རྨང་གཞིའི་ཐོག་ཆབ་སྲིད་ཀྱི་སྣང་ཚུལ་ལ་རྗེས་དཔག་གི་ཤེས་རྟོགས་བྱས་པ་ཞིག་དང་། ཆབ་སྲིད་ཀྱི་སྣང་ཚུལ་ཁྲོད་གནས་པའི་འབྲེལ་བ་དང་དེའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྤྱི་མཚན་དང་གཏན་ཚིགས་ཀྱིས་འགྲེལ་བཤད་བྱས་པ་ཞིག་ཡིན། དེར་བརྟེན། ཆབ་སྲིད་བསམ་བློ་ནི་བརྒྱུད་རིམ་ལྡན་པ་དང་། ཆ་ཚང་ཞིང་ཚགས་དམ་པའི་ཆབ་སྲིད་བསམ་གཞིགས་ཀྱི་གྲུབ་འབྲས་དང་འདུ་ཤེས་འཛིན་སྟངས་ཤིག་ཡིན། ཆབ་སྲིད་བསམ་བློ་ནི་སྤྱིར་བཏང་ཆབ་སྲིད་བསམ་བློ་དང་ཆབ་སྲིད་དད་མོས། ཆབ་སྲིད་གཞུང་ལུགས་བཅས་ཀྱིས་གྲུབ་པ་ཡིན།

རིགས་དབྱེ།  

ཆབ་སྲིད་བསམ་བློ།

ཆབ་སྲིད་བསམ་བློ་ནི་སྤྱི་ཚོགས་ཀྱི་ཁོངས་མིས་ཆབ་སྲིད་ཀྱི་ཉམས་མྱོང་དང་ཆབ་སྲིད་ཀྱི་ཚོར་སྣང་ཤེས་རྟོགས་བྱས་པའི་རྨང་གཞིའི་ཐོག་ཆབ་སྲིད་ཀྱི་སྣང་ཚུལ་ལ་རྗེས་དཔག་གི་ཤེས་རྟོགས་བྱས་པ་ཞིག་དང་། ཆབ་སྲིད་ཀྱི་སྣང་ཚུལ་ཁྲོད་གནས་པའི་འབྲེལ་བ་དང་དེའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྤྱི་མཚན་དང་གཏན་ཚིགས་ཀྱིས་འགྲེལ་བཤད་བྱས་པ་ཞིག་ཡིན། དེར་བརྟེན། ཆབ་སྲིད་བསམ་བློ་ནི་བརྒྱུད་རིམ་ལྡན་པ་དང་། ཆ་ཚང་ཞིང་ཚགས་དམ་པའི་ཆབ་སྲིད་བསམ་གཞིགས་ཀྱི་གྲུབ་འབྲས་དང་འདུ་ཤེས་འཛིན་སྟངས་ཤིག་ཡིན། ཆབ་སྲིད་བསམ་བློ་ནི་སྤྱིར་བཏང་ཆབ་སྲིད་བསམ་བློ་དང་ཆབ་སྲིད་དད་མོས། ཆབ་སྲིད་གཞུང་ལུགས་བཅས་ཀྱིས་གྲུབ་པ་ཡིན།

རིགས་དབྱེ།  

རྒྱལ་སྤྱིའི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན།

རྒྱལ་སྤྱིའི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན་ཞེས་པ་ནི་ནད་རིགས་བརྒྱུད་དེ་རྒྱལ་སྤྱིའི་སྟེང་དུ་མཆེད་པས་རྒྱལ་ཁབ་གཞན་དག་ལ་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་ཉེན་ཁ་བཟོས་ཤིང་། གྲོས་དོན་གཅིག་གྱུར་གྱིས་རྒྱལ་སྤྱིའི་ཐག་གཅོད་བྱེད་ཐབས་ལག་བསྟར་བྱེད་དགོས་སྲིད་པའི་རྒྱུན་ལྡན་མིན་པའི་དོན་རྐྱེན་ལ་ཟེར།

རིགས་དབྱེ།  

རྒྱུ་སྤུས་གསར་བརྗེ།

འདི་ནི་ཐོན་རྫས་ཀྱི་གྲུབ་ཚུལ་དང་རྒྱུ་སྤུས། སྤུས་རྟགས་སྐྱེད་སྲིང་སོགས་ཀྱི་སྒྱུར་བཅོས་ལ་གོ

