རྒྱལ་སྤྱིའི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྤྱིའི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན།
རྒྱལ་སྤྱིའི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན་ཞེས་པ་ནི་ནད་རིགས་བརྒྱུད་དེ་རྒྱལ་སྤྱིའི་སྟེང་དུ་མཆེད་པས་རྒྱལ་ཁབ་གཞན་དག་ལ་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་ཉེན་ཁ་བཟོས་ཤིང་། གྲོས་དོན་གཅིག་གྱུར་གྱིས་རྒྱལ་སྤྱིའི་ཐག་གཅོད་བྱེད་ཐབས་ལག་བསྟར་བྱེད་དགོས་སྲིད་པའི་རྒྱུན་ལྡན་མིན་པའི་དོན་རྐྱེན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国际公共卫生紧急事件
ཕྱི་ཡིག་གི་མིང་།
Public Health Emergency of International Concern
བསྡུས་མིང་།
PHEIC
འགན་འཁུར་ལས་ཁུངས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས།
ནུས་ཐོན་དུས་ཚོད།
སྤྱི་ལོ2007ལོའི་ཟླ6པའི་ཚེས15ཉིན།
གོ་ཆོད་པའི་དུས་ཡུན།
ཟླ3ཡིན།
གཏན་འབེབས་དུས་ཚོད།
སྤྱི་ལོ2005ལོའི་ཟླ5པ།
1 ངོ་སྤྲོད།

རྒྱལ་སྤྱིའི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན་ཞེས་པ་ནི་ནད་རིགས་བརྒྱུད་དེ་རྒྱལ་སྤྱིའི་སྟེང་དུ་མཆེད་པས་རྒྱལ་ཁབ་གཞན་དག་ལ་སྤྱི་བའི་འཕྲོད་བསྟེན་ཐད་ཀྱི་ཉེན་ཁ་བཟོས་ཤིང་། གྲོས་དོན་གཅིག་གྱུར་གྱིས་རྒྱལ་སྤྱིའི་ཐག་གཅོད་བྱེད་ཐབས་ལག་བསྟར་བྱེད་དགོས་སྲིད་པའི་རྒྱུན་ལྡན་མིན་པའི་དོན་རྐྱེན་ལ་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིསPHEICནི་སྤྱི་བའི་འཕྲོད་བསྟེན་གྱི་ཉེན་ཁར་ཁ་ཕྱོགས་པའི་སྐབས་སུ། ནད་རིགས་རྒྱལ་ཁོངས་ལས་བརྒལ་ནས་མཆེད་པར་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཐུབ་ལ། རྒྱལ་སྤྱིའི་ཉོ་འཚོང་དང་འགྲིམ་འགྲུལ་ལ་དགོས་མེད་ཀྱི་འགལ་རྐྱེན་ཡང་མི་བཟོ་བར་འབྲེལ་ཡོད་རྒྱལ་ཁབ་ས་ཁུལ་ལ་དཔལ་འབྱོར་གྱི་གྱོང་གུན་ཐེབས་སུ་འཇུག་ཐུབ། རིམས་ནད་ཀྱི་འཕེལ་རྒྱས་ལ་གཞིགས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིསPHEICཁྱབ་བསྒྲགས་བྱས་རྗེས་ཅི་འདྲ་ཡིན་ཡང་ཕྱིར་འཐེན་དང་བཟོ་བཅོས་བྱས་ཆོག ཁྱབ་བསྒྲགས་བྱས་རྗེས་གོ་ཆོད་དུས་ཡུན་ནི་ཟླ3དང་། རྗེས་སུ་རང་འགུལ་གྱིས་ནུས་པ་ཉམས།

སྤྱི་ལོ2007ལོར་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་འཕྲལ་སྡོམ་བྱེད་ཐབས་ལ་དོ་དམ་བྱེད་པའི《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཚུན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོན་རྐྱེན་ཐེངས་དྲུག་ཁོ་ན་ཁྱབ་བསྒྲགས་བྱས་པ་དང་། སྔོན་གྱི་ཐེངས་ལྔ་ནི་སྤྱི་ལོ2009ལོའིH1N1ཆམ་རིམས་ཀ་པ་དང་། སྤྱི་ལོ2014ལོའི་རྒྱུངས་སྐྱའི་ཚ་ནད་རིམས་ནད་བྱུང་ཚུལ། སྤྱི་ལོ2014ལོའི་ཨ་ཧྥེ་རི་ཁ་ནུབ་མའི་ཨའེ་པོ་ལ་རིམས་ནད་ཀྱི་གནས་ཚུལ། སྤྱི་ལོ2015ལོ་ནས་སྤྱི་ལོ2016ལོ་བར་གྱི“ཀྲའེ་གཱའི”རིམས་ནད། སྤྱི་ལོ2018ལོར་འགོ་བརྩམས་པའི་ཁོང་ཀོ(ཅིན)ཨའེ་པོ་ལ་རིམས་ནད་ཀྱི་གནས་ཚུལ(སྤྱི་ལོ2019ལོའི་ཟླ7པར་ཁྱབ་བསྒྲགས)བྱས་པ་རེད། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས30ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་གསར་པ་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དུ་ཁྱབ་བསྒྲགས་བྱས་ཤིང་། ཡུལ་སྐོར་དང་ཚོང་དོན་གྱི་ཚོད་འཛིན་ལག་བསྟར་བྱ་རྒྱུར་བཀག་འགོག་མི་ཐེབས་པ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཚད་མཐོའི་གདེང་འཇོག་བྱ་རྒྱུའི་ནན་བཤད་བྱས་པ་རེད། 

