དམངས་འདུན་འཐུས་མི།

དམངས་འདུན་འཐུས་མི་ནི་ཆེད་སྤྱོད་མིང་ཚིག་ཅིག་ཡིན་ཞིང་། ཡིག་ངོས་ཀྱི་ནང་དོན་ལྟར་འགྲེལ་བཤད་བྱས་ན། དམངས་འདུན་ནི་མི་མང་ཆེ་བའི་བསམ་ཚུལ་མཚོན་པ་ཡིན་ལ། མི་སྐོར་ཞིག་གི་བསམ་འཆར་ལ་ཕྱོགས་བསྡུས་ངང་སྣེ་ཁྲིད་བྱེད་པ་དང་གཅིག་མཚུངས་ཡིན། དེང་རབས་ཀྱི་འཐུས་མིའི་གྲོས་ཚོགས་ལམ་ལུགས་ཁྲོད། མི་དམངས་ཀྱིས་དམངས་འདུན་འཐུས་མི་འདེམས་བསྐོ་བྱེད་པར་བརྟེན་ནས་བརྒྱུད་པའི་སྒོ་ནས་དམངས་གཙོའི་དབང་ཆ་སྤྱོད་ཀྱི་ཡོད།

རིགས་དབྱེ།  

ལག་ཤེས་པའི་སྙིང་སྟོབས།

ལག་ཤེས་པའི་སྙིང་སྟོབས་ནི་དབྱིན་ཡིག་གིCraftsman spiritཞེས་པ་དེ་ཡིན། དེ་ནི་ལས་རིགས་ཀྱི་སྙིང་སྟོབས་ཤིག་དང་ལས་རིགས་ཀྱི་ཀུན་སྤྱོད། ལས་རིགས་ཀྱི་ནུས་པ། ལས་རིགས་ཀྱི་གཤིས་རྒྱུད་བཅས་ཀྱི་མཚོན་ཚུལ་ཞིག་ཡིན་ལ། ལས་ཀ་བྱེད་མཁན་གྱི་ལས་རིགས་ཀྱི་རིན་ཐང་གཉེར་ཕྱོགས་དང་བྱ་སྤྱོད་ཀྱི་མཚོན་ཚུལ་ཞིག་ཀྱང་ཡིན་པ་རེད། “ལག་ཤེས་པའི་སྙིང་སྟོབས”ཀྱི་གཞི་རྩའི་ནང་དོན་ལ་ལས་བཀུར་དང་། སྙིང་སྟོབས། བློ་སྒྲིམ། གསར་གཏོད་སོགས་ཀྱི་ནང་དོན་ཚུད་ཡོད།

རིགས་དབྱེ།  

དངོས་ཟོག་སྐྱེལ་འདྲེན་དོ་དམ་དང་བཟོ་སྐྲུན་ཆེད་ལས།

དངོས་ཟོག་སྐྱེལ་འདྲེན་དོ་དམ་དང་བཟོ་སྐྲུན་ཆེད་ལས་སློབ་ཁྲིད་སྤྱི་ལོ2013ལོའི་ཟླ8པར་དངོས་སུ་སྤེལ་འགོ་ཚུགས་པ་ནས་བཟུང་། སློབ་གསོ་པུའུ་མཐོ་རིམ་སློབ་གྲྭའི་ཟོག་འགྲེམས་དོ་དམ་དང་བཟོ་སྐྲུན་ཆེད་ལས་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ཆེད་མཁས་པ་མངགས་ནས་སྒྲིག་འཛུགས་དང་ཞིབ་འཇུག་ཚོགས་ཆུང་བཙུགས།

རིགས་དབྱེ།  

གྲོང་ཁྱེར་འཆར་འགོད་དང་ཇུས་འགོད།

གྲོང་ཁྱེར་འཆར་འགོད་དང་ཇུས་འགོད་ནི་འཛུགས་སྐྲུན་རིག་པའི་འོག་གི་ཆེད་ལས་ཤིག་ཡིན་ཞིང་ཆེད་ལས་ཀྱི་ཚབ་རྟགས་ནི081303ཡིན།