རིགས་དབྱེ།  

ལས་བཟོ་པའི་འཐུས་མིའི་ཚོགས་ཆེན།

ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་ནི་ལས་བཟོ་པས་རང་ཁྱིམ་རང་བདག་བྱེད་པ་དང་། ཁེ་ལས་གཉེར་སྐྱོང་གི་ཇུས་གཞི་ཐག་གཅོད་དང་། དོ་དམ། ལྟ་སྐུལ། དམངས་གཙོའི་ཁེ་དབང་སྤྱོད་པ་བཅས་ཀྱི་ནང་ཞུགས་པའི་དབང་ཆའི་ལས་ཁུངས་ཤིག་ཡིན།

རིགས་དབྱེ།  

གསར་འགྱུར་མི་ཆོས།

གསར་འགྱུར་མི་ཆོས་ནི་གསར་འགྱུར་ཁྱབ་སྤེལ་ལས་རིགས་ཀྱི་སྤྱི་ཡོངས་དང་། གསར་འགྱུར་སྨྱན་སྦྱོར་དངོས་ཚན(ཚགས་པར་ཁང་དང་། རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ཁང་། དྲ་ཚིགས་སོགས་གསར་འགྱུར་རྩ་འཛུགས་ཚུད)དང་གསར་འགྱུར་ལས་སྒྲུབ་པ(རྩོམ་སྒྲིག་དང་། གསར་འགོད་པ། རྒྱང་བསྒྲགས་པ། གཙོ་སྐྱོང་སོགས་ཚུད)གསར་འགྱུར་ཁྱབ་སྤེལ་བྱེད་སྒོའི་ཁྲོད་ཀྱི་རིན་ཐང་གཉེར་ཕྱོགས་དང་། ཀུན་སྤྱོད་ཀྱི་མཚོན་ཚུལ། རྒྱུན་ལྡན་གྱི་བྱ་སྤྱོད། ཀུན་སྤྱོད་ཚད་གཞི་སོགས་ཀྱི་སྤྱི་བསྡོམས་ཡིན།

རིགས་དབྱེ།  

སྤྱི་ཕན་བྱ་གཞག

སྤྱི་ཕན་བྱ་གཞག་ནི་ཐད་ཀར་རམ་གཞན་བརྒྱུད་ཀྱི་སྒོ་ནས་དཔལ་འབྱོར་བྱེད་སྒོ་དང་། སྤྱི་ཚོགས་ཀྱི་བྱེད་སྒོ། ཡུལ་མིའི་འཚོ་བར་ཞབས་འདེགས་ཞུ་བའི་སྡེ་ཁག་དང་། ཁེ་ལས། སྒྲིག་བཀོད་སོགས་ལ་ཟེར། གཙོ་བོ་རང་འབབ་ཆུ་ཐོན་སྐྱེད་མཁོ་སྤྲོད་མ་ལག་དང་། སྤྱི་པའི་འགྲིམ་འགྲུལ་མ་ལག གློག་དང་དྲོད་རླངས་དྲོད་མཁོ་འདོན་མ་ལག འཕྲོད་བསྟེན་བདེ་སྲུང་མ་ལག རིག་གནས་སློབ་གསོའི་མ་ལག ལུས་རྩལ་རོལ་རྩེད་མ་ལག ཡིག་ཟམ་གློག་འཕྲིན་མ་ལག སྐྱེད་ཚལ་ལྗང་སྒྱུར་མ་ལག་སོགས་ཡོད།

རིགས་དབྱེ།  

འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་ཆེན།

སྤྱི་ལོ2021ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་ཆེན་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཚན་རྩལ་པུའུ། ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཀྲུང་གོ་བཟོ་སྐྲུན་གླིང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས། ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས། གོ་ལ་ཧྲིལ་པོའི་ཁེ་ལས་འབྲིང་ཆུང་མནའ་འབྲེལ། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།