2 འཕེལ་རྒྱས་ཀྱི་ལོ་རྒྱུས།

སྤྱི་ལོ2003ལོའི་ཚབས་ཆེ་བའི་མྱུར་གཤིས་འབྱིན་རྔུབ་རྟགས་འདུས(SARS)ནི་དུས་རབས21པའི་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཐེངས་དང་པོ་ཡིན། རྒྱལ་ཁབ་ཁག་གིས་ད་ཐེངས་ཀྱི་དོན་རྐྱེན་ཁྲོད་མིག་སྔར་མི་སྣ་འགྲོ་འོང་བྱེད་ཚད་མགྱོགས་སུ་ཕྱིན་པ་དང་། དེ་རིང་མཉམ་དུ་འཛོམས་པའི་མི་ཚོགས་ཤིག་སང་ཉིན་འཛམ་གླིང་ས་ཕྱོགས་ཁག་ཏུ་ཁྱབ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ཡོད། སྤྱི་བའི་འཕྲོད་བསྟེན་བདེ་འཇགས་དེ་རྒྱལ་ཁབ་བམ་ཡང་ན་ས་ཁུལ་རང་ཉིད་ཀྱི་བྱ་བ་ཞིག་མིན་པར། གོ་ལ་ཧྲིལ་པོའི་མཉམ་སྒྲུབ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། 

དོན་རྐྱེན་འདྲ་མཚུངས་ལ་ཁ་གཏད་འཇལ་ཆེད་། རྒྱལ་ཁབ་ཁག་གིས་ནུས་ལྡན་ངང་སྔོན་འགོག་དང་དགོས་མཁོ་བསྐོང་ཐུབ། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྤྱི་ལོ2005ལོར་སྲོལ་ཡིག་རྙིང་པ་བཟོ་བཅོས་བརྒྱབ། 《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག(2005)》

3 ཐ་སྙད་ཀྱི་མཚན་ཉིད།

སྤྱི་ལོ2005ལོར་གྲོས་འཆམ་བྱུང་བའི《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》དང་། “རྒྱལ་སྤྱིའི་དོ་ཁུར་བྱེད་པའི་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ནི་ནད་རིགས་ཀྱི་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་བྱས་པ་བརྒྱུད་རྒྱལ་ཁབ་གཞན་དག་གི་སྤྱི་བའི་འཕྲོད་བསྟེན་གྱི་ཉེན་ཁ་ཡོད་པ་མ་ཟད། མཐུན་སྦྱོར་གཅིག་གྱུར་གྱི་རྒྱལ་སྤྱིའི་ཁ་གཏད་གཅིག་གྱུར་སྤྱོད་དགོས་པའི་རྒྱུན་ལྡན་མིན་པའི་དོན་རྐྱེན་ཡིན། 

མཚན་ཉིད་འདིས་གཤམ་གྱི་རྣམ་པ་ཞིག་མངོན་པ་སྟེ། མིག་སྔར་དོན་རྐྱེན་གྱི་གནས་ཚུལ་ཚབས་ཆེན་དང་། གློ་བུར་དུ་བྱུང་བ། རྒྱུན་ལྡན་མིན་པ། བསམ་ཡུལ་ལས་འདས་པ། སྤྱི་བའི་འཕྲོད་བསྟེན་ལ་ཐེབས་པའི་ཤུགས་རྐྱེན་དེ་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཀྱི་ས་མཚམས་ལས་བརྒལ་ཤས་ཆེ་བ་དང་། དེ་མ་ཟད་མྱུར་དུ་རྒྱལ་སྤྱིའི་བྱ་སྤྱོད་སྤེལ་དགོས་པ་ཡིན།

ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་གྱིསHEICགྲུབ་མིན་གྱི་རྒྱུ་རྐྱེན་ལ་ནད་རིགས་འགོས་པའི་ནད་དཔེ་དང་། ཤི་བའི་ནད་དཔེ། འགོས་ནད། སྨན་བཅོས་ཕན་འབྲས། རིམས་ནད་ཁུལ་གྱི་མི་འབོར་འདུས་ཚད་བཅས་ཚུད་ཡོད་པ་དང་། ནད་གཞི་འཕེལ་རྒྱས་ཀྱི་མྱུར་ཚད། རྒྱལ་མཚམས་ནས་ཕྱིར་བརྒྱུད་པ་ཡོད་མིན། རྒྱལ་སྤྱིའི་ཡུལ་སྐོར་དང་ཉོ་ཚོང་སོགས་ལ་ཚོད་འཛིན་བྱེད་དགོས་མིན་སོགས་འདུས།

དེ་ནི་འབྲེལ་ཡོད་སྡེ་ཚན་ལ་འགོག་བཅོས་བྱེད་ཐབས་ཀྱི་གདེང་འཇོག་བྱས་པ་ཞིག་མིན་པར་ནད་གཞི་གནས་སའི་ས་ཁུལ་དང་དེ་བཞིན་རྒྱལ་སྤྱིའི་ནད་གཞི་ཉེན་ཁ་དང་ནད་ཡམས་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་བྱེད་པའི་དགོས་མཁོ་ཞིག་རེད།

ཁྱབ་བསྒྲགས་བྱས་རྗེས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་ལ་ཇི་ལྟར་བྱས་ནས་སྔོན་འགོག་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྔོན་ལ་འཕྲལ་སྡོམ་བྱ་ཐབས་གྲ་སྒྲིག་བྱེད་པ། ནད་དཔེ་ལོགས་སུ་འབྱེད་པ་སོགས་ཀྱི་ལས་དོན་ལ་བསམ་གཞིག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། རིམས་ནད་ག་གེ་མོ་ཞིག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“རྒྱལ་སྤྱིའི་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”ཡིན་པའི་ཁྱབ་བསྒྲགས་བྱས་རྗེས། འཛམ་གླིང་རྒྱལ་ཁབ་ཁག་ལ་མངོན་གསལ་གྱི་བརྡ་རྟགས་ཤིག་བཏང་བ་དང་མཚུངས། གལ་ཏེ་གཞི་ཁྱོན་ཆེ་བའི་ཁ་གཏད་གཅོག་པའི་བྱ་སྤྱོད་མེད་ཚེ་རིམས་ནད་ཚོད་འཛིན་བྱེད་ཐབས་བྲལ་བ་རེད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ད་དུང་སྤྱི་ཚོགས་ཀྱི་ཐེ་གཏོགས་གལ་ཆེན་གྱི་དགོས་ངེས་རང་བཞིན་ལ་དཔྱད་དཔོག་བྱ་དགོས་ཤིང་། དཔེར་ན། སློབ་གྲྭ་སྒོ་རྒྱག་པའམ་ཡང་ན་འདུ་ཚོགས་ཆེ་གྲས་མེད་པར་བཟོ་བ་དང་། ཐ་ན་དམིགས་བསལ་གྱི་ས་ཁུལ་ལ་ཡུལ་སྐོར་བཀག་སྡོམ་བཀའ་རྒྱ་ལག་བསྟར་སོགས་བྱེད་པ་རེད།