རིགས་དབྱེ།  

ས་ཁོངས་ལས་བགོས།

ས་ཁོངས་ལས་བགོས་ལ་ས་ཁམས་ལས་བགོས་དང་། ངལ་རྩོལ་ས་ཁོངས་ལས་བགོས། ཐོན་སྐྱེད་ས་ཁོངས་ལས་བགོས་བཅས་ཟེར་ཞིང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་ལས་བགོས་ཀྱི་བར་སྟོང་མཚོན་ཚུལ་ཞིག་རེད། དེ་རྒྱལ་ཁབ་གཅིག་དང་ས་ཁུལ་གཅིག་ལ་བཟང་ཆ་གཅིག་གམ་ཁ་ཤས་ཡོད་པའི་ཐོན་སྐྱེད་སྡེ་ཁག་གིས་ས་ཁོངས་ཆེད་ལས་ཅན་གྱི་ཐོན་སྐྱེད་ལག་བསྟར་བྱེད་པ་མཚོན་ཡོད། དཔེར་ན། བཟོ་ལས་ཀྱི་བཀོད་སྒྲིག་བྱེད་སྟངས་ནི་ས་ཁུལ་མི་འདྲ་བར་དགེ་མཚན་ལྡན་པའི་སྡེ་ཁག་དང་ཐོན་རྫས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་གཞིགས་ནས་རིགས་མི་འདྲ་བའི་བཟོ་ལས་ལྟེ་གནས་སམ་བཟོ་ལས་རྟེན་གཞི་འཛུགས་པ་སོགས་ཡིན། ས་ཁོངས་ལས་བགོས་བྱེད་པའི་ཆ་རྐྱེན་ནི་ཐོན་སྐྱེད་བྱེད་ས་དང་འཛད་སྤྱོད་བྱེད་ས་གཉིས་སོ་སོར་འབྱེད་རྒྱུ་དེ་ཡིན། རྒྱལ་ཁབ་ཅིག་དང་ས་ཁུལ་ཞིག་གིས་རྒྱལ་ཁབ་དེ་རང་ངམ་ས་ཁུལ་དེ་གའི་དགོས་མཁོའི་ཆེད་དུ་ཐོན་སྐྱེད་བྱེད་དགོས་པར་མ་ཟད། ད་དུང་ཐོན་རྫས་འབོར་ཆེན་ཞིག་རྒྱལ་ཁབ་གཞན་དག་གམ་ས་ཁུལ་གཞན་དག་ལ་མཁོ་སྤྲོད་བྱེད་དགོས། རྒྱལ་ཁབ་དང་རྒྱལ་ཁབ་བར་ས་ཁོངས་ལས་བགོས་བྱེད་པར་རྒྱལ་སྤྱིའི་ལས་བགོས་དང་རྒྱལ་ནང་གི་ས་ཁུལ་སོ་སོའི་བར་གྱི་ས་ཁོངས་ལས་བགོས་ལ་རྒྱལ་ནང་གི་ས་ཁོངས་ལས་བགོས་ཟེར།

རིགས་དབྱེ།  

འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན་དང་རང་འགུལ་ཅན།

འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན་དང་རང་འགུལ་ཅན་ནི་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན། སྤྱི་ལོ2021ལོར《ལས་རིགས་སློབ་གསོའི་ཆེད་ལས་དཀར་ཆག(སྤྱི་ལོ2021ལོ)》ནང་བཅུག་པ་རེད།

རིགས་དབྱེ།  

བཟོ་ལས་ཇུས་འགོད།

བཟོ་ལས་ཇུས་འགོད(industrial design)ཀྱི་བསྡུས་མིང་ལIDཟེར། བཟོ་རིག་པ་དང་། མཛེས་དཔྱོད་རིག་པ། དཔལ་འབྱོར་རིག་པ་བཅས་རྨང་གཞི་བྱས་ཏེ་བཟོ་ལས་ཐོན་རྫས་ཇུས་འགོད་བྱེད་པར་ཟེར།

རིགས་དབྱེ།  

ཞིང་ལས་ཁེ་ལས་ཀྱི་རིགས།

ཞིང་ལས་ཁེ་ལས་དེ་འདེབས་འཛུགས་ལས་རིགས་དང(དེའི་ཐོན་རྫས་སྦྱོར་བཟོ་བྱས་པའི་ཐོན་རྫས)ཐོན་སྐྱེད་ཁེ་ལས་དང་ནགས་ལས(དེའི་ཐོན་རྫས་སྦྱོར་བཟོ་བྱས་པའི་ཐོན་རྫས)ཁེ་ལས། ཕྱུགས་ལས(དེའི་ཐོན་རྫས་སྦྱོར་བཟོ་བྱས་པའི་ཐོན་རྫས)ཁེ་ལས། ཉ་ལས(དེའི་ཐོན་རྫས་སྦྱོར་བཟོ་བྱས་པའི་ཐོན་རྫས)ཁེ་ལས་སོགས་ལ་དབྱེ་རྒྱུ་ཡོད།