རིགས་དབྱེ།  

གྲངས་འཛིན་ཐོན་ལས།

གྲངས་འཛིན་ཐོན་ལས་ནི་ཆ་འཕྲིན་ལས་སྣོན་བྱ་ཡུལ་དུ་བྱེད་པ་དང་། གྲངས་ཀའི་ལག་རྩལ་ལས་སྣོན་བྱེད་ཐབས་སུ་བྱེད་པ། འདུ་ཤེས(སྒྲ་ཡངས་འཇུག་གི་འདུ་ཤེས་དོན་སྤྱི)ཀྱི་ཐོན་རྫས་གྲུབ་འབྲས་སུ་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་ཁག་ཏུ་ཞུགས་ནས་ཚོང་རར་བྱེད་པ། རང་ཉིད་ལ་ཁེ་སྤོགས་མངོན་གསལ་དོད་པོ་མེད་ཀྱང་ཐོན་ལས་གཞན་དག་གི་ཁེ་སྤོགས་མཐོ་རུ་གཏོང་ཐུབ་པའི་སྤྱི་པའི་ཐོན་ལས་ལ་ཟེར།

རིགས་དབྱེ།  

གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཐོག་ལས་བཟོ་བ།

བསྡོམས་རྩིས་ཐོག་སྤྱོད་བཞིན་པའི“གྲོང་ཁྱེར་དང་གྲོང་རྡལ་སྡེ་ཚན་གྱི་ལས་ཐོག་ལས་བཟོ་བ”ཞེས་པ་ནི་རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐུན་མོང་དཔལ་འབྱོར་དང་། མཉམ་གཉེར་དཔལ་འབྱོར། མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར། ཕྱི་རྒྱལ་གྱི་ཚོང་བ་དང་། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་མ་འཇོག་དཔལ་འབྱོར། དཔལ་འབྱོར་སྡེ་ཚན་གཞན་དག་དང་དེའི་ཞོར་གཏོགས་ལས་ཁུངས་སུ་ལས་ཀ་བྱེད་པ་མ་ཟད། དེས་གླ་ཕོགས་སྤྲོད་པའི་ལས་ཞུགས་མི་སྣ་སྣ་ཚོགས་ལ་ཟེར་ཞིང་། དེར་གཙོ་བོ་ལས་ཁུངས་དང་བྱ་གཞག་སྡེ་ཚན། དེ་བཞིན་རྒྱལ་ཁབ་ལ་དབང་བ་དང་། ཐུན་མོང་། མ་དངུལ་རིགས་གསུམ་དང་ཕྱི་རྒྱལ་གྱི་མ་དངུལ་སོགས་ཁེ་ལས་སྣ་ཚོགས་ཀྱི་ངལ་རྩོལ་བ་འདུས་པ་ཡིན།

རིགས་དབྱེ།  

གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས་ཀྱི་ལས་བཟོ་བ།

འདི་ནི་རྒྱལ་གཉེར་ཁེ་ལས་ཀྱི་སྐབས་སུ་ཆེད་དུ་ཡོད་པའི་མི་ཚོགས་ཀྱི་འབོད་ཚུལ་ཞིག་ཡིན་པ་དང་ཞང་གྲོང་ཁེ་ལས་ཀྱི་ལས་བཟོ་བ་ཡང་ཟེར།

རིགས་དབྱེ།  

སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ།

སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ནི་སློབ་གྲྭས་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་སློབ་མ་རྩ་འཛུགས་བྱས་ཏེ་སློབ་གྲྭའི་སྒོར་བུད་ནས། སྤྱི་ཚོགས་ལ་རྒྱུས་ལོན་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་སློབ་གསོ་གཏོང་སྟངས་ཤིག་ཡིན།

རིགས་དབྱེ།  

རྒྱལ་ཁབ་ཀྱི་ལས་རིགས་ལག་རྩལ་གྱི་ཚད་གཞི།

རྒྱལ་ཁབ་ཀྱི་ལས་རིགས་ལག་རྩལ་གྱི་ཚད་གཞི་ནི་ལས་རིགས་རིགས་དབྱེའི་རྨང་གཞིའི་ཐོག་ལས་རིགས་བྱེད་སྒོའི་ནང་དོན་གཞིར་བཟུང་སྟེ། ལས་གཉེར་མི་སྣའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་རྩལ་ནུས་ཀྱི་བླང་བྱར་བཏོན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཆུ་ཚད་གཏན་འབེབས་ལ་ཟེར། དེ་ནི་ལས་རིགས་སློབ་གསོའི་གསོ་སྦྱོང་དང་ཤེས་ལྡན་མི་སྣའི་ནུས་རྩལ་གསལ་འབྱེད་གདེང་འཇོག་བྱེད་པའི་གཞི་རྩའི་གཞི་འཛིན་ས་ཡིན།