4 ཐག་གཅོད་ཀྱི་བརྒྱུད་རིམ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་དོན་རྐྱེན་ཞིབ་ཕྲ་ཐོན་པའི་ཉེར་ཡོད་ཀྱི་ཆེད་ལས་དང་ཉམས་མྱོང་གི་ཁྱབ་ཁོངས་ལ་གཞིགས་ནས“《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》གི་ཆེད་མཁས་པའི་མིང་ཐོ”ཁྲོད་ནས་ཆེད་མཁས་པ་འགའ་ཞིག་བདམས་ཏེ་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་དགོས། 

“རྒྱལ་སྤྱིའི་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”ཡིན་མིན་ཁྱབ་བསྒྲགས་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ནི་ནད་དུག་ལ་རྒྱུན་མཐུད་ཀྱི་མི་དང་མིའི་དབར་གྱི་བརྒྱུད་སྤེལ་ནུས་པ་ལྡན་ཡོད་མེད་དེ་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཡིས་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་བསམ་འཆར་བསྡུ་ལེན་བྱས་ནས་མཐར་དོན་རྐྱེན་ག་གེ་མོ་ཞིག“རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”གྲུབ་མིན་གཏན་འཁེལ་བྱ་རྒྱུ་ཡིན་པ་དེ་རེད། 

རིམས་ནད་ག་གེ་མོ་ཞིག“རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཡིན་པའི་ཁྱབ་བསྒྲགས་བྱས་རྗེས། WHOཡི་སྤྱི་ཁྱབ་ཀན་ཧྲི་དང་ཁོངས་མིའི་རྒྱལ་ཁབ་ཁག་གིས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་གཞིར་བཟུང་ནས་ཉམས་ཉེན་ལ་ཁ་གཏད་ཐག་གཅོད་བྱེད་པར་འགུལ་སྐྱོད་བྱེད་དགོས། སྤྱི་ལོ2005ལོའི《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》གཞིར་བཟུང་། ཁོངས་མིའི་རྒྱལ་ཁབ་ཁག་གིས“རྒྱལ་སྤྱིའི་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན”ཐད་མགྱོགས་མྱུར་ཚུར་སྣང་བྱེད་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཡོད། 

དེ་རྗེསWHOཡི་སྤྱི་ཁྱབ་ལས་འཛིན་ལ་རྒྱལ་ཁབ་གཞན་ལ་གྲོས་གཞི་འདོན་པའི་དབང་ཆ་ཡོད་པ་སྟེ། དཔེར་ན། དེ་དག་ལ་ནད་ཡམས་ཐོན་སྐབས་མཐའ་མཚམས་ཀྱི་སྒོ་རྒྱག་མི་རུང་བའི་སྐུལ་མ་གཏོང་རྒྱུ་དང་རིམས་ནད་ཐོན་སའི་རྒྱལ་ཁབ་ལ་ཡུལ་སྐོར་དང་ཚོང་དོན་ཚོད་འཛིན་མི་བྱེད་པ། དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། གལ་ཏེ་རྒྱལ་ཁབ་གཞན་དག་གིས་ཚོད་འཛིན་དེ་དག་ལག་བསྟར་བྱས་ཚེ་དོན་དངོས་ཀྱི་སྟེང་དཔལ་འབྱོར་བཀག་སྡོམ་གྱི་རྣམ་པ་ཞིག་མངོན་གྱི་ཡོད། དེས་རིམས་ནད་ཐོན་པའི་རྒྱལ་ཁབ་ཀྱིས་རིམས་ནད་ཀྱི་གནས་ཚུལ་ངོ་མ་སྦས་གསང་བྱེད་སྲིད་པས་རིམས་ནད་ཀྱི་གོ་ལ་ཧྲིལ་པོར་ཁ་གཏད་བྱེད་རྒྱུར་ཕན་པ་ཧ་ཅང་ཆེན་པོ་མེད། 

གཞན་ཡང་རིམས་ནད་ནི“རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”ཡིན་པ་ཁྱབ་བསྒྲགས་བྱས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གིས་མི་སྣ་དང་། དངོས་རྫས། འགྲིམ་འགྲུལ་ཡོ་བྱད་བཅས་ལ་སྤྱོད་དགོས་པའི་འཕྲོད་བསྟེན་བྱ་ཐབས་ཚུད་པའི་གནས་སྐབས་ཀྱི་གྲོས་གཞི་ཡོངས་བསྒྲགས་བྱས་ནས། གོ་ལ་ཧྲིལ་པོའི་མི་ཤུགས་དང་དངོས་ཤུགས་མཐུན་སྦྱོར་བྱས་ནས་དགོས་མཁོ་ཡོད་ཚེPHEICས་ཁུལ་དུ་མཛུབ་ཁྲིད་དང་རོགས་རམ་བྱེད། དཔེར་ན། ཕྱི་ཕྱོགས་ཀྱི་རོགས་སྐྱོར་མ་དངུལ་གྲབས་གསོག་བྱེད་པ་སོགས་རེད། 