རིགས་དབྱེ།  

རིགས་གསར་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བདག་ཉིད།

ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བདག་ཉིད་ལ་རིགས4ཡོད་ཅིང་། ཆེད་ལས་དུད་ཆེན་དང་ཁྱིམ་ཚང་ཞིང་ར། ཞིང་བའི་མཉམ་ལས་ཁང་། ཞིང་ནགས་ཐོན་ལས་ཅན་གྱི་སྣེ་འཁྲིད་ཁེ་ལས་བཅས་རེད།

རིགས་དབྱེ།  

ཞིང་ལས་ཁེ་ལས་ཀྱི་ཚོགས་པའི་སྒྲིག་སྟངས་དང་གསར་གཏོད།

ཁེ་ལས་ཀྱི་དོ་དམ་ཚོགས་པའི་སྒྲིག་སྟངས་ནི་སྔར་ལས་ལེགས་འབྲས་བསྐྱེད་པའི་ཁེ་ལས་ལ་དོ་དམ་བྱེད་པ་དང་། ཁེ་ལས་གཉེར་སྐྱོང་ཁེ་ཕན་ཆེད་དུ་བཟོས་པའི་ནང་རོལ་གྱི་འབྲེལ་བ་ཆགས་སྟངས་རེད། ཞིང་ལས་ཁེ་ལས་ཀྱི་ཚོགས་པ་གྲུབ་པར་གཤམ་གསལ་གྱི་རིགས4གཙོ་བ་རེད།

རིགས་དབྱེ།  

ཞིང་ལས་ཁེ་ལས་ཀྱི་གཉེར་སྐྱོང་བློ་དགོངས།

བློ་དགོངས་ཀྱིས་གཞིག་ཕྱོགས་ཐག་གཅོད་ཅིང་། གཞིག་ཕྱོགས་ཀྱིས་འཇུག་ལམ་ཐག་གཅོད་འགྱུར་བ་རེད། ཞིང་ལས་འཕེལ་སྟངས་ཀྱི་རིགས་པ་སྒྱུར་རྒྱུ་མངོན་འགྱུར་འབྱུང་དགོས་ན། ངེས་པར་ཞིང་ལས་ཁེ་ལས་ཀྱི་གཉེར་སྐྱོང་བློ་དགོངས་སྒྱུར་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་བཏོན་པ་ལས“ཞིང་གསུམ”གནད་དོན་ཐག་གཅོད་པར་ཁ་ཕྱོགས་བསྟན་ལ། ཞིང་ལས་ཁེ་ལས་ཀྱི་འཕེལ་རྒྱས་ཁྲོད་ནས་ཁེ་སྤོགས་འབྱུང་བར་བཙིར་གནོན་ཚབས་པ་དང་ས་ཞིང་ཐོན་ཁུངས་ཀྱིས་མི་འདང་བ། མ་དངུལ་འཁོར་སྤྱོད་ལ་དཀའ་ཁག་ཡོད་པ་སོགས་དཀའ་གནད་ལ་འཕྲད་ཡོད་པས། ཕྱི་རོལ་ཁོར་ཡུག་དང་ནང་ཁུལ་ཆ་རྐྱེན་ཕན་ཚུན་འཚམ་པའི་འཕེལ་རྒྱས་བློ་དགོངས་ལ་བརྩི་འཇོག་བྱེད་པ་དང་། ཞིང་ལས་ཐོན་ཁུངས་ཀྱི་གསར་སྤེལ་རྨང་གཞི་བྱས་ནས། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་འཇུག་པ་དང་ཟོང་རྟགས་ལ་བརྟེན་ནས་ཞིང་ལས་ལ་སྟོབས་སྐྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། ཞིང་ལས་འདོན་སྤྲོད་གཞོགས་ཀྱི་སྒྲིག་སྟངས་ཅན་གྱི་གསར་འགོད་གཏིང་ཟབ་པར་སྤེལ་ནས། དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་བསྐྲུན་ལ། ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་གསར་བརྗེ་དང་ཕྱོད་ནུས་གསར་བརྗེ། སྒུལ་ཤུགས་གསར་བརྗེ་བཅས་ཡོང་བར་སྐུལ་བ་དང་། ཞིང་ལས་ཀྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ། རྒྱུ་རྐྱེན་ཡོངས་ཀྱི་ཐོན་སྐྱེད་འབྱུང་ཚད་བཅས་བསྟུད་མར་བསྐྱེད་ནས། གཞི་རྩའི་ཆ་ནས་གཉེར་སྐྱོང་བློ་དགོངས་སྒྱུར་བ་དང་། ཞིང་ལས་ཁེ་ལས་ཀྱི་ཡུན་རིང་འཕེལ་རྒྱས་ཇུས་ཆེན་མངོན་འགྱུར་ཡོང་དགོས།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས་ཀྱི་ཇུས་གཅོད་དང་འཆར་གཞི།