རིགས་དབྱེ།  

མཐོ་རིམ་དོ་དམ་པ།

མཐོ་རིམ་དོ་དམ་པར་མཐོ་རིམ་དོ་དམ་མི་སྣ་ཡང་ཟེར། དེ་ནི་ཀུང་སིའི་ནང་ཐད་ཀར་ལས་འཛིན་ལྷན་ཚོགས་ལ་སྙན་སེང་ཞུ་བ་དང་། འགན་འཁུར་བ། ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར། ཀུང་སིའི་རྒྱུན་གཏན་གཉེར་སྐྱོང་ཐབས་ཇུས་དང་གཉེར་སྐྱོང་དོ་དམ་འགན་འཁྲི་འཁུར་བ་བཅས་ཀྱི་མཐོ་རིམ་དོ་དམ་མི་སྣ་ཞིག་རེད། སྒྲིག་གཞི་ཆེ་གྲས་དང་རིམ་པ་མང་བའི་ཀུང་སིའི་ནང་སྤྱིར་བཏང་དུ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ཟེར། བྱེ་བྲག་གི་ལས་ཀ་ནི་སྤྱིར་བཏང་དུ་ཕྱི་རོལ་ཁོར་ཡུག་གི་གནས་ཚུལ་ལ་ལྟ་སྐུལ་དང་འགྲེལ་བཤད་བྱེད་པ་དང་། ཀུང་སི་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་ཇུས་ཐག་གཅོད་པ་ཡིན། ཀུང་སིའི་འཐབ་ཇུས་དམིགས་འབེན་གཏན་འབེབས་དང་འཆར་འགོད་བྱེད་འགན་འཁུར་བ་དང་། གཏན་ལ་ཕབ་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་དང་ཐབས་ལམ་གཏན་འབེབས་བྱེད་འགན་འཁུར་བ། ཐོན་ཁུངས་བཀོད་སྒྲིག་དང་། སྒྲིག་འཛུགས། ལྟ་སྐུལ་ཚོད་འཛིན་བཅས་ལུགས་མཐུན་བྱས་ཏེ་ཀུང་སིའི་ལས་སྒོ་རྒྱུན་ལྡན་ངང་གཉེར་སྐྱོང་བྱ་བ་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

རིགས་དབྱེ།  

ལས་ཀའི་འགན་ནུས།

ལས་ཀའི་འགན་ནུས་ཞེས་པ་ནི་ཤེས་བྱ་དང་རྩལ་ནུས་སྐོར་ཞིག་ཡིན་པ་དང་། བྱ་སྤྱོད་དང་རྣམ་འགྱུར་མཉམ་སྒྲིག་བྱས་ནས་མི་སྒེར་གྱི་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བར་རོགས་རམ་བྱེད་ཐུབ་པ་དང་། དེ་ནས་ཁེ་ལས་ཀྱིས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་ནུས་ཤུགས་ལ་སྐུལ་ཁྲིད་བྱེད་ཐུབ།

རིགས་དབྱེ།  

གཞི་རིམ་དོ་དམ་པ།

དོ་དམ་པ་ནི་དོ་དམ་བྱ་སྤྱོད་ཀྱི་བྱེད་པོ་ཡིན་པ་དང་། དོ་དམ་བྱེད་མཁན་ལ་སྤྱིར་བཏང་དུ་བབ་མཚུངས་ཀྱི་དབང་ཆ་དང་འགན་འཁྲི་ཡོད་པ་དང་། དོ་དམ་བྱེད་ནུས་ངེས་ཅན་ལྡན་པའི་དངོས་ཡོད་དོ་དམ་བྱེད་སྒོ་སྤེལ་མཁན་ནམ་མི་ཚོགས་ཀྱིས་གྲུབ་པ་ཡིན། དོ་དམ་པའི་རྩ་འཛུགས་ཁྲོད་ཀྱི་གོ་གནས་ལ་གཞིགས་ནས་དབྱེ་འབྱེད་བྱས་ན། དོ་དམ་པ་ནི་མཐོ་རིམ་དོ་དམ་པ་དང་། འབྲིང་རིམ་དོ་དམ་པ། གཞི་རིམ་དོ་དམ་པ་བཅས་སུ་དབྱེ་ཆོག

