ཆབ་སྲིད་བསམ་བློ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆབ་སྲིད་བསམ་བློ།
ཆབ་སྲིད་བསམ་བློ་ནི་སྤྱི་ཚོགས་ཀྱི་ཁོངས་མིས་ཆབ་སྲིད་ཀྱི་ཉམས་མྱོང་དང་ཆབ་སྲིད་ཀྱི་ཚོར་སྣང་ཤེས་རྟོགས་བྱས་པའི་རྨང་གཞིའི་ཐོག་ཆབ་སྲིད་ཀྱི་སྣང་ཚུལ་ལ་རྗེས་དཔག་གི་ཤེས་རྟོགས་བྱས་པ་ཞིག་དང་། ཆབ་སྲིད་ཀྱི་སྣང་ཚུལ་ཁྲོད་གནས་པའི་འབྲེལ་བ་དང་དེའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྤྱི་མཚན་དང་གཏན་ཚིགས་ཀྱིས་འགྲེལ་བཤད་བྱས་པ་ཞིག་ཡིན། དེར་བརྟེན། ཆབ་སྲིད་བསམ་བློ་ནི་བརྒྱུད་རིམ་ལྡན་པ་དང་། ཆ་ཚང་ཞིང་ཚགས་དམ་པའི་ཆབ་སྲིད་བསམ་གཞིགས་ཀྱི་གྲུབ་འབྲས་དང་འདུ་ཤེས་འཛིན་སྟངས་ཤིག་ཡིན། ཆབ་སྲིད་བསམ་བློ་ནི་སྤྱིར་བཏང་ཆབ་སྲིད་བསམ་བློ་དང་ཆབ་སྲིད་དད་མོས། ཆབ་སྲིད་གཞུང་ལུགས་བཅས་ཀྱིས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
政治思想
ཕྱི་ཡིག་གི་མིང་།
Political thought
1 ངོ་སྤྲོད་མདོར་བསྡུས།

ཆབ་སྲིད་ཀྱི་བསམ་བློ་ནི་སྤྱི་ཚོགས་ཀྱི་ཁོངས་མིས་ཆབ་སྲིད་ཀྱི་བསམ་གཞིགས་ཁྲོད་གྲུབ་པའི་ལྟ་བ་དང་། བསམ་ཚུལ། ལྟ་ཚུལ་བཅས་ཀྱི་སྤྱི་མིང་ཡིན་ཞིང་། དེ་ནི་མི་རྣམས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཆབ་སྲིད་ཀྱི་བྱེད་སྒོ་དང་། ཆབ་སྲིད་ཀྱི་སྣང་ཚུལ། དེ་བཞིན་སྦས་སྐུང་བྱས་པའི་ཆབ་སྲིད་ཀྱི་འབྲེལ་བ་སྣ་ཚོགས་དང་དེའི་འགལ་བའི་ལས་འགུལ་གྱི་རང་རྟོགས་དང་མ་ལག་གི་མཚོན་ཚུལ་ཞིག་ཡིན་ལ། ཆབ་སྲིད་རིག་གནས་ཀྱི་མཚོན་ཚུལ་གྱི་རྣམ་པ་ཞིག་ཀྱང་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆབ་སྲིད། བསམ་བློ། ལྟ་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།