5 གྲོས་གཞི་འདོན་པ།
5_1 གནས་སྐབས་ཀྱི་གྲོས་གཞི་འདོན་པ།

གལ་ཏེ་དོན་ཚན་བཅུ་གཉིས་པ་གཞིར་བཟུང་ནས་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཐོན་རྒྱུའི་གཏན་འཁེལ་བྱས་ཚེ་སྤྱི་ཁྱབ་ལས་འཛིན་པས་དོན་ཚན་ཞེ་དགུ་པའི་གཏན་འབེབས་ཀྱི་གོ་རིམ་གཞིར་བཟུང་གནས་སྐབས་ཀྱི་གྲོས་གཞི་ཡོངས་བསྒྲགས་བྱེད་དགོས། གནས་ཚུལ་ལ་གཞིགས་ཏེ(རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་མཇུག་སྒྲིལ་རྗེས)གནས་སྐབས་ཀྱི་གྲོས་གཞི་དེ་རིགས་བཟོ་བཅོས་བྱེད་པའམ་ཡང་ན་རྒྱུན་མཐུད་བྱེད་དགོས་པ་དང་། སྐབས་དེར་དགོས་མཁོ་ལྟར་སྔོན་འགོག་བྱེད་པའམ་ཡང་ན་མགྱོགས་མྱུར་ངང་བསྐྱར་དུ་ཐོན་པའི་གནས་སྐབས་ཀྱི་གྲོས་གཞི་གཞན་དག་ཡོངས་བསྒྲགས་བྱེད་དགོས།

གནས་སྐབས་ཀྱི་གྲོས་གཞི་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་བམ་ཡང་ན་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་གཞན་དག་གིས་མི་སྣ་དང་། འགྲུལ་ཆས་དང་། དོས་སྒམ་། འགྲིམ་འགྲུལ་ཡོ་བྱད་དང་། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྤྱོད་རྩིས་ཡོད་པའི་འཕྲོད་བསྟེན་བྱེད་ཐབས་དང་། དེའི་དམིགས་ཡུལ་ནི་ནད་རིགས་ཀྱི་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ། རྒྱལ་སྤྱིའི་འགྲིམ་འགྲུལ་ལ་དགོས་མེད་ཀྱི་འགལ་རྐྱེན་མི་ཡོང་བ་བཅས་ཡིན། 

གནས་སྐབས་ཀྱི་བསམ་འཆར་དེ་དོན་ཚན་ཞེ་དགུ་པས་གཏན་འབེབས་བྱས་པའི་གོ་རིམ་ལྟར་ཕྱིར་འཐེན་བྱས་ཆོག་པ་མ་ཟད། དྲིལ་བསྒྲགས་བྱས་པའི་ཟླ་བ་གསུམ་གྱི་རྗེས་སུ་རང་འགུལ་གྱིས་གོ་མི་ཆོད་པར་འགྱུར།གནས་སྐབས་ཀྱི་གྲོས་གཞི་དེ་མཐུད་དུ་སྤེལ་བའམ་ཟླ་གསུམ་ལ་ད་དུང་རྗེས་སུ་སྲིང་ཆོག་པ། གནས་སྐབས་ཀྱི་གྲོས་གཞི་ནི་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གཏན་འཁེལ་བྱས་རྗེས་ཀྱི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་གཉིས་པ་འཚོག་པའི་བར་དུ་རྒྱུན་བསྲིང་ཆོག་པ་རེད།

5_2 ཡུན་རིང་གི་གྲོས་གཞི་འདོན་པ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དོན་ཚན་ང་གསུམ་པར་གཞིགས་ནས་རྒྱུན་སྲོལ་ལམ་དུས་བཀག་ལྟར་འཕྲོད་བསྟེན་བྱེད་ཐབས་སྤྱོད་དགོས་པའི་སྐོར་གྱི་དུས་ཡུན་རིང་པོའི་གྲོས་འགོ་བཏོན་ཆོག ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་སྤྱི་བའི་འཕྲོད་བསྟེན་གྱི་གནོད་འཚེ་ཐོན་པར་དམིགས་ནས་མི་སྣ་དང་། འགྲུལ་ཆས། དངོས་ཟོག དོས་སྒྲོམ། འགྲིམ་འགྲུལ་ཡོ་བྱད། དངོས་ཟོག(ཡང་ན་)སྦྲག་བཏང་བཅས་ལ་གོང་གསལ་གྱི་བྱ་ཐབས་སྤྱད་ཆོག་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཐོག་ནད་གཞི་མཆེད་རྒྱུ་སྔོན་འགོག་དང་ཉུང་དུ་བཏང་ནས་རྒྱལ་སྤྱིའི་འགྲིམ་འགྲུལ་ལ་དགོས་མེད་ཀྱི་འགོག་རྐྱེན་མི་བཟོ་པ་བྱ་ཆེད་ཡིན་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དོན་ཚན་ང་གསུམ་པར་གཞིགས་ནས་དུས་ཡུན་རིང་པོའི་གྲོས་གཞི་དུས་ཐོག་ཏུ་བཟོ་བཅོས་བྱེད་པའམ་ཡང་ན་ཕྱིར་འཐེན་བྱས་ཆོག

5_3 གྲོས་གཞི་ཚད་ལྡན།

(1)ཐད་ཀར་འབྲེལ་བ་ཡོད་པའི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་བསམ་འཆར། 