རང་རེའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་ཅན་ལ་འགྱུར་བ་མགྱོགས་མྱུར་འཕེལ་བ་དང་བསྟུན། འོས་ཤིང་འཚམ་པའི་དབྱིབས་ཚོད་ལྟར་གཉེར་སྐྱོང་དང་ཁེ་ལས་ལྟར་གཉེར་སྐྱོང་དེ། རང་རེའི་རྒྱལ་ཁབ་ཀྱི་ཞིང་ལས་དེང་རབས་ཅན་མངོན་འགྱུར་འབྱུང་བའི་འཇུག་ལམ་གལ་ཆེན་ཞིག་རེད། ཞིང་ལས་ཁེ་ལས་མགྱོགས་མྱུར་ངང་འཕེལ་འཇུག་འདོད་ན། ཆེས་གལ་ཆེ་བ་ནི་ཁེ་ལས་ཀྱི་གཉེར་སྐྱོང་འཐབ་ཇུས་གཏན་འབེབས་བྱ་རྒྱུ་དེ་རེད། ཞིང་ལས་ཁེ་ལས་དོ་དམ་གྱི་གཙོ་གནད་གཉེར་སྐྱོང་ལ་ངེས་པ་དང་། གཉེར་སྐྱོང་གྱི་གནད་ཉིད་ཇུས་གཅོད་ལ་ངེས་པ་རེད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས།

ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས་ནི་ཞིང་ལས་ཁེ་ལས་ཀྱི་མ་འོངས་ཁོར་ཡུག་ལ་འཕྲོད་ཐབས་ཡོང་ཆེད། ཐོན་སྐྱེད་གཉེར་སྐྱོང་དང་མུ་མཐུད་ཅིང་བརྟན་བརླིང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཚབས་ཆེན་ལ་སྤྱི་ཡོངས་ཅན་དང་ཡུན་རིང་ཅན། རྩ་གནད་ཅན་གྱི་འཆར་འགོད་དང་ཇུས་གཅོད་ཐིངས་དགོས། དེ་ནི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མཁན་གྱིས་ཐོན་སྐྱེད་གཉེར་སྐྱོང་བྱ་སྤྱོད་ལ་བློ་སྟོན་དང་འཆུན་འཛིན་བྱེད་པའི་ཆེས་མཐོ་བའི་འགུལ་སྐྱོད་གནད་ལགས། གཉེར་སྐྱོང་འཐབ་ཇུས་གཏན་ལ་ཕབ་པར་བརྒྱུད་ནས། ཞིང་ལས་ཁེ་ལས་ཀྱིས་དེང་སྐབས་དང་ཡུན་རིང་འཕེལ་རྒྱས་ཀྱི་གཉེར་སྐྱོང་ཁོར་ཡུག་དང་གཉེར་སྐྱོང་གོང་སྤེལ་ཁ་ཕྱོགས། ཁེ་ལས་གཉེར་སྐྱོང་གི་སྟོབས་ཤུགས་བཅས་ལ་ཡང་དག་པའི་ངོས་འཛིན་འཐོབ་ཐུབ་ཅིང་། ཁེ་ལས་མགོ་ཁྲིད་པས་ཡུན་རིང་དང་ཕྱོགས་ཡོངས་ནས་ཁེ་ལས་ཀྱི་འཕེལ་རྒྱས་གནད་དོན་ལ་ཞིབ་འཇུག་དབྱེ་དཔྱད་ཐུབ་འགྲོ་ལ། འཇུག་གླགས་མི་འཆོར་བར་གོ་སྐབས་དམ་འཛིན་དང་གྱོང་ཉེན་ལ་གཡོལ་བ། རང་ཉིད་འཕེལ་རྒྱས་བཅས་ལ་གདེང་ཚོད་ཡོད་པ་ན། ཁེ་ལས་དེ་འགྲན་རྩོད་ཁྲོད་ནས་གནས་ཐུབ་ལ་འཕེལ་རྒྱས་འཐོབ་འགྱུར་བ་ཡོང་འཇུག་དགོས།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས་ཀྱི་གོ་དོན།

ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས་ནི་ཞིང་ལས་ཁེ་ལས་ཀྱི་མ་འོངས་ཁོར་ཡུག་ལ་འཕྲོད་ཐབས་ཡོང་ཆེད། ཐོན་སྐྱེད་གཉེར་སྐྱོང་དང་མུ་མཐུད་ཅིང་བརྟན་བརླིང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཚབས་ཆེན་ལ་སྤྱི་ཡོངས་ཅན་དང་ཡུན་རིང་ཅན། རྩ་གནད་ཅན་གྱི་འཆར་འགོད་དང་ཇུས་གཅོད་བྱེད་དགོས།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས་ཀྱི་ཁྱད་ཆོས།

སྤྱི་ཡོངས་ཅན་དང་ཡུན་རིང་ཅན། འགྲན་རྩོད་ཅན། རྩ་གནད་ཅན། གྱོང་ཉེན་ཅན། བརྟན་རླིང་ཅན་བཅས་ནི་ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས་ཀྱི་ཁྱད་ཆོས་ཡིན།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས་ཀྱི་འཚར་ལོངས་ཁ་ཕྱོགས།

འཚར་ལོངས་ཁ་ཕྱོགས་ནི་ཁེ་ལས་ཉིད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་བདམས་ཆོག་པའི་འཕེལ་རྒྱས་རྣམ་པ་ལ་གོ་བ་རེད། འཐབ་ཇུས་དོ་དམ་ཀྱི་སྲོལ་འབྱེད་མཁན་ཨེན་སའོ་ཧྥུ་ཞུ་བ་ཁོང་གིས་ཁེ་ལས་ཀྱི་ཐོན་རྫས་ངེས་ཁོངས་དང་ཁྲོམ་རའི་ངེས་ཁོངས་གཞིར་བཟུང་ནས། འཚར་ལོངས་ཁ་ཕྱོགས་དེ་ཁྲོམ་ར་ལ་སིམ་འཛུལ་དང་ཚོང་ཁྲོམ་རྒྱ་བསྐྱེད་པ། ཐོན་རྫས་གསར་གཏོད། གཞོགས་མང་བར་གཉེར་སྐྱོང་བཅས་རྣམ་པ4ལ་དགར་ཡོད།

རིགས་དབྱེ།  

གཉེར་སྐྱོང་ཇུས་གཅོད་དང་གཏན་འབེབས།

ཞིང་ལས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གོ་རིམ་ཡོངས་ལ་ཇུས་ཐག་གཅོད་པའི་གཉེར་རིམ་འདུས་ཡོད་ཅིང་། ཞིང་ལས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱ་བྱེད་ཀྱི་ཡུལ་དུས་རེ་རེ་ནང་ཇུས་ཐག་གཅོད་པ་དང་འབྲལ་ཐབས་མེད། དེའི་ནང་དོན་ལ་ཞིང་ལས་ཁེ་ལས་གཉེར་སྐྱོང་འཐབ་ཇུས་ཀྱི་ཇུས་ཐག་གཅོད་པ་དང་། ཞིང་ལས་ཁེ་ལས་ཀྱི་ཁྲོམ་རའི་ཚོང་གཉེར་ཇུས་གཅོད། ཞིང་ལས་ཁེ་ལས་ཀྱི་ལག་རྩལ་གསར་སྤེལ་ཇུས་གཅོད། ཞིང་ལས་ཁེ་ལས་ཀྱི་ནོར་གཉེར་ཇུས་གཅོད། ཞིང་ལས་ཁེ་ལས་ཀྱི་ཚོགས་པ་དང་མི་དོན་གྱི་ཇུས་གཅོ་ཉིན་རྒྱུན་དོ་དམ་གྱི་ཇུས་གཅོད་སོགས་འདུས་ཡོད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་ཇུས་གཅོད་ཀྱི་ལས་རིམ།

ཇུས་གཅོད་ལས་རིམ་ལ་བརྟག་དཔྱད་ཞིབ་འཇུག་དང་འགལ་དོན་རྙེད་པ། དམིགས་འབེན་གཏན་འཁེལ། འདེམ་གྲབས་འཆར་གཞི་བཟོ་བ། གཤིབ་བསྡུར་ལས་ལེགས་ཤོས་འདེམས་པ། ལག་བསྟར་གོ་རིམ་བཅས་ཀྱི་ལྡོན་ལན་དང་དག་བཅོས་སོགས་གཤིབ་ཚར་དུ་དངར་བ་ལྟ་བུའི་བྱ་བྱེད་འདུ་ལ། སྤྱིར་གཞི་རྩའི་སྔོན་ལས་རིམ4ལ་དབྱེ་ཆོག་པ་རེད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་གི་ཇུས་གཅོད་གཉེར་ཐབས།

