ཕྱོགས་ལྷུང་མི་སྒེར་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱོགས་ལྷུང་མི་སྒེར་རིང་ལུགས།
མི་སྒེར་རམ་ཡང་ན་མི་ཉུང་ཤས་ཤིག་གི་དམིགས་ཡུལ་འགྲུབ་ཆེད། མཇུག་འབྲས་སམ་ཡང་ན་རིན་དོད་གང་ལའང་མི་འཛེམ་པར་ཕྱོགས་ལྷུང་གི་བྱེད་ཐབས་སྤྱད་དེ་སྤྱི་དམངས་དང་། རང་ལས་གཞན་པའི་མི། ཆབ་སྲིད་འགོ་ཁྲིད་ཚོགས་པ་བཅས་ལ་འཇིགས་སྐུལ་བྱེད་པ་སོགས་ལ་ཟེར་ཞིང་། དེ་ལ་དབྱེ་ན་ཆོས་ལུགས་ཕྱོགས་ལྷུང་རིང་ལུགས་དང་། ཕྱོགས་ལྷུང་འཇིགས་སྐུལ་རིང་ལུགས། མི་རིགས་ཕྱོགས་ལྷུང་རིང་ལུགས་བཅས་སོ།། དེ་དག་གི་བྱེད་ཐབས་ལ་བཙན་ཁྲིད་དང་ལྐོག་གསོད་སོགས་ཡོད་ལ། བྱེད་ཐབས་ཧ་ཅང་གདུག་རྩུབ་ཆེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
极端个人主义
དབྱེ་བ།
ཆོས་ལུགས་ཕྱོགས་ལྷུང་རིང་ལུགས་དང་། ཕྱོགས་ལྷུང་འཇིགས་སྐུལ་རིང་ལུགས། མི་རིགས་ཕྱོགས་ལྷུང་རིང་ལུགས་བཅས་སོ།།
བྱེད་ཐབས།
བཙན་ཁྲིད། ལྐོག་གསོད།
ཁྱད་ཆོས།
མི་སྒེར་གཙོ་བོ། རང་ཉིད་ལྟེ་བར་འཛིན་པ། རང་ཕན་རིང་ལུགས།
1 ​ངོ་བོའི་ཁྱད་ཆོས།       

ཕྱོགས་ལྷུང་མི་སྒེར་རིང་ལུགས་ནི་མི་སྒེར་རིང་ལུགས་ཤུགས་ཆེ་ཞིང་ཚབ་དྲགས་པ་ཞིག་ཡིན་ལ། དེས་མི་སྒེར་རིང་ལུགས་ཀྱི་ཁྱད་ཆོས་སྣ་ཚོགས་མཐའ་འཁྱོལ་དུ་སྤེལ་ཡོད། དེའི་ངོ་བོའི་ཁྱད་ཆོས་གཤམ་གྱི་ཕྱོགས་འགའ་ནས་མངོན་ཡོད་པ་སྟེ། གཅིག དོན་དག་ཆེ་ཆུང་གང་ཡིན་ནའང་། ཕྱོགས་གང་ཅིའི་ཐད་སྒེར་གྱི་ཁེ་ཕན་དང་དམིགས་ཡུལ་ཨང་དང་པོར་བཞག་ཡོད། གཉིས། རང་ཉིད་ཀྱི་ཁེ་ཕན་རྐྱང་བ་ལས་མི་གཞན་གྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་ལ་སེམས་ཁུར་མི་བྱེད། གསུམ། མི་སྒེར་གྱི་ཁེ་ཕན་མངོན་འགྱུར་བྱེད་ཆེད། ཐབས་ངན་གང་ལའང་མི་འཛེམ་པར་མིའི་གཤིས་བཟང་དང་སྤྱི་ཚོགས་ཀྱི་མ་མཐའི་ཀུན་སྤྱོད་ཚད་གཞི་སྣང་མེད་དུ་བཞག་ནས “ཡོད་ཚད་རང་ཉིད་གཅིག་པུའི་ཆེད་དུ་ཡིན”ཞེས་པ་ནི་དེའི་མི་ཚེའི་དམ་ཚིག་ཡིན། 