(2)གནས་ཚུལ་ལ་གཞིགས་ནས་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་གཞི།

(3)ཚན་རིག་གི་རྩ་དོན་དང་ད་ཡོད་ཀྱི་ཚན་རིག་བདེན་དཔང་དང་ཆ་འཕྲིན། 

(4)གནས་ཚུལ་དངོས་དང་མཐུན་པའི་ཉེན་ཁའི་ཚད་ཀྱི་ཚོད་དཔག་ལ་གཞིགས་ནས་འཕྲོད་བསྟེན་གྱི་བྱེད་ཐབས་སྤྱད་དེ་རྒྱལ་སྤྱིའི་འགྲིམ་འགྲུལ་དང་ཉོ་ཚོང་གི་ཚོད་འཛིན་དང་མི་སྣར་འགལ་རྐྱེན་བཟོས་པ་དེ་ལུགས་མཐུན་གྱིས་བེད་སྤྱོད་བྱས་ཆོག་པར་མ་ཟད་ཚད་འོས་འཚམ་གྱི་སྒོ་ནས་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པའི་བྱེད་ཐབས་གཞན་དག་ལས་མང་བ། 

(5)བབ་མཚུངས་ཀྱི་རྒྱལ་སྤྱིའི་ཚད་གཞི་དང་ཡིག་ཆ། 

(6)འབྲེལ་ཡོད་སྲིད་གཞུང་དབར་གྱི་རྩ་འཛུགས་དང་རྒྱལ་སྤྱིའི་སྒྲིག་གཞིས་སྤེལ་བའི་བྱེད་སྒོ། 

(7)དོན་རྐྱེན་གཞན་དང་འབྲེལ་བ་ཡོད་པའི་འོས་འཚམ་དང་བྱེ་བྲག་གི་ཆ་འཕྲིན།

5_4 གྲོས་གཞི་བྱེད་པའི་རིགས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མི་སྣས་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ལ་བཏོན་པའི་གྲོས་གཞི་ལ་དམིགས་ནས་གཤམ་གསལ་གྱི་བསམ་འཆར་བཏོན་ཆོག་པ་སྟེ། 

དམིགས་བསལ་གྱི་འཕྲོད་བསྟེན་བྱེད་ཐབས་སྤྱོད་མི་དགོས། 

འགོས་པའི་ས་ཁུལ་གྱི་ཡུལ་སྐོར་ལོ་རྒྱུས་ལ་ཞིབ་དཔྱད་བྱེད་པ།

གསོ་རིག་གི་ཞིབ་བཤེར་བདེན་དཔང་དང་ཚོད་ལྟ་ཁང་གང་རུང་གི་དབྱེ་ཞིབ་མཇུག་འབྲས་ལ་ཞིབ་བཤེར་བྱེད་པ། 

གསོ་རིག་གི་བརྟག་དཔྱད་བྱེད་དགོས།

རིམས་འགོག་སྨན་ཁབ་རྒྱག་པའམ་ཡང་ན་སྔོན་འགོག་བྱེད་ཐབས་གཞན་དག་གི་བདེན་དཔང་ལ་ཞིབ་བཤེར་བྱ་དགོས། 

རིམས་འགོག་སྨན་ཁབ་རྒྱག་པའམ་ཡང་ན་སྔོན་འགོག་བྱེད་ཐབས་གཞན་དག་སྤྱོད་དགོས།

དོགས་པ་ཅན་ལ་སྤྱི་བའི་འཕྲོད་བསྟེན་ལྟ་ཞིབ་བྱེད་པ།

དོགས་པ་ཡོད་མཁན་ལ་ནད་ཡམས་བརྟག་ཞིབ་དང་འཕྲོད་བསྟེན་གྱི་བྱེད་ཐབས་གཞན་དག་སྤྱོད་དགོས།

ནད་ཡམས་འགོས་ཡོད་པའི་ནད་པ་ལོགས་སུ་བཀར་ནས་དགོས་ངེས་ཀྱི་སྨན་བཅོས་བྱེད་དགོས། 

དོགས་པ་ཡོད་པའི་མི་དང་འབྲེལ་འདྲིས་བྱེད་པའི་མི་སྣ་རྗེས་འདེད་པ། 

དོགས་པ་ཡོད་པའམ་ཡང་ན་ནད་ཡམས་འགོས་ཡོད་པ་རྣམས་རྒྱལ་ནང་དུ་ཡོང་མི་ཆོག

ནད་ཡམས་འགོས་མེད་པའི་མི་སྣ་ནད་ཡམས་འགོས་པའི་ས་ཁུལ་དུ་ཡོང་མི་ཆོག

རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་ཞིབ་བཤེར་བྱེད་དགོས་པ་མ་ཟད་ནད་ཡམས་ཕོག་པའི་ས་ཁུལ་ནས་ཡོང་བའི་མི་སྣ་རྒྱལ་མཚམས་ནས་ཡོང་པར་ཚོད་འཛིན་བྱས་ཆོག

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྡོག་ཁྲེས་དང་། དངོས་ཟོག དོས་སྒྲོམ། འགྲིམ་འགྲུལ་ཡོ་བྱད། དངོས་རྫས། སྦྲག་བཏང་བཅས་ལ་དམིགས་ནས་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ལ་བཏོན་པའི་གྲོས་གཞི་བསམ་འཆར་ཁག་ཚུད་ཡོད་པ་སྟེ། 

དམིགས་བསལ་གྱི་འཕྲོད་བསྟེན་བྱེད་ཐབས་སྤྱོད་མི་དགོས་པ། 

དངོས་ཟོག་སྐྱེལ་འདྲེན་གྱི་གསལ་ཐོ་དང་མཁའ་འགྲུལ་ལམ་ཐིག་ལ་ཞིབ་བཤེར་བྱེད་པ། 

ལག་ལེན་ཞིབ་བཤེར་བྱ་དགོས། 

རྒྱལ་མཚམས་ནས་ཐོན་པའམ་རྒྱལ་མཚམས་ནས་ཐོན་སྐབས་འགོས་ནད་དང་སྦགས་བཙོག་མེད་པ་བཟོ་བའི་བྱ་ཐབས་ཀྱི་བདེན་དཔང་ལ་ཞིབ་བཤེར་བྱ་དགོས།

