APECདབུ་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

APECདབུ་ཚོགས།
ཡ་ཞིའི(ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ་གཉིས་ཀྱི་བསྡུས་མིང)རྒྱལ་ཁབ་ཁག་གིས་དཔལ་འབྱོར་མཉམ་ལས་བྱེད་སའི་སྟེགས་བུ་ཞིག་ཡིན་ཏེ། ཕྱི་ཕྱོགས་སུ་སྒོ་འབྱེད་ལམ་ལུགས་ཀྱི་སྟེང་ནས་ཕན་ཚུན་འདྲ་མཉམ་དང་བརྩི་སྲུང་བྱེད་པའི་རྩ་དོན་སྟེང་ནས་གཙོ་བོ་མཉམ་ལས་དང་ཉོ་ཚོང་། མ་རྩ་གཏོང་བ་བཅས་ཀྱི་སྟེང་ནས་ཡ་གླིང་གི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པའི་ཚོགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚太经济合作组织
ཕྱི་ཡིག་གི་མིང་།
Asia-Pacific Economic Cooperation-APEC
ཚུགས་འགོ
སྤྱི་ལོ1989ལོ།
ཚོགས་མི།
རྒྱལ་ཁབ21དང་། ལྟ་དཔྱད་པ3ཡོད།
སྤྱི་ཁྱབ་པུའུ་ཡི་གནས་ཡུལ།
སིང་ཀ་ཕོར།
1 དབུ་ཚུགས་པའི་རྒྱབ་ལྗོངས། 

ཡ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་གོ་ལ་ཧྲིལ་བོའི་དམག་འཁྲུག་མཇུག་རྫོགས་རྗེས་ཀྱི་དུས་རབས20པའི་ལོ་རབས80སྨད་དུ་དབུ་ཚུགས་པ་ཡིན་ལ། གོ་ལ་ཧྲིལ་བོ་ཞི་བདེའི་ལམ་ལ་སྐྱོད་པའི་དུས་མཚུངས་སུ་འཛམ་གླིང་གི་དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དུ་གྱུར་ནས་ཉོ་ཚོང་གི་མ་རྩ་རང་དབང་ཅན་དུ་གྱུར་བ་དང་ཕྱོགས་ཁུལ་སོ་སོ་ཚོགས་ཁག་ཅན་དུ་གྱུར་ནས་འཛམ་གླིང་སྤྱིའི་འཕེལ་ཕྱོགས་ཤིག་ཏུ་གྱུར། ཡོ་གླིང་དུ་དཔལ་འབྱོར་གཅིག་གྱུར་ཅན་དུ་གྱུར་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་མེ་གླིང་བྱང་མའི་རང་དབང་ཉོ་ཚོང་འཕེལ་རྒྱས་བྱུང་བ་དང་རིམ་བཞིན་ཡ་གླིང་ས་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲོད་ནས་གོ་གནས་ངེས་ཅན་ཞིག་ཟིན་པའི་རྒྱབ་ལྗོངས་ཁྲོད་སྤྱི་ལོ1989ལོའི་ཟླ1པོར་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཧའོ་ཁུ་ལགས་ཀྱིས་ཡ་ཞི་ས་ཁུལ་དུ་ཚོགས་འདུ་བསྡུས་ནས་གྲོས་ཚོགས་སྟེང་རྒྱབ་ཁབ་ཕན་ཚུན་བར་གྱི་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། གྲོས་གྲོགས་ལས་ཨ་རི་དང་ཁ་ན་ཏ། འཇར་པན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། 

2 འཕེལ་རྒྱས་བརྒྱུད་རིམ། 

སྤྱི་ལོ1989ལོའི་ཟླ1པོར་ཡ་ཞིའི་ས་ཁུལ་གྱི་ཚོགས་མིའི་གྲོས་ཚོགས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁན་ཕའེ་ལ་རུ་བསྡུས། ཨོ་སི་ཁྲུ་ལི་ཡ། འཇར་པན། ཨ་རི། ཁོ་རེ་ཡ། ཞིན་ཞི་ལན། ཁ་ན་ཏ་སོགས་འཛམ་གླིང་གི་རྒྱལ་ཁབ་དྲུག་ལྷན་དུ་འཛོམས་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དང་པོ་སྤེལ་བ་དེས་ཡ་ཞིའི་དཔལ་འབྱོར་མཉམ་ལས་དེ་དབུ་ཚུགས་པ་རེད། 

སྤྱི་ལོ1991ལོའི་ཟླ11པར་ཡ་ཞིའི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་དེ་ཁོ་རེ་ཡའི་རྒྱལ་ས་ཧྲོའོ་འེར་དུ་བསྡུས། གྲོས་ཚོགས་བརྒྱུད《ཧྲོའོ་འེར་བསྒྲགས་གཏམ》ལས་ཚོགས་པའི་རྩ་དོན་དང་དམིགས་ཡུལ་བསྟན།

རྩ་དོན་ནི། ས་གནས་མི་དམངས་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་དགོས་པ་དང་ཁོངས་ཞུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་གནས་ལ་སྐུལ་འདེད་གཏོང་བ། ཟུར་དང་ཕྱོགས་མང་པོ་ནས་དཔལ་འབྱོར་ཉོ་ཚོང་གི་ཕྱོགས་རྒྱ་བསྐྱེད་དང་། སྒོ་འབྱེད་རང་བཞིན་གྱི་ཕྱོགས་ལ་ཤུགས་སྣོན་བྱས་ནས་ས་ཁུལ་རང་བཞིན་ཅན་གྱི་ཉོ་ཚོང་དང་མ་རྩ་གཏོང་ཐབས་ཀྱི་བཀག་རྒྱ་གཏོར་ཏེ་ཇེ་ཉུང་དུ་བཏང་ནས་ས་གནས་མི་དམངས་ཀྱི་སྤྱིའི་ཁེ་ཕན་ལ་བརྩི་སྲུང་བྱེད་དགོས། 