2 མངོན་ཚུལ་གྱི་ཁྱད་ཆོས།

ཕྱོགས་ལྷུང་མི་སྒེར་རིང་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ནི། མི་སྒེར་གཙོ་བོ་དང་། རང་ཉིད་ལྟེ་བར་འཛིན་པ། རང་ཕན་རིང་ལུགས་བཅས་ཡིན་ཞིང་། སྒེར་གྱི་འདོད་པ་སྐོང་ཆེད་སྤྱི་ཚོགས་དང་མི་གཞན་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་བར་མི་འཛེམ་པ། ཕྱོགས་ལྷུང་མི་སྒེར་རིང་ལུགས་དེ་དབང་ཆའི་བཀོལ་སྤྱོད་ཐད་མངོན་ཡོད་ལ། དྲང་གཞག་མིན་པ་དང་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ། བརྩེ་བ་ནི་རྩ་དོན་ལས་མཐོ་བ་དང་། འབྲེལ་བས་སྲིད་ཇུས་ཀྱི་ཚབ་བྱེད་པ། ཐ་ན་ཕན་ཁེ་མེད་ན་བྱ་བ་མི་སྒྲུབ་པ་དང་ཕན་ཁེ་ཐོབ་ན་བྱ་བ་གང་འདོད་དུ་སྒྲུབ་པ་བཅས་ཀྱི་སྟེང་ནས་མངོན་ཡོད། ཕྱོགས་ལྷུང་མི་སྒེར་རིང་ལུགས་དེ་ལས་གནས་འཕར་བའི་ཐོག་ནས་མངོན་ཡོད་ལ། གཙོ་བོ་མི་སྒེར་གྱི་སྙན་གྲགས་དང་ཁེ་ཕན་གྱི་གནད་དོན་ཐད“བྱ་བར་དམིགས་པ་དང་། བྱ་བར་སྒུག་པ། བྱ་བ་འགྲན་པ”བཅས་ཀྱི་ཐོག་ནས་གསལ་བོར་མངོན་ཡོད། “བྱ་བར་དམིགས་པ”ནི་གོ་གནས་ལ་བལྟས་ནས་བྱ་བ་སྒྲུབ་པ་དེ་ལ་ཟེར་ཞིང་། གོ་གནས་ལ་ལ་ཞིག་ལ་རེ་བ་ཡོད་དུས་བྱ་བ་འབད་པ་བྱས་ནས་སྒྲུབ་པ་དང་། གོ་གནས་ལ་རེ་བ་མེད་དུས་བྱ་བ་མི་སྒྲུབ་པ། ལ་ལ་ཞིག་གིས་“གོ་གནས་”ཞིག་ཡོད་པ་མཐོང་མ་ཐག་རང་ཉིད་ཀྱི་ཡིན་སྙམ་ཞིང་། གལ་ཏེ“གོ་གནས་”དེ་མ་ཐོབ་ན། འགོ་ཁྲིད་དྲང་བདེན་མ་རེད་ཅེས་བཤད་པ་ལྟ་བུའོ།། “བྱ་བར་སྒུག་པ”ནི་སྒྱིད་ལུག་བྱས་ནས་བསྡད་དེ་ལས་གནས་ལེགས་སྒྲིག་བྱེད་པར་སྒུག་པ་དང་། ཉི་མ་འཁྱོལ་ཐབས་བྱེད་པ། འཚོ་བ་འཁྱོལ་ཐབས་བྱེད་པ། སེམས་རྣལ་དུ་ཕབ་ནས་སེམས་ཤུགས་ཡོད་རྒུ་བཏོན་ཏེ་བྱ་བ་མི་སྒྲུབ་པ་དང་ལས་གནས་ཐོག་རང་འགན་གཙང་སྒྲུབ་མི་བྱེད་པ་དེ་ལ་ཟེར། “བྱ་བ་འགྲན་པ”ནི་གོ་གནས་ཐད་རྨོངས་ཚོད་ཀྱིས་བསྡུར་རེས་བྱེད་པ་དང་། མཐོ་བསྡུར་དམའ་མིན་དང་། མགྱོགས་བསྡུར་དལ་མིན་ལ་ཟེར། ཕྱོགས་ལྷུང་མི་སྒེར་རིང་ལུགས་དེ་ཁེ་ཕན་གྱི་འབྲེལ་བའི་ཐོག་ནས་མངོན་ལ། རང་ཉིད་ཀྱི་ཐོབ་ཤོར་གཙོ་བོར་འཛིན་པ་དང་། རང་ལ་ཕན་པ་ཡོད་པའི་བྱ་བ་སྒྲུབ་པ། ཕན་པ་མེད་པའི་བྱ་བ་མི་སྒྲུབ་པ། བསྟོད་པ་བྱས་ན་དགའ་བ་དང་། སྐྱོན་བརྗོད་བྱས་ན་མི་དགའ་བ། ཐ་ན་བྱས་རྗེས་ཧམ་རྩོད་དང་ཁེ་གྲགས་རྐྱང་བ་དོན་དུ་གཉེར་བ་ལྟ་བུའོ།། 