དངོས་ཟོག དོས་སྒྲོམ། འགྲིམ་འགྲུལ་ཡོ་བྱད། དངོས་རྫས། སྦྲག་བཏང་སོགས་ཐག་གཅོད་བྱས་ཏེ་འགོས་ནད་དང་སྦགས་བཙོག་གི་འབྱུང་ཁུངས་མེད་པར་བཟོ་དགོས། 

འཕྲོད་བསྟེན་བྱེད་ཐབས་ཞིབ་ཕྲ་སྤྱད་དེ་བདེ་འཇགས་ངང་ཐག་གཅོད་དང་སྐྱེལ་འདྲེན་བྱ་རྒྱུའི་འགན་ལེན་བྱེད་དགོས།

ལོགས་སུ་བཀར་བ་དང་ནད་ཡམས་བརྟག་ཞིབ་བྱེད་པ། 

གལ་ཏེ་ད་ཡོད་ཀྱི་ཐག་གཅོད་དང་བཀོལ་སྤྱོད་བྱེད་ཐབས་ཚང་མ་ལེགས་འགྲུབ་མ་བྱུང་ན། ལྟ་སྐུལ་ཚོད་འཛིན་གྱི་གནས་ཚུལ་འོག་ཏུ་སྒོ་ཐེལ་རྒྱག་པ་དང་མེད་པར་བཟོས་པའམ་ཡང་ན་དོགས་པ་ཡོད་པའི་དངོས་ཟོག དོས་སྒྲོམ། འགྲིམ་འགྲུལ་ཡོ་བྱད་དངོས་རྫས་སམ་སྦྲག་བཏང་སོགས་ལ་ཞིབ་བཤེར་བྱེད་དགོས།

རྒྱལ་མཚམས་ནས་ཁ་བྲལ་མི་ཆོག་པའམ་ཡང་ན་རྒྱལ་མཚམས་ནས་འཛུལ་མི་ཆོག 

6 ཐ་ཚིག་སྒྲོག་པའི་རིམ་པ།
6_1 འཛམ་གླིང་འཕྲོད་བསྟེན་གྱིས་རིམ་པ་ཆེན་པོ་དྲུག་ལ་ཐ་ཚིག་བསྒྲགས་པ།

རིམ་པ་དང་པོ། ཆམ་རིམས་ནད་དུག་དེ་སྲོག་ཆགས་བར་དུ་མཆེད་མོད། འོན་ཀྱང་མི་ལ་འགོས་པའི་ནད་རྟགས་མ་བྱུང་།

རིམ་པ་གཉིས་པ་ནི། ཆམ་རིམས་ནད་དུག་དེ་སྲོག་ཆགས་ཀྱི་ཁྲོད་དུ་མཆེད་པ་དང་། ནད་དུག་དེ་རིགས་མིའི་རིགས་ལ་འགོས་མྱོང་བས། ཆམ་རིམས་ཁྱབ་པའི་མི་མངོན་པའི་འཇིགས་སྐུལ་ལྡན།

རིམ་པ་གསུམ་པ། ཆམ་རིམས་ནད་དུག་དེ་སྲོག་ཆགས་ཀྱི་བར་དུའམ་མི་དང་སྲོག་ཆགས་ཀྱི་བར་དུ་མཆེད་པ་དང་། ནད་དུག་དེ་རིགས་ཀྱིས་སིལ་བུར་ཐོར་བའམ་ཆ་ཤས་ཀྱི་ཁྱབ་ཁོངས་སུ་མི་ལ་འགོས་པའི་ནད་དཔེ་བཟོས་ཡོད་མོད། འོན་ཀྱང་མི་དང་མིའི་བར་དུ་མཆེད་པའི་གནས་ཚུལ་ཐོན་མེད། 

རིམ་པ་བཞི་པ། ཆམ་རིམས་ནད་དུག་དེ་མིའི་བར་མཆེད་ནས་རྒྱུན་མཐུད་རང་བཞིན་གྱི་རིམས་ནད་ཐོན་པ། རིམ་པ་འདིའི་འོག་ཏུ་ཆམ་རིམས་མཆེད་པའི་ཉེན་ཁ་ནི་རིམ་པ་གོང་མའི་མངོན་གསལ་འཕར་ཡོད། 
རིམ་པ་ལྔ་པ། རིགས་གཅིག་པའི་ཆམ་རིམས་ནད་དུག་དེ་ས་ཁུལ་གཅིག(དཔེར་ན་གླིང་ཆེན་ཨ་མེ་རི་ཁ་བྱང་མ་ལྟ་བུ)མ་མཐར་ཡང་རྒྱལ་ཁབ་གཉིས་ཀྱི་མིའི་དབར་ཁྱབ་པ་མ་ཟད། རྒྱུན་མཐུད་རང་བཞིན་གྱི་རིམས་ནད་ཀྱང་ཐོན་གྱི་ཡོད། རྒྱལ་ཁབ་མང་ཆེ་བར་རིམ་པ་དེའི་འོག་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་མི་སྲིད་མོད། འོན་ཀྱང་རིམ་པ་ལྔའི་ཐ་ཚིག་བསྒྲགས་ནས་གཞི་ཁྱོན་ཆེ་བའི་ཆམ་རིམས་ཀྱི་རིམས་ནད་ཐོན་ཉེར་ཡོད་པ་མཚོན་གྱི་ཡོད་པས་རིམས་ནད་ལ་ཁ་གཏད་བྱེད་ཐབས་མང་པོ་མེད། 
རིམ་པ་དྲུག་པ། རིགས་གཅིག་པའི་ཆམ་རིམས་ནད་དུག་གི་མིའི་བར་མཆེད་དེ་ས་ཁུལ་གཉིས་སམ་གཉིས་ཡན་དུ་མཆེད་པ། རིམ་པ་འདིས་འཛམ་གླིང་རང་བཞིན་གྱི་རིམས་ནད་ཁྱབ་བཞིན་པ་མཚོན། 