དམིགས་ཡུལ་ནི། ཕན་ཚུན་མཉམ་གནས། སྤྱིའི་ཁེ་ཕན། ཕྱོགས་མང་པོའི་ཉོ་ཚོང་ལ་སྒོ་འབྱེད་དང་ཤུགས་སྣོན་བྱེད་པ། 

སྤྱི་ལོ1991ལོའི་ཟླ11པར་ཀྲུང་གོའི་བདག་དབང་རྒྱལ་ཁབ་ཀྱི་ཐོབ་ཐང་ལྟར་ཐེ་ཝན་དང་ཞང་ཀང་གཉིས་ཡ་ཞིའི་དཔལ་འབྱོར་མཉམ་ལས་ཚོགས་པའི་གྲས་སུ་ཞུགས། 

སྤྱི་ལོ1993ལོའི་ཟླ6པར་ཡ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཞེས་བསྒྱུར། བསྡུས་མིང་ལ་ཡ་ཞིའི་དཔལ་འབྱོར་མཉམ་ལས་སམAPECཞེས་བཏགས། 

ཐོག་མའི་གྲོས་ཚོགས་དེ་དངོས་ཞུགས་ལྟར་མ་ཡིན་པར་སྤྱི་ལོ1993ལོའི་ཟླ11པར་ཨ་རིའི་ཞི་ཡ་ཐུའུ་རུ་བསྡུས། ཕྱིས་སུ་ལོ་རེར་གྲོས་ཚོགས་ཐེངས་གཅིག་བསྡུས། ཚོགས་ཞུགས་བར་རེས་འཁོར་ནས་བསྡུས་པ་དང་ཚོགས་པའི་འགོ་ཁྲིད་གྲོས་ཚོགས་སུ་ཞུགས་དགོས། ཀྲུང་གོའི་ཐེ་ཝན་ས་ཁུལ་གྱིས་དཔལ་འབྱོར་དོ་དམ་བྱེད་མཁན་གྱི་འཐུས་མི་ཞུགས་པས་ཆོག

3 རྩ་འཛུགས་རྒྱལ་ཁབ། 

APECལ་ད་ལྟ་ཁོངས་ཞུགས་རྒྱལ་ཁབ21ཡོད་ཅིང་། དེ་དག་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ། བུན་ལེའེ། ཁ་ན་ཏ། ཀྲི་ལེ། ཀྲུང་གོའི་ཞང་ཀང་། ཧིན་རྡུ་ཉི་ཞི་ཡ། འཇར་པན། ཁོ་རེ་ཡ། མའོ་ཞི་ཁོ མ་ལེ་ཞི་ཡ། ཞིན་ཞི་ལན། ཤིན་ཅི་ནེ་ཡ། མའེ་ལོའུ། ཧྥེ་ལེ་པུན།  ཨོ་སི་ཁྲུ་རི་ཡ། སིང་ཀ་ཕོར། ཀྲུང་གོའི་ཐེའི་པེ། ཐེ་ལེན་ཊི། ཨ་རི། ཡོ་ནན་བཅས། 

4 རྩ་འཛུགས་ཚོགས་པའི་ཚོགས་རྟགས། 

ཡ་ཞིའི་དཔལ་འབྱོར་མཉམ་ལས་ཚོགས་པའི་ཚོགས་རྟགས་དེ་སྤྱི་ལོ1991ལོར་བཀོལ་སྤྱོད་བྱས་པ་ཡིན་ལ། ཁ་དོག་ལྗང་གུ་དང་སྔོན་པོ། དཀར་པོ་བཅས་ཟླུམ་གཟུགས་སུ་གྲུབ་ཡོད་ཅིང་། ཚོགས་རྟགས་འདིས་ཡ་ཞིའི་དཔལ་འབྱོར་མཉམ་ལས་ཀྱི་གཙོ་ཆེ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་བཟུང་ཡོད་པར་མ་ཟད། ཡ་ཞིའི་རྒྱལ་ཁབ་ཁག་གི་རེ་བ་དང་སྨོན་འདུན་ཡང་མཚོན་ཡོད། ཚོགས་རྟགས་ཀྱི་མཚོན་དོན་ནི། གོ་ལས་ཞི་བདེ་རྒྱ་མཚོ་ཆེན་མོའི་ཡ་ཞིའི་དཔལ་འབྱོར་མཉམ་ལས་ཀྱི་ཕུང་བོ་དེ་མཚོན་པ་དང་། ལྗང་གུ་དང་སྔོན་པོས་ཡ་ཞིའི་ས་ཁུལ་མི་དམངས་ཀྱི་རེ་འདུན་དང་འཕེལ་རྒྱས། བདེ་སྐྱིད་དང་ཕན་བདེའི་འཚོ་བ་མཚོན་ཡོད། ཁ་དོག་དཀར་པོས་ཞི་བདེ་དང་གཏན་འཇགས་མཚོན་པ་དང་། མཐའ་འཁོར་གྱི་དབྱིབས་གཟུགས་དེས་ཡ་ཞིའི་ས་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་ལྡན་པ་བཅས་མཚོན་ཡོད། དཀྱིལ་གྱིAPECའདི་དག་གིས་ཡ་ཞིའི་ས་ཁུལ་གྱི་ཆེས་མཐོ་བའི་གྲོས་ཚོགས་དེ་མཚོན་བཞིན་ཡོད།

བརྡ་འགྲེལ་གདོང་འཛར།

རྒྱལ་ཁབ། གྲོས་ཚོགས། དཔལ་འབྱོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-26

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།