རྒྱལ་རྒྱུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་རྒྱུགས།
དེ་ནི་རྒྱལ་ཁབ་གཞུང་ཞབས་པའི་ཡིག་རྒྱུགས་ལ་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家公务员考试
ནང་དོན།
སྲིད་འཛིན་ལས་རིགས་ཀྱི་འཇོན་ཐང་ཚོད་རྒྱུགས། འབྲི་གླེང་རྒྱུགས་ཤོག
ཐོ་འགོད་ལོ་གྲངས།
ལོ་བཅོ་བརྒྱད་ཡན་དང་སོ་ལྔ་མན།
1 ནང་དོན་ངོ་སྤྲོད།

དེ་ནི་རྒྱལ་ཁབ་གཞུང་ཞབས་པའི་ཡིག་རྒྱུགས་ལ་གོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས་ལ་ཟེར་ཞིང་། ཡིག་རྒྱུགས་དུས་ཚོད་ནི་ལྟོས་བཅས་ཀྱིས་གཏན་འཇགས་ཡིན། སྤྱིར་བཏང་དུ་ལོ་རེའི་ཟླ10བ་ནས་ཟླ11པའི་བར་དུ་ལེན་པ་ཞིག་ཡིན་ཏེ། བསྡུས་མིང་ལ་རྒྱལ་རྒྱུགས་ཟེར། རྒྱལ་རྒྱུགས་ནི་རྒྱལ་ཁབ་པུའུ་དང་ཨུ་ཡོན། ཧྲུའུ། སྤྱི་ཁྱབ་ཅུས་ནས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱིས་ལས་བཟོ་བ་བསྡུ་བའི་ཡིག་རྒྱུགས་ཀྱི་རྒྱུགས་ལེན་བྱེད་ཐབས་ཤིག་ཡིན། ཡིག་རྒྱུགས་ཀྱི་རྣམ་པ་ནི་སྤྱིར་བཏང་དུ་ཅུང་དཀའ་ཚེགས་ཆེ་བ་དང་ནན་མོ་བྱེད་པ་ཞིག་ཡིན།

ལྷག་པར་དུ་ཆ་རྐྱེན་ནི་ཉིན་ཧྲིལ་བོའི་ལུགས་ཀྱི་མཐོ་རིམ་དངོས་གཞི་ཡན་གྱི་སློབ་ཆེན་སློབ་མ་དང་ཤེས་རམས་ཞིབ་འཇུག་སློབ་མ། དབྱིན་ཡིག་ཚད་རིམ་བཞི་ཅན་དང་། གློག་ཀླད་རིམ་པ་གཉིས་པ་ཅན་ཡིན་དགོས།

2 རྒྱུགས་ལེན་རྩ་གནད།

ཀྲུང་དབྱང་ལས་ཁུངས་སམ་ཐད་གཏོགས་ལས་ཁུངས་ནས་སྤྱི་ལོ2014ལོ་ནས་བཟུང་རྒྱལ་རྒྱུགས་ནང་དོན་ལ་སྲིད་འཛིན་ལས་རིགས་འཇོན་ཐང་གི་ཚོད་རྒྱུགས་དང་འབྲི་གླེང་རྒྱུགས་གཞི་གཉིས་སུ་དབྱེ་ཡོད། རྒྱུགས་ལེན་གྱི་རྣམ་པ་ནི་གསབ་ཐབས་རྒྱུགས་ལེན་གཙོ་བོ་ཡིན་ལ། འབྲི་གླེང་རྒྱུགས་གཞི་ནི་རང་སྣང་བསམ་ཚུལ་རྩ་བར་འཛིན་པ་་ཞིག་ཡིན། རྒྱུགས་ལེན་དུས་ཡུན་ནི་སྐར་མ180དང་། རྒྱུགས་ཤོག་ཧྲིལ་བོའི་འཐོབ་སྐར་ནི་སྐར་མ100ཡིན།