7 ངོ་གཉིས་རང་བཞིན།

སྤྱི་ལོ2003ལོརSARSབྱུང་ནས་གོ་ལ་ཧྲིལ་པོར་བཟོས་པའི་དཔལ་འབྱོར་གྱོང་གུན་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར400ཟིན་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར“གློ་བུར་དུ་ལངས་པའི་རྐྱེན་གྱིས0.1%གི་རྡུང་རྡེག་ཕོག་པ།      འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལ་རིམས་ནད་ཐོན་མང་བའི་རྒྱལ་ཁབ་ཕུད་པའི་རྒྱལ་ཁབ་ལ་གྲོས་འགོ་འདོན་པའི་དབང་ཆ་ཡོད་པ་དཔེར་ན། རྒྱལ་ཁབ་དེ་དག་ལ་རིམས་ནད་ཐོན་སྐབས་མཐའ་མཚམས་ཀྱི་སྒོ་རྒྱག་མི་རུང་བའི་ལྕག་སྐུལ་བྱ་རྒྱུ་དང་རིམས་ནད་ཐོན་མང་བའི་རྒྱལ་ཁབ་ལ་ཡུལ་སྐོར་དང་ཚོང་དོན་ཚོད་འཛིན་བྱ་རྒྱུ་མེད། གང་ལགས་ཤེ་ན། གལ་ཏེ་རྒྱལ་ཁབ་གཞན་དག་གིས་ཚོད་འཛིན་དེ་དག་ལག་བསྟར་བྱས་ཚེ། དོན་དངོས་ཐོག་གི་དཔལ་འབྱོར་བཀག་སྡོམ་གྱི་རྣམ་པ་ཞིག་མངོན་གྱི་ཡོད། དེས་རིམས་ནད་ཐོན་པའི་རྒྱལ་ཁབ་ཀྱིས་རིམས་ནད་ཀྱི་གནས་ཚུལ་ངོ་མ་སྦས་གསང་བྱེད་སྲིད་པས་རིམས་ནད་ཀྱི་གོ་ལ་ཧྲིལ་པོར་ཁ་གཏད་གཅོག་རྒྱུར་ཕན་པ་ཧ་ཅང་ཆེན་པོ་མེད། གཞན་ཡང་། རིམས་ནད་ནི“རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན”ཡིན་པ་ཁྱབ་བསྒྲགས་བྱས་པ་མ་ཟད། རིམས་ནད་ཐོན་པའི་རྒྱལ་ཁབ་ལ་ཕྱི་ཕྱོགས་ཀྱི་རོགས་རམ་ཐོབ་རྒྱུར་ཕན་པ་ཡོད་པ་དཔེར་ན། ཕྱི་ཕྱོགས་ཀྱི་རོགས་སྐྱོར་མ་དངུལ་གྲབས་གསོག་སོགས་རེད།      《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར》ཐོག་དབྱེ་ཞིབ་བྱས་པར། ཉམས་མྱོང་ལས་མངོན་པར། “རྒྱལ་སྤྱིའི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན”ནི་གྲི་སོ་གཉིས་མ་ལྟ་བུ་ཞིག་ཡིན་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“བྱང་བུ”དེས་ཁྱིམ་མཚེས་རྒྱལ་ཁབ་ལ་འཇིགས་སྣང་བཟོ་སྲིད་པས། རྒྱལ་ཁབ་དེ་དག་གིས་རིམས་ནད་ལྟེ་གནས་སུ་གནས་པའི་རྒྱལ་ཁབ་ཀྱི་ཡུལ་སྐོར་ལམ་ཡང་ན་ཚོང་དོན་སྒོ་བརྒྱབ་ནས་རིམས་ནད་དང་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་རེད། 

8 བྱེད་ཐབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མུ་མཐུད་དུ་དགོས་ངེས་ཀྱི་ལག་རྩལ་དང་ལས་སྒོའི་རྒྱབ་སྐྱོར་བྱེད་དགོས། རྒྱལ་སྤྱིའི་རིག་ཚན་མང་པོའི་ཆེད་མཁས་པའི་ཚོགས་ཆུང་གིས་རིམས་ནད་ཀྱི་འབྱུང་ཁུངས་དང་། མི་དབར་གྱི་མཆེད་ཚད། ནད་དཔེ་བརྟག་དཔྱད། རིམས་འགོག་སྨན་ཁབ་དང་དེ་བཞིན་ནད་ཡམས་སྨན་བཅོས་ལ་ཞིབ་འཇུག་བཅས་བྱ་རྒྱུར་གཞོགས་འདེགས་བྱས་པ་རེད།     ཆེད་མཁས་པའི་ཚོགས་ཆུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་གནས་ཚུལ་དང་དེ་བཞིན་མངོན་མེད་ཀྱི་སྤྱི་པའི་འཕྲོད་བསྟེན་ཤུགས་རྐྱེན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། 

9 རིམས་ནད་དོན་རྐྱེན།
9_1 རིམ་བྱུང་གི་དོན་རྐྱེན།

སྤྱི་ལོ2009ལོ་ནས་བཟུངWHOཡིས་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དྲུག་ཁྱབ་བསྒྲགས་བྱས།

ཐེངས་དང་པོ་ནི་སྤྱི་ལོ2009ལོརH1N1ཕག་གི་ཆམ་རིམས་མཆེད་པ་དང་བསྟུན་ནས་བྱུང་བ་རེད།      

ཐེངས་གཉིས་པ་ནི་སྤྱི་ལོ2014ལོའི་ཟླ5པར། སྐབས་དེར་བྱིས་པའི་སྦྲིད་ནད་ཡང་བསྐྱར་འཕར་ནས་རྩ་བའི་ལས་དོན་ལ་འཇིགས་སྣང་སྐུལ་བཞིན་ཡོད།      

ཐེངས་གསུམ་པ་ནི་སྤྱི་ལོ2014ལོའི་ཟླ8པར། སྐབས་དེར་ཨ་ཧྥེ་རི་ཁ་ནུབ་མའི་ཨའེ་པོ་ལ་རིམས་ནད་རིམ་བཞིན་ཚོད་འཛིན་བྱེད་མ་ཐུབ་པ་རེད།      