3 གནོད་འཚེ་ཚབས་ཆེན།

ཕྱོགས་ལྷུང་མི་སྒེར་རིང་ལུགས་ནི་ནོར་འཁྲུལ་གྱི་མི་ཚེའི་ལྟ་བ་ཞིག་ཡིན། དེའི་གནོད་འཚེ་ནི། གཅིག སྙིང་སྟོབས་ཉམས་དམས་སུ་སོང་ནས་ཕྱོགས་ལྷུང་མི་སྒེར་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་ཐེབས་ཏེ། བློ་མཐུན་ལ་ལའི་གོ་གནས་མང་ཞིང་འགན་འཁྲི་ཉུང་ན་བསམ་པ། ཁེ་ཕན་མང་ཞིང་བྱས་རྗེས་མང་པོ་འཇོག་མི་དགོས་པར་བསམ་པ། མི་སྒེར་གྱི་ལམ་བུ་མང་ལ་ཐུན་མོང་གི་བྱ་གཞག་ཉུང་ན་བསམ་ནས། མཐར་ཕུགས་བསམ་གྱི་སེམས་འདུན་ཉམས་ནས་རྗེས་ལུས་ཀྱི་བསམ་བློ་འབུས་པ། ཞབས་ཞུའི་འདུ་ཤེས་ཉམས་ནས་ཁེ་གྲགས་ཀྱི་བསམ་བློ་འབུས་པ། ཡར་བརྩོན་གྱི་འདུ་ཤེས་ཉམས་ནས་སྐྱིད་འདོད་ཀྱི་བསམ་བློ་འབུས་པ། འགན་འཁྲིའི་འདུ་ཤེས་ཉམས་ནས་སྒྱིད་ལུག་གི་བསམ་བློ་འབུས་པ་ལྟ་བུའོ།། གཉིས། དབང་ཆ་གང་བྱུང་དུ་སྤྱོད་པ། དབང་ཆ་ནི་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ཡིན་པས་བེད་སྤྱོད་ཡག་པོ་བྱས་ན་ཐུན་མོང་དང་མི་སྒེར་ཚང་མར་ཕན་ཐོགས་ཡོད་པ་དང་། བེད་སྤྱོད་ཡག་པོ་མ་བྱས་ན་ཐུན་མོང་ལ་གནོད་ལ་མི་སྒེར་ལའང་གནོད། ལས་བྱེད་པ་ཉུང་ཤས་ཤིག་དབང་ཆའི་ཁྲོད་མགོ་འཁོར་ནས་དབང་ཆ་གང་བྱུང་དུ་སྤྱད་དེ། དེར་ཡིད་ཚིམ་ནས་ཡོད་མོད། འོན་ཀྱང་མཐར་ཏང་དང་མི་དམངས་ཀྱི་རྒྱབ་འགལ་དུ་ལངས་ནས་རང་ཉིད་ཀྱི་མདུན་ལམ་ཡང་བརླག་གིན་ཡོད། གསུམ། སྒྲིག་ཁྲིམས་ལྷོད་ཡེངས་སུ་འགྲོ་བ་སྟེ། ཕྱོགས་ལྷུང་མི་སྒེར་རིང་ལུགས་ཀྱིས་སྒེར་གྱི་ཁེ་ཕན་དང་ཚོགས་པ་ཆུང་ངུའི་ཁེ་ཕན་དེ་ཏང་དང་མི་དམངས་ཀྱི་ཁེ་ཕན་ལས་ལྷག་པར་བརྩི་བ་དང་། རང་ཉིད་ལ་ཕན་པའི་བྱ་བ་ལག་བསྟར་བྱེད་པ། རང་ཉིད་ལ་མི་ཕན་པའི་བྱ་བ་ལག་བསྟར་མི་བྱེད་པ། མདོར་ན། ཕྱོགས་ལྷུང་མི་སྒེར་རིང་ལུགས་ནི་ཏང་དང་མི་དམངས། རང་དང་གཞན་ཀུན་ལ་གནོད་པ་ཡོད་པ་ཞིག་ཡིན་པས། སྔ་མོ་ནས་ཚོད་འཛིན་མ་བྱས་ན་མཇུག་འབྲས་བློ་ཡུལ་དུ་དཔོག་དཀའ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།