ཁེ་ལས་སྡེ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁེ་ལས་སྡེ་ཁག
ཁེ་ལས་སྡེ་ཁག་ནི་སྤྱིར་བཏང་ཐོན་སྐྱེད་རང་བཞིན་གྱི་སྡེ་ཁག་ལ་ཟེར་ཞིང་། རྒྱལ་ཁབ་ལ་དབང་པའི་ཁེ་ལས་ནི་ཐོན་སྐྱེད་ཀྱི་ཁྱད་དབང་ཡོད་ཚད་རྒྱལ་ཁབ་ལ་དབང་པའི་ཁེ་ལས་སྡེ་ཁག་ལ་ཟེར། རྒྱལ་ཁབ་ལ་དབང་པའི་ཁེ་ལས་ཞེས་པ་ནི་རྒྱལ་ཁབ་ཀྱིས་ཁེ་ལས་དེ་གའི་མ་རྩའི་བདག་དབང་ཡོད་ཚད་བཟུང་ཡོད་པའམ་ཚོད་འཛིན་བྱེད་པའི་དབང་ཆ་བཟུང་ཡོད་པ་ལ་ཟེར། སྲིད་གཞུང་གི་འདོད་བློ་དང་ཁེ་ཕན་གྱིས་རྒྱལ་ཁབ་ལ་དབང་པའི་ཁེ་ལས་ཀྱི་བྱེད་ཕྱོགས་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ལ་དབང་པའི་ཁེ་ལས་ནི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་པའི་རྐང་འཛིན་སྟོབས་ཤུགས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
企业单位
མཚན་ཉིད།
སྤྱིར་བཏང་ཐོན་སྐྱེད་རང་བཞིན་གྱི་སྡེ་ཁག་ལ་ཟེར།
ཕྱི་ཡིག་གི་མིང་།
Enterprise Unit
ཁྱད་ཆོས།
ཚོང་ལས་རིགས་དང་སྤྱི་ཕན་རིགས།
1 མཚན་ཉིད།

རྒྱལ་ཁབ་ལ་དབང་པའི་རྒྱུ་ནོར་གྱི་དོ་དམ་དབང་ཆ་དང་ཚད་བཀག་ལྟར་དབྱེ་ན། རྒྱལ་ཁབ་ལ་དབང་པའི་ཁེ་ལས་ལ་ཀྲུང་དབྱང་ཁེ་ལས(ཀྲུང་དབྱང་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པའི་རྒྱལ་ཁབ་ལ་དབང་པའི་ཁེ་ལས)དང་ས་གནས་ཁེ་ལས(ས་གནས་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པའི་རྒྱལ་ཁབ་ལ་དབང་པའི་ཁེ་ལས)གཉིས་སུ་དབྱེ་ཡོད། ཀྲུང་དབྱང་གི་ཁེ་ལས་རེ་ཟུང་གིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་པའི་བརྒྱུད་རིམ་ཁྲོད་ཁུར་བའི་འགན་འཁྲི་ཅུང་དམིགས་བསལ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་དོ་དམ་གྱི་ཁོངས་སུ་གཏོགས་ཤིང་། ཀྲུང་དབྱང་གི་ཁེ་ལས་དེ་དག་ནི་པུའུ་རིམ་པའི་ལས་ཁུངས་ཀྱི་ཁོངས་སུ་གཏོགས།

2 ཁྱད་ཆོས།

ཁེ་ལས་སྡེ་ཁག་གི་ཁྱད་ཆོས་ནི་རང་འབབ་རང་གཏོང་དང་། མ་གནས་ཞིབ་རྩིས་བྱས་པ་བརྒྱུད་ནས་ཁེ་གྱོང་ཞིབ་བསྡུར་བྱས་ཏེ། རང་ངོས་ཀྱི་ཁེ་སྤོགས་ལ་བརྟེན་ནས་རང་ཉིད་ཀྱི་མི་སྣ་འཚོ་སྐྱོང་དང་། སྤྱི་ཚོགས་ཀྱི་ཞབས་ཞུ། རྒྱུ་ནོར་གྱི་རིན་ཐང་གསར་གཏོད་བཅས་བྱ་དགོས། རྒྱལ་ཁབ་ལ་དབང་པའི་ཁེ་ལས་དེ་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན་པའི་ཆ་ནས། ཚོང་ལས་རིགས་དང་སྤྱི་ཕན་རིགས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། དེའི་ཚོང་ལས་རང་བཞིན་ནི་རྒྱལ་ཁབ་ལ་དབང་པའི་རྒྱུ་ནོར་གྱི་རིན་ཐང་སྲུང་སྐྱོབ་དང་རིན་ཐང་འཕར་སྣོན་བརྩོན་ལེན་བྱེད་པའི་སྟེང་ནས་མཚོན། རྒྱལ་ཁབ་ལ་དབང་བའི་ཁེ་ལས་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱུན་པར་རྒྱལ་ཁབ་ཀྱིས་དཔལ་འབྱོར་སྙོམས་སྒྲིག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རྒྱལ་དམངས་དཔལ་འབྱོར་གྱི་ཕྱོགས་སོ་སོའི་འཕེལ་རྒྱས་ཀྱི་ནུས་པ་སྙོམས་སྒྲིག་བྱེད་པའི་ཆེད་དུ་ཡིན་ལ། དེ་ནི་རྒྱལ་ཁབ་ལ་དབང་པའི་ཁེ་ལས་ཀྱི་སྤྱི་ཕན་རང་བཞིན་གྱི་མཚོན་ཚུལ་ཡིན། ཁེ་ལས་སྡེ་ཁག་གི་ཐོ་འགོད་བྱ་ཡུལ་ནི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་ཡིན་ལ། ཁེ་ལས་སྡེ་ཁག་དང་ལས་བཟོ་པའི་བར་ངལ་རྩོལ་གྱི་གན་རྒྱ་འཇོག་སྐབས། ངལ་རྩོལ་ཐད་ཀྱི་རྩོད་གླེང་བྱུང་རྗེས་ཁེ་ལས་སྡེ་ཁག་གིས་ངལ་རྩོལ་ཐད་ཀྱི་རྩོད་གླེང་འདུམ་གཅོད་བྱ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།