རིགས་དབྱེ།  

མིའི་བར་གྱི་འབྲེལ་བའི་རྩལ་ནུས།

མིའི་བར་གྱི་འབྲེལ་བའི་རྩལ་ནུས(interpersonal relationship skill)ནི་དོ་དམ་ནུས་རྩལ་གྱི་གྲས་ཤིག་ཡིན། མི་གཞན་གྱི་བྱ་སྤྱོད་ལ་གོ་བ་ལེན་པ་དང་། བསྒྱུར་བ། འགོ་ཁྲིད་བྱེད་པ། སྐུལ་མ་གཏོང་བ་བཅས་བྱེད་པ་མ་ཟད་མི་གཞན་དང་བྱ་བ་མཉམ་སྒྲུབ་བྱེད་པའི་ནུས་པའང་ལྡན་དགོས།

རིགས་དབྱེ།  

སྒྲིག་ཁྲིད་ཆེད་ལས།

རྒྱང་སྒྲོག་བརྙན་འཕྲིན་རྩོམ་སྒྲིག་འཁྲབ་ཁྲིད་ནི་རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར་འཕེལ་རྒྱས་དང་འཚམ་པའི་ཆེད་ལས་གསར་བ་ཞིག་ཡིན་ཞིང་། རྩོམ་སྒྲིག་འཁྲབ་ཁྲིད་ཀྱི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བ་དང་། སྤྱིར་བཏང་གི་ཤོག་བུའི་སྨྱན་སྦྱོར་གྱི་རྩོམ་སྒྲིག་དང་མི་འདྲ་ལ། གློག་བརྙན་བརྙན་འཕྲིན་ཟློས་གར་གྱི་འཁྲབ་ཁྲིད་པའི་ལས་དོན་དང་ཡང་མི་འདྲ། ངོ་མཚར་ཆེ་བའི་རིག་རྩལ་དགོང་ཚོགས་ཤིག་གམ་ཡང་ན་ཞིབ་ཚགས་ལྡན་པའི་གསར་འགྱུར་ཆེད་དོན་པར་གཞི་ཞིག་ལ་བརྙན་ལེན་དང་གསར་འགོད་པ་སོགས་དུས་མགོའི་ལས་དོན་མི་སྣ་ཕུད་རྩོམ་སྒྲིག་འཁྲབ་ཁྲིད་ཀྱི་ལས་དོན་ལེ་ཚན་ཧྲིལ་བོའི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་པ་རེད། སྔོན་ཆད་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་བཟོ་བའི་བརྒྱུད་རིམ་ནང་འཁྲབ་ཁྲིད་པ་དང་རྩོམ་སྒྲིག་གི་ལས་བགོས་མི་འདྲ་བ་དང་རང་འགན་རང་འཁུར་བྱེད་ཀྱི་ཡོད་པར་བརྟེན་ལས་ཀའི་ལྷུ་ཚིགས་ཁག་ལ་གནད་དོན་ཐོན་སླ་བ་མ་ཟད། བཟོ་སྐྲུན་བྱེད་ཡུན་རིང་ཙམ་ཡོད། ད་ལྟའི་རླུང་འཕྲིན་དང་བརྙན་འཕྲིན་སྨྱན་སྦྱོར་དང་། ལྷག་པར་དུ་བརྙན་འཕྲིན་ལེ་ཚན་གྱི་བཟོ་སྐྲུན་ནི་རྩོམ་སྒྲིག་འཁྲབ་ཁྲིད་ལྟེ་བའི་ལམ་ལུགས་གཙོ་བོར་བྱེད་པ་དང་། རིམ་བཞིན་གྲུབ་པའི་བཅར་འདྲི་དང་རྩོམ་སྒྲིག རྒྱང་སྒྲོག་བཅས་གཅིག་ཏུ་སྒྲིལ་བའི་འཕེལ་ཕྱོགས་ཁྲོད་རྩོམ་སྒྲིག་དང་འཁྲབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