2_1 སྲིད་འཛིན་ལས་རིགས་འཇོན་ཐང་གི་ཚོད་རྒྱུགས།

རྒྱུགས་ལེན་མཁན་གྱིས་ངེས་པར་དུ་གྲ་སྒྲིག་བྱ་དགོས་པའི་རྒྱུགས་ལེན་ཡིག་ཆས་ལ0.5ཅན་གྱི་མདོག་ནག་པོའི་འབྲི་སྨྱུག་དང2Bཞ་སྨྱུག འགྱིག་གསབ་བཅས་དང་། 2Bཞ་སྨྱུག་གིས་ངེས་པར་དུ་གཏན་འཁེལ་བྱས་པའི་སྒྲོམ་གཞིའི་རེའུ་མིག་ནང་གི་རྒྱུགས་སྤྲོད་ཨང་ཡིག་སྟེང་དུ་མདོག་ནག་པོར་གཏོང་དགོས། རྒྱུགས་ལན་ངེས་པར་དུ་རྒྱུགས་བྱང་དུ་སྟེང་དུ་གསལ་བོར་འབྲི་དགོས་པ་མ་ཟད། རྒྱུགས་ངོས་གཙང་མ་ཡིན་དགོས་པ། ད་དུང་རྒྱུགས་བྱང་སྟེང་དུ་མི་འབྲི་བར་རྒྱུགས་ཤོག་སྟེང་འབྲི་བའམ་འབྲེལ་མེད་ཀྱི་ཤོག་བུའི་སྟེང་དུ་བྲིས་ན་རྒྱུགས་འབྲས་མེད་པ་ཡིན།

2_2 འབྲི་གླེང་རྒྱུགས་ཤོག

ལུང་རིགས་ཡང་དག་དང་ཡི་གེ་གྲལ་དག  རིགས་ལམ་གསལ་བོའི་སྒོ་ནས་རྒྱུགས་ལེན་འབྲི་དགོས་པ་དང་། རྒྱུགས་ངོས་གཙང་མ་ཡིན་དགོས། ད་དུང་རྒྱུགས་ལན་རྒྱུགས་བྱང་སྟེང་དུ་མི་འབྲི་བར་རྒྱུགས་ཤོག་སྟེང་འབྲི་བའམ་འབྲེལ་མེད་ཀྱི་ཤོག་བུའི་སྟེང་དུ་བྲིས་ན་རྒྱུགས་འབྲས་མེད་པ་ཡིན།

2_3 སྲིད་འཛིན་ལས་རིགས་འཇོན་ཐང་གི་ཚོད་རྒྱུགས་ཀྱི་ནང་དོན།

སྲིད་འཛིན་ལས་རིགས་འཇོན་ཐང་གི་ཚོད་རྒྱུགས་ཀྱི་ཚོད་ལྟའི་ཚད་ཞིབ་ནི་གཞུང་ཞབས་པའི་ལས་རིགས་དང་འབྲེལ་བ་དམ་པོ་ཡོད་ལ། བརྟག་ཞིབ་དང་འཚམ་པའི་རྒྱུགས་ལེན་འཇལ་བཤེར་བྱེད་སྟངས་དེ་ནི་རྒྱུགས་སྤྲོད་མཁན་གྱི་གཞི་རྩའི་བྱང་ཚད་དང་བསམ་པའི་ཀུན་སློང་ལ་བརྟག་དཔྱད་ཅིག་ཡིན་ལ། དེར་སྐད་རིགས་ལ་གོ་བ་ལེན་པའི་ཚུལ་ལ་བརྟག་དཔྱད་དང་། ཚིག་སྦྱོར། གྲངས་འབོར་གྱི་འབྲེལ་བ། བརྡར་ཤ་གཅོད་པ། རྒྱུ་ཆ་དབྱེ་ཞིབ། རྒྱུན་ཤེས་བརྡར་གཅོད་སོགས་འདུས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།