ཞིང་ལས་ཁེ་ལས་གཉེར་སྐྱོང་གི་ཇུས་གཅོད་གཉེར་ཐབས་ལ་གཏན་འཁེལ་རྣམ་པའི་ཇུས་གཅོད་དང་ངེས་མིན་རྣམ་པའི་ཇུས་གཅོད། གྱོང་ཉེན་རྣམ་པའི་ཇུས་གཅོད། རིམ་པ་མང་བའི་ཇུས་གཅོད། དམིགས་འབེན་མང་བའི་ཇུས་གཅོད་བཅས་ཇུས་ཐག་གཅོད་པའི་གཞི་རྩའི་གཉེར་ཐབས་རིགས5ཡོད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་གི་གཏན་འཁེལ་རྣམ་པའི་ཇུས་གཅོད།

གཏན་འཁེལ་རྣམ་པའི་ཇུས་གཅོད་ནི་མ་འོངས་པའི་དོན་རྐྱེན་འབྱུང་བའི་ཆ་རྐྱེན་ཤེས་པའི་གནས་ཚུལ་འོག་གི་ཇུས་གཅོད་ལ་ཟེར། གཏན་འཁེལ་རྣམ་པའི་ཇུས་གཅོད་ལ་གཉེར་ཐབས་མང་ཙམ་ཡོད་ཅིང་། རྒྱུན་དུ་སྤྱོད་པ་ནི་ཐད་སྣང་ཐབས་དང་ཁེ་གྱོང་དོ་མཉམ་འབྱུང་གནས་དབྱེ་དཔྱད་ཐབས། ཐིག་གཤིས་འཆར་འགོད་ཐབས་བཅས་ཡོད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་གི་ངེས་མིན་རྣམ་པའི་ཇུས་གཅོད།

མ་འོངས་དོན་བྱ་འབྱུང་བའི་ཆ་རྐྱེན་རགས་ཚད་དེ་གཏན་འཁེལ་མིན་པའི་གནས་ཚུལ་འོག་གི་ཇུས་གཅོད་ལ་ཟེར། འདི་འདྲའི་ཇུས་གཅོད་ཐབས་ཀྱིས་ཇུས་གཅོད་མཁན་གྱི་རྣམ་འགྱུར་དང་ཐག་གཅོད་ནུས་པ་ལ་བརྟེན་པ་དང་། ངེས་པ་མིན་པའི་ངོ་བོ་ལྡན་པ་གཙོ་བོ་རེད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་གི་གྱོང་ཉེན་རྣམ་པའི་ཇུས་གཅོད།

མ་འོངས་དོན་རྐྱེན་འབྱུང་བའི་ཆ་རྐྱེན་གསལ་ཐག་མི་ཆོད་ནའང་། འབྱུང་བའི་རགས་ཚད་ཤེས་པའི་གནས་ཚུལ་འོག་གི་ཇུས་གཅོད་ལ་ཟེར། ཇུས་གཅོད་འདི་འདྲའི་ཀྱི་དམིགས་འབེན་མངོན་འགྱུར་ཐུབ་མིན་ལ་གྱོང་ཉེན་ཡོད་སྲིད། དེའི་གཉེར་ཐབས་ནི་ཤེས་ཟིན་པའི་རགས་ཚད་ལྟར་བརྩིས་པའི་རེ་བའི་ཚད་ཤེས་པ་ལས། ཆེས་ཆེ་བ་ནི་འཐོབ་པའི་ཇུས་གཞི་ལས་ཆེས་ཡག་ཤོས་ངོས་འཛིན་ཚུལ་རེད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་གི་རིམ་པ་མང་བའི་ཇུས་གཅོད།