མདོ་འཛིན་པའི་གཏམ་བརྗོད།

མདོ་འཛིན་པའི་གཏམ་བརྗོད་ཞེས་པ་ནི་མདོ་འཛིན་པའི་མིང་ཐོག་ནས་དཔེ་མཚོན་གྱི་གསར་འགྱུར་དོན་རྐྱེན་དང་མང་ཚོགས་ཀྱི་ཡོངས་ཁྱབ་གནད་དོན་ལ་དམིགས་ནས་ཅུང་ཆ་ཚང་བའི་སྒོ་ནས་ཐད་ཀར་མང་ཚོགས་ལ་ལྟ་ཚུལ་གྱི་རྣམ་འགྱུར་གསལ་བཤད་བྱེད་པའི་སྐད་ཆའི་རྣམ་གྲངས་སམ་ལེ་ཚན་གྱི་རྣམ་པ་ལ་ཟེར། དེའི་ཁྱད་ཆོས་གཙོ་བོ་ནི། ཐོབ་ཐང་གི་ཉེ་ཚོར་དང་། ཁ་བྱང་འདེམས་པའི་ཉེ་བའི་རང་བཞིན། རྟོག་བཟོའི་གཏམ་གླེང་གི་རྣམ་པ། ཁྱད་ཆོས་ལྡན་པའི་རང་གཤིས་སོགས་ཡོད།

རིགས་དབྱེ།  

སྡེ་ཁུལ་གྱི་དོ་དམ་སྒྲིག་སྲོལ།

སྡེ་ཁུལ་གྱི་དོ་དམ་སྒྲིག་སྲོལ་ནི་སྡེ་ཁུལ་དོ་དམ་ལས་ཁུངས་ཀྱིས་སྡེ་ཁུལ་འཕེལ་རྒྱས་ཀྱི་དམིགས་འབེན་དང་སྡེ་ཁུལ་གྱི་ལས་ཀའི་འཆར་འགོད་ངེས་ཅན་ཞིག་མངོན་འགྱུར་བྱེད་ཆེད། ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ཞིག་གི་རྒྱལ་ཁབ་ཀྱི་འདོད་བློ་དང་དོ་དམ་གྱི་རྩ་དོན་ལྟར་དོ་དམ་བྱེད་པའི་རྩ་འཛུགས་མ་ལག་དང་འཁོར་སྐྱོད་བྱེད་སྟངས་ལག་བསྟར་བྱེད་པ་དང་། དེས་སྡེ་ཁུལ་དོ་དམ་གྱི་གཞི་རྩའི་ནང་དོན་རྨང་གཞིར་བྱས་ཏེ། སྡེ་ཁུལ་གྱི་ཕྱིའི་ཁོར་ཡུག་དང་སྡེ་ཁུལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཚམ་ཞིང་། སྡེ་ཁུལ་དོ་དམ་ལག་བསྟར་བྱེད་པའི་རྩ་འཛུགས་གྲུབ་ཚུལ་དང་དབང་ནུས་དབྱེ་འབྱེད་དང་དོ་དམ་བྱེད་སྟངས། བྱ་བའི་བྱེད་ཐབས་བཅས་ཀྱི་བསྡོམས་གྲངས་རེད།

