ལས་རིགས་རྩལ་ནུས་གསོ་སྦྱོང།

ལས་རིགས་རྩལ་ནུས་གསོ་སྦྱོང་ནི་རྒྱལ་ཁབ་ཀྱི་ལས་རིགས་རིགས་དབྱེ་དང་ལས་རིགས་རྩལ་ནུས་ཚད་གཞི་ལྟར་ཚད་ལྡན་རང་བཞིན་གྱི་གསོ་སྦྱོང་ལ་ཟེར། རྒྱལ་ཁབ་ཀྱིས་ལས་གནས་ཁ་ཤས་ངེས་པར་དུ་ལས་རིགས་ཀྱི་གསོ་སྐྱོང་གསོ་སྦྱོང་བྱས་ནས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་རྗེས་གཞི་ནས་ལས་གནས་སུ་ཞུགས་ཆོག

རིགས་དབྱེ།  

ལས་བསྐོས་གསོ་སྦྱོང།

ལས་བསྐོས་གསོ་སྦྱོང་ལ“གོ་གནས་སྤར་བའི་གསོ་སྦྱོང”ཡང་ཟེར། གསོ་སྦྱོང་སྡེ་ཚན་གྱིས་མགོ་ཁྲིད་ཀྱི་གོ་གནས་སྤར་རྩིས་ཡོད་པའི་བླང་བྱ་གཞིར་བཟུང་མགོ་ཁྲིད་ཀྱི་གོ་གནས་སྤར་རྩིས་ཡོད་པའི་གཞུང་ཞབས་པར་ལས་གནས་མ་བཟུང་གོང་ངམ་ཡང་ན་ལས་གནས་བཟུང་རྗེས་ཀྱི་ལོ་གཅིག་ནང་གསོ་སྦྱོང་བྱེད་དགོས།

རིགས་དབྱེ།  

ལས་རིགས་གསོ་སྦྱོང་འཛིན་ཤོག

དེ་ནི་མི་དོན་སྡེ་ཚན་གྱིས་གློག་རྡུལ་སྤྱི་ཚོགས་འགན་བཅོལ་བྱང་བུ་ལ་བརྟེན་ནས་ཆ་རྐྱེན་འཛོམས་པའི་ངལ་རྩོལ་པར་སྤྲད་པའི་བདེན་དཔང་ར་སྤྲོད་དང་། བསྡོམས་རྩིས། དོ་དམ་སོགས་ཀྱི་ནུས་པ་ལྡན་པ་དང་གསོ་སྦྱོང་ཐོན་ཁུངས་དང་གསོ་སྦྱོང་དགོས་མཁོའི་གློག་རྡུལ་དཔང་འཛིན(གློག་རྡུལ་འཛིན་ཤོག)གནད་སྨིན་སྦྲེལ་མཐུད་བྱེད་པ་དེ་ནི་རྒྱལ་ཁབ་ཀྱིས་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་ཆེད། ལས་རིགས་གསོ་སྦྱོང་ལས་དོན་ཆ་འཕྲིན་ཅན་དང་སྟབས་བདེ་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་བའི་བྱ་ཐབས་གསར་བ་ཞིག་ཡིན་པ་རེད།

རིགས་དབྱེ།  

ལས་རིགས་གསོ་སྦྱོང་སློབ་གྲྭ།

དེ་ནི་སྤྱིར་བཏང་དུ་སློབ་གཉེར་བརྒྱུད་རིམ་མ་ཡིན་པའི་རིགས་ཀྱི་སློབ་གསོའི་སློབ་གྲྭ་ལ་ཟེར།

རིགས་དབྱེ།  

བདེ་འཇགས་གསོ་སྦྱོང་།

བདེ་འཇགས་གསོ་སྦྱོང་ནི་བདེ་འཇགས་ཐོན་སྐྱེད་དོ་དམ་ལས་ཀའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། དེ་ནི་ངལ་རྩོལ་པ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱང་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

འཕྲལ་བསྟུན་གསོ་སྦྱོང་།

གློག་ཤུགས་རིག་པའི་བརྡ་ཆད།

རིགས་དབྱེ།