གཏན་འཁེལ་རྣམ་པ་དང་ངེས་པ་མིན་པའི་རྣམ་པ། གྱོང་ཉེན་རྣམ་པ་སོགས་སྣ་རྐྱང་ཇུས་གཅོད་ལ་ལྟོས་བཅས་ཀྱི་བཤད་སྲོལ་རེད། རྙོག་འཛིང་ལྡན་པའི་དོན་བྱ་ཆ་ནས་བཤད་ན། དེའི་འགུལ་སྐྱོད་གོ་རིམ་ནི་ཕན་ཚུན་འབྲེལ་གྱུར་དུས་རིམ་འགའ་ཤས་ལས་གྲུབ་པ་ཡིན་ལ། དེའི་ཁྲོད་ཀྱི་དུས་རིམ་རེ་རེ་ལ་ནམ་རྒྱུན་གདམ་ཆོག་པའི་འཆར་གཞི་འགའ་རེ་ཡོད་སྲིད། རིམ་མང་ཇུས་ཐག་གཅོད་ཐབས་ནི་མ་འོངས་དོན་རྐྱེན་འཕེལ་རྒྱས་ཀྱི་དུས་རིམ་རེ་རེ་ལ་ཇུས་གཅོད་བྱེད་དགོས་ཤིང་། དེའི་རྨང་གཞིའི་སྟེང་ནས་ཆེས་བཟང་ཇུས་གཞི་དེ་གདམ་དགོས། ཐབས་འདི་ཡུན་རིང་ལ་རྙོག་འཛིང་ཅན་གྱི་གནད་དོན་ཐག་གཅོད་པར་འཚམ་པ་དང་། ནམ་རྒྱུན་ཇུས་གཅོད་སྡོང་པོའི་དབྱེ་དཔྱད་ཐབས་དང་འགུལ་སྟབས་འཆར་གཞི་བཟོ་ཐབས་སྤྱོད་སྲིད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་གི་དམིགས་འབེན་མང་བའི་ཇུས་གཅོད།

རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་དུས། ལན་རེར་དམིགས་འབེན་སྣ་མང་གི་དགོས་མཁོ་སྐོང་དགོས་ཕྱིར། ངེས་པར་དམིགས་འབེན་མང་བའི་ཇུས་གཅོད་ཐབས་བཀོད་སྤྱོད་དགོས། དམིགས་འབེན་དེ་དག་ལས་ལ་ཤས་ཕན་ཚུན་འགལ་བ་དང་ལ་ཤས་ཚད་འཇལ་བྱེད་དཀའ་བ། ཇུས་གཞི་ཞིབ་བཤེར་ལ་དཀའ་ཁག་བསྐྱེད་ཡོང་།

རིགས་དབྱེ།  

གཉེར་སྐྱོང་འཆར་གཞི་སྒྲིག་བཟོ།

ཞིང་ལས་ཁེ་ལས་གཉེར་སྐྱོང་འཆར་གཞི་ལ་ཡུན་རིང་བའི་གཉེར་སྐྱོང་འཆར་གཞི་དང་ལོ་འཁོར་གྱི་གཉེར་སྐྱོང་འཆར་གཞི། དུས་རིམ་གྱི་གཉེར་སྐྱོང་འཆར་གཞི་བཅས་རིགས3ཡོད། དེ་དག་ཕན་ཚུན་འབྲེལ་བ་དང་ཕན་ཚུན་གསབ་རེས་བྱས་པར་བརྟེན་ནས། ཞིང་ལས་ཁེ་ལས་གཉེར་སྐྱོང་འཆར་གཞིའི་མ་ལག་གྲུབ་པ་རེད།

རིགས་དབྱེ།  

ཞིང་ལས་ཁེ་ལས་གཉེར་སྐྱོང་འཆར་གཞིའི་སྒྲིག་བཟོ།

ཕྱོགས་བསྡུས་དོ་སྙོམ་ཐབས་དང་​འགྲིལ་འགུལ་འཆར་གཞིའི་ཐབས་ནི་གཉེར་སྐྱོང་འཆར་གཞི་སྒྲིག་བཟོ་ཐབས་བཀོད་གཙོ་བོ་ཡིན།

རིགས་དབྱེ།  

གཉེར་སྐྱོང་འཆར་གཞི་ལག་བསྟར།

འཆར་གཞི་སྒྲིག་བཟོ་ནི་འཆར་གཞི་ལྟར་དོ་དམ་གྱི་མགོ་བརྩམ་པ་ཙམ་ལས། མཇུག་སྡོམ་ཚར་བ་མིན། འཆར་གཞིའི་དོ་དམ་ནི་འཆར་གཞི་ལག་བསྟར་དོན་འཁྱོལ་ཡོང་བ་གཅེས་ལ། འཆར་གཞིའི་ལག་བསྟར་རྩ་འཛུགས་དང་འཆར་གཞིའི་ལག་བསྟར་དམིགས་ཚད་སོ་སོ་མངོན་འགྱུར་ནི། ཞིང་ལས་ཁེ་ལས་ཀྱི་འཆར་གཞིའི་དོ་དམ་གྱི་ཐག་ཆོད་ཅན་གྱི་ལྷུ་མཚམས་ལགས།