རིགས་དབྱེ།  

དངོས་པོའི་ཁེ་ཕན་རྩ་དོན།

དཔལ་འབྱོར་གྱི་བྱེད་སྒོའི་ནང་དང་། ལྷག་པར་དུ་སྲིད་གཞུང་གིས་དཔལ་འབྱོར་གྱི་སྲིད་ཇུས་གཏན་ལ་འབེབས་སྐབས་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ཁག་བར་གྱི་དངོས་པོའི་ཁེ་ཕན་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་དེ་རེད། དངོས་པོའི་ཁེ་ཕན་ནི་དཔལ་འབྱོར་ཁེ་ཕན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་སྔར་བཞིན་དངོས་པོའི་ཁེ་ཕན་ནི་མི་རྣམས་ཀྱིས་ཐོན་སྐྱེད་བྱེད་སྒོ་ཚུད་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བའི་དངོས་པོའི་འགུལ་རྐྱེན་ཡིན་པ་ཁས་ལེན་དང་ཁས་ལེན་བྱ་དགོས་པ་དང་། ཁེ་ཕན་གྱི་གྲུབ་ཆ་གཙོ་བོ་མི་འདྲ་བ་གནས་པ་ཁས་ལེན་དང་ཁས་ལེན་བྱ་དགོས་པར་མ་ཟད། བྱེད་ཕྱོགས་དང་སྲིད་ཇུས་ཡང་དག་པ་སྤྱད་དེ་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ཁག་བར་གྱི་ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་དང་ཐག་གཅོད་བྱས་ཏེ་དཔལ་འབྱོར་རྒྱུན་ལྡན་དུ་འཁོར་སྐྱོད་དང་འཕེལ་རྒྱས་ཡོང་བར་འགན་ལེན་དང་སྐུལ་འདེད་བྱ་དགོས། དངོས་པོའི་ཁེ་ཕན་གྱི་འབྲེལ་བ་ནི་ཐོན་སྐྱེད་འབྲེལ་བའི་མཚོན་ཚུལ་དངོས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་ཐོན་སྐྱེད་རྒྱུ་ཆས་སྤྱི་ལ་དབང་བའི་ལམ་ལུགས་རྨང་གཞིར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་གཏན་འཁེལ་བྱས་པའི་དབང་གིས་མི་རྣམས་ཀྱི་རྩ་བའི་ཁེ་ཕན་གཅིག་མཐུན་ཡིན་པ་དང་། དུས་མཚུངས་སུ་རྒྱལ་ཁབ་དང་། ཐུན་མོང་། ངལ་རྩོལ་པ་མི་སྒེར་བཅས་ཀྱི་དཔལ་འབྱོར་གྲུབ་ཆ་གཙོ་བོ་མི་འདྲ་བ་འདི་དག་གི་བར་ལའང་ཁེ་ཕན་གྱི་འགལ་བ་ངེས་ཅན་ཞིག་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་གྱི་སྲིད་ཇུས་ཡང་དག་པ་ལག་ལེན་བསྟར་ན། ད་གཟོད་གྲུབ་ཆ་གཙོ་བོ་སོ་སོའི་ཁེ་ཕན་ལ་ལྟ་རྟོག་བྱས་ཏེ། སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ཀྱི་མིག་སྔའི་ཁེ་ཕན་དང་ཡུན་རིང་གི་ཁེ་ཕན། ཆ་ཤས་ཀྱི་ཁེ་ཕན་དང་ཁྱོན་ཡོངས་ཀྱི་ཁེ་ཕན་ཟུང་འབྲེལ་བྱེད་ཐུབ།

རིགས་དབྱེ།  

ཐད་གཏོང་ཟོག་ཚོང་།

ཐད་གཏོང་ཟོག་ཚོང་ནི་ཐད་གཏོང་རོལ་རྩེད་ལས་རིགས་ཀྱིས་ཐད་གཏོང་བྱེད་པ་དང་ཆབས་ཅིག་དངོས་ཟོག་འཚོང་བ་ཡིན་པ་དང་། དེའི་རྣམ་པ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། ཐད་གཏོང་ཟོག་ཚོང་གི་རྒྱུ་རྐྱེན་ནི་དྲ་ཐོག་ཚོང་དོན་དར་རྒྱས་བྱུང་བ་དེ་ཡིན་པས་རོལ་རྩེད་ལས་རིགས་ཁག་གཅིག་གི་མིས་རྗེས་སྙེག་བྱས་པ་ལས་བྱུང་བ་དང་རིམ་འགྱུར་བྱུང་བ་རེད།

རིགས་དབྱེ།  

འགོ་ཁྲིད་ཚོགས་སྤྱིའི་གྲུབ་ཚུལ།

འགོ་ཁྲིད་ཚོགས་སྤྱིའི་འཇགས་རྣམ་གྱི་གྲུབ་ཚུལ་ནི་རིམ་པ་མང་བ་དང་། རིགས་མང་བ། རྒྱུ་རྐྱེན་མང་བ་བཅས་ཀྱི་འགུལ་རྣམ་དོ་མཉམ་གཟུགས་ཤིག་ཡིན་པ་དང་། དེ་ནི་གྲུབ་ཚུལ་ཕལ་བ་མང་པོས་གྲུབ་པ་ཡིན། ཤེས་ལྡན་མི་སྣའི་ལས་རིགས་ཀྱི་མི་ལ་ལས་འགོ་ཁྲིད་ཚོགས་སྤྱིའི་གྲུབ་ཚུལ་ནང་གཙོ་བོ་ལོ་ནའི་གྲུབ་ཚུལ་དང་། ཆེད་ལས་ཀྱི་གྲུབ་ཚུལ། ཤེས་བྱའི་གྲུབ་ཚུལ། རིག་ནུས་ཀྱི་གྲུབ་ཚུལ། གཤིས་ཉམས་གྲུབ་ཚུལ་བཅས་ཕྱོགས་ལྔའི་ཐད་ཀྱི་གྲུབ་ཚུལ་ཕལ་ལ་ཚུད་ཡོད།

རིགས་དབྱེ།