ཐེངས་བཞི་པའི་དོན་རྐྱེན་ནི་སྤྱི་ལོ2016ལོའི་གྲོང་ཚོའི་ནད་དུག་དང་འབྲེལ་བ་ཡོད།     

ཐེངས་ལྔ་པའི་དོན་རྐྱེན་ནི་སྤྱི་ལོ2019ལོར་བྱུང་བ་དང་། ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བྱུང་པའི་ཨའེ་པོ་ལ་རིམས་ནད་གཞན་ཞིག་ཡིན།     

ཐེངས་དྲུག་པའི་དོན་རྐྱེན་ནི་སྤྱི་ལོ2020ལོའི་ཟླ1པོར་བྱུང་བ་དང་། ཀྲུང་གོའི་མངའ་ཁོངས་སུ་བྱུང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད།

9_2 དར་ཁྱབ་ཆེ་བའི་ས་ཁུལ།
9_2_1 ཨའེ་པོ་ལ་རིམས་ནད་བྱུང་ཚུལ། 

སྤྱི་ལོ2014ལོའི་ཟླ8པའི་ཚེས8ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཁྲེན་ཕུང་ཕུའུ་ཡིས་སུའེ་ཙེར་གྱི་རི་ནེ་ཝར་ཨ་ཧྥེ་རི་ཁ་ནུབ་མར་ཨའེ་པོ་ལ་རིམས་ནད་ཐོན་པ་དེ་རྒྱལ་སྤྱིའི་སྤྱི་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན་ཞིག་ཏུ་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་དུང་སྙན་ཞུ་ཚང་མའི་ནང་ཨའེ་པོ་ལ་རིམས་ནད་ཡོད་པའི་རྒྱལ་ཁབ་ཚང་མས་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་ཁྱབ་བསྒྲགས་བྱེད་དགོས་པའི་གྲོས་གཞི་བཏོན་པ་རེད།

སྤྱི་ལོ2019ལོའི་ཟླ7པའི་ཚེས17ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁོང་ཀོ(ཅིན)ཨའེ་པོ་ལ་རིམས་ནདPHEICརུ་གཏན་འཁེལ་བྱས་པ་དང་། སྐབས་དེ་དུས་ནད་དཔེ2532ཟིན་པ་དང་། ནད་དཔེ1705རྐྱེན་ལམ་དུ་ཤོར་བ། གཟའ་འཁོར་རེར་ནད་དཔེ80གསར་དུ་ཐོན་པ་བཅས་རེད། ཟླ3འགོར་རྗེས་སླར་ཡང་དཔྱད་དཔོག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། སྤྱི་ལོ2020ལོའི་ཟླ1པའི་ཚེས20ཉིན་བར་སྤྱིའི་ནད་དཔེ3416ཟིན་པ་དང་། 2237 ཤི་བ་རེད། 

9_2_2  ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་བྱུང་ཚུལ།

སྤྱི་ལོ2020ལོའི་ཟླ1པོའི་ཚེས23ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱིས་ཏོག་དབྱིབས་ནད་དུག་གསར་པ་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན(PHEIC)ཆགས་མེད་ཅེས་ཁྱབ་བསྒྲགས་བྱས་པ་རེད། WHOཡི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་གྲོས་བསྡུར་མཇུག་སྒྲིལ་རྗེས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་ཛ་དྲག་ཨུ་ཡོན་ལྷན་ཁང་གིས་ནད་ཡམས་ཀྱིསPHEICཡི་ཚབ་བྱས་མིན་ཐད་མི་མཐུན་པའི་ཆ་གནས་ཡོད། དེ་ནི་ཀྲུང་གོའི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་མོད། འོན་ཀྱང་ད་དུང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་ཐང་གི་ཛ་དྲག་གི་གནས་ཚུལ་ཞིག་ཏུ་གྱུར་མེད།

ཚོགས་འདུ་ཐེངས་དང་པོའི་ཐོག་ཐོལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་བསམ་འཆར་མི་འདྲ་བས་ཆ་འཕྲིན་དེ་བས་མང་བ་བཏང་ནས་ད་ཐེངས་ཀྱི་རིམས་ནདPHEICགྲུབ་མིན་གཏན་འཁེལ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། དེར་མ་ཟད་ཚོགས་འདུ་འཚོགས་སྐབས་ཝུའུ་ཧན་གྱིས་སྤྱི་བའི་འགྲིམ་འགྲུལ་མ་ལག་སྒོ་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ནི་ནུས་ལྡན་གྱི་ཚོད་འཛིན་བྱ་ཐབས་ཤིག་རེད། དེར་བརྟེན་ཨུ་ཡོན་ལྷན་ཁང་གིས་ཡང་བསྐྱར་ཚོགས་འདུ་འཚོགས་རྒྱུ་དང་། ཆ་འཕྲིན་ཞིབ་འཇུག་གསར་ཤོས་དང་ཟུང་འབྲེལ་བྱས་ནས་རིམས་ནད་རིམ་འགྱུར་གྱི་གནས་ཚུལ་དང་དེ་བཞིན་ཉེན་ཁ་དོ་དམ་བྱེད་ཐབས་ཐག་གཅོད་བྱས།

སྤྱི་ལོ2020ལོའི་ཟླ1པོའི་ཚེས30ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བ་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཞིག་ཏུ་ཁྱབ་བསྒྲགས་བྱས་ཤིང་། ཡུལ་སྐོར་དང་ཚོང་དོན་གྱི་ཚོད་འཛིན་ལག་བསྟར་བྱ་རྒྱུའི་གྲོས་གཞི་མི་འདོན་རྒྱུ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཚད་མཐོའི་གདེང་འཇོག་བྱ་རྒྱུའི་ནན་བཤད་བྱས་པ་རེད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-25

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།