རིགས་དབྱེ།  

ཞིང་ལས་ཁེ་ལས་ཀྱི་རྒྱུ་རྐྱེན་དོ་དམ།

ཁེ་ལས་ཀྱི་རྩོལ་ཤུགས་ཐོན་ཁུངས་དོ་དམ་ནི་རྩ་འཛུགས་དམིགས་འབེན་མངོན་འགྱུར་འབྱུང་བའི་ཕྱོད་ལྡན་ཐབས་བཀོད་ཅིག་ཡིན་ལ། རྩོལ་ཤུགས་ཐོན་ཁུངས་དོ་དམ་ལ་རྩོལ་ཤུགས་ཐོན་ཁུངས་ཀྱི་འཆར་གཞི་བཟོ་བ་དང་ལས་གནས་དབྱེ་དཔྱད་དང་ལས་གཉེར་ཇུས་འགོད། རྩོལ་ཤུགས་ཐོན་ཁུངས་ཀྱི་གདན་ཞུ་དང་འདེམ་སྒྲུག ལས་ཞུགས་སློབ་གསོ་དང་གསོ་སྦྱོང་རམ་ཡར་རྒྱས། ལས་གཉེར་ལས་ཕྱོད་ཉམས་དཔྱད། ལས་བཟོ་པའི་ལས་རིགས་བརྒྱུད་རབས་འཕེལ་བ། ལས་བཟོ་པའི་གླ་ཕོགས་ཐོབ་ཆ་དང་འཚོ་ཕན་འགན་སྲུང་སོགས་ཀྱི་ནང་དོན་འདུ།

རིགས་དབྱེ།  

རྩོལ་ཤུགས་ཐོན་ཁུངས་དོ་དམ།

རྩོལ་ཤུགས་ཐོན་ཁུངས་དོ་དམ་ནི་རྩ་འཛུགས་དམིགས་འབེན་མངོན་འགྱུར་འབྱུང་བའི་ཕྱོད་ལྡན་ཐབས་བཀོད་ཅིག་ཡིན་ལ། རྩོལ་ཤུགས་ཐོན་ཁུངས་དོ་དམ་ལ་རྩོལ་ཤུགས་ཐོན་ཁུངས་ཀྱི་འཆར་གཞི་བཟོ་བ་དང་ལས་གནས་དབྱེ་དཔྱད་དང་ལས་གཉེར་ཇུས་འགོད། རྩོལ་ཤུགས་ཐོན་ཁུངས་ཀྱི་གདན་ཞུ་དང་འདེམ་སྒྲུག ལས་ཞུགས་སློབ་གསོ་དང་གསོ་སྦྱོང་རམ་ཡར་རྒྱས། ལས་གཉེར་ལས་ཕྱོད་ཉམས་དཔྱད། ལས་བཟོ་པའི་ལས་རིགས་བརྒྱུད་རབས་འཕེལ་བ། ལས་བཟོ་པའི་གླ་ཕོགས་ཐོབ་ཆ་དང་འཚོ་ཕན་འགན་སྲུང་སོགས་ཀྱི་ནང་དོན་འདུ།

རིགས་དབྱེ།  

གླ་ཕོགས་དོ་དམ།

གླ་ཕོགས་དོ་དམ་ནི་ཚོགས་པའི་འཕེལ་རྒྱས་འཐབ་ཇུས་ཀྱིས་བློ་སྟོན་འོག ལས་བཟོ་པ་ལ་གླ་ཕོགས་གཏོང་བའི་རྩ་དོན་དང་གླ་ཕོགས་གཏོང་བའི་ཐབས་ཇུས། གླ་ཕོགས་གཏོང་བའི་ཆུ་ཚད། གླ་ཕོགས་ཀྱི་སྒྲིག་སྟངས། གླ་ཕོགས་ཀྱི་གྲུབ་ཆ་བཅས་ལ་གཏན་འཁེལ་དང་བགོ་སྡེབ། འཚམ་སྡེབ་བྱེད་པའི་འགུལ་སྟབས་ཀྱི་དོ་དམ་གོ་རིམ་ལ་ཟེར།

རིགས་དབྱེ།