ཧོ་མའི་ལོ་རྒྱུས་སྙན་ངག

བསྟན་བཅོས་འདི་རྩོམ་མཁན་ཧོ་མ་ལ་མཚོན་ན་ལོ་རྒྱུས་ཡིག་ཆ་དཀོན་པས་ད་རག་བར་འཁྲུངས་འདས་སོགས་གཏན་འབེབ་བྱས་མེད། 《ཧོ་མའི་ལོ་རྒྱུས་སྙན་ངག》ཅེས་པའི་བསྟན་བཅོས་འདིར་མཚོན་ནའང་དགྲོལ་ཐབས་བྲལ་བའི་གསང་རྒྱ་མང་བས་བྱུར་བུར་སྤུངས་པའི་རྩོད་གཞིས་ཡོ་རོབ་གླིང་གི་རྩོམ་རིག་ལོ་རྒྱུས་སྟེང་ཧོ་མའི་གནད་དོན་ཞེས་གླེང་བྱ་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།  

ཐན་ཧྥང་མཚན་གླེང་ངམ་ཞག་མ་སྟོང་རྩ་གཅིག

《ཐན་ཧྥང་མཚན་གླེང》ངམ《ཞག་མ་སྟོང་རྩ་གཅིག》ནི་གནའ་བོའི་ཨ་རབ་དམངས་ཁྲོད་ཀྱི་གཏམ་རྒྱུད་ཕྱོགས་བསྒྲིགས་དེབ་ཅིག་ཡིན། དེབ་འདིའི་ཁྲོད་ཀྱི་གཏམ་རྒྱུད་ལ་ལ་ཞིག་གནའ་སྔ་མོ་ནས་ཨ་རབ་ཀྱི་དམངས་ཁྲོད་ངག་རྒྱུན་དུ་ཁྱབ་འདུག ཆུ་ཁུངས་ཡར་འདེད་ཀྱི་ཚུལ་དུ་བྱས་ན་མ་མཐའ་ཡང་སྤྱི་ལོ་དུས་རབས་དྲུག་པའི་སྔ་གཞུག་བར་དུ་དེད་ཆོག

རིགས་དབྱེ།  

ལྷའི་རོལ་དབྱངས།

ཏན་ཏིང་གི་བརྩམས་ཆོས་གྲགས་ཅན་《ལྷའི་རོལ་དབྱངས》ཞེས་པའི་སྙན་ངག་རིང་མོ་དེ་དམྱལ་ཁམས་དང་། དམྱལ་ཁམས་ཆེན་མོ། ལྷ་ཡུལ་བཅས་ལེའུ་གསུམ་དུ་བགོས་ཡོད་པ་དང་། རྩོམ་པ་པོས་སྒྱུ་འཕྲུལ་གྱི་ལག་ཐབས་ལ་བརྟེན་ནས་ཁོང་རང་ཉིད་དམྱལ་ཁམས་དང་དམྱལ་ཁམས་ཆེན་མོ་དང་ལྷ་ཡུལ་བཅས་སུ་འགྲིམས་པའི་མཐོང་ཐོས་བྲིས་འདུག

རིགས་དབྱེ།  

ཐང་ཅི་ཧུ་ཏུ།

སའེ་ཝན་ཐི་སིའི་མིང་དུ་གྲགས་པའི་འཐུས་ཚབ་བརྩམས་ཆོས་སྒྲུང་རིང《ཌོང་ཀི་ཧོ་ཋེ》དེས་དུས་རབས་བཅུ་དྲུག་དང་བཅུ་བདུན་པའི་སྟོད་དུ་ཉམས་རྒུད་དུ་བགྲོད་བཞིན་པའི་སི་ཕེན་རྒྱལ་ཁབ་ཀྱི་འགལ་བ་སྣ་མང་དཔྱིས་ཕྱིན་པར་ཕྱིར་མཚོན་བྱས་ཡོད་པར་མ་ཟད། སྐུ་དྲག་གྲལ་རིམ་གྱི་སྐྱུགས་བྲོ་བའི་འཚོ་བར་དགག་རྒྱག་ཚ་ནན་བརྒྱབ་པ་སོགས་སྐབས་དེའི་དངོས་ཡོད་འཚོ་བ་གཏིང་ཟབ་མོ་དང་རྒྱ་ཆེན་པོར་མཚོན་པ་དང་། མི་སྣ་སྒྲུབ་བཞེང་གི་ཁྱབ་ཆེའི་རང་བཞིན་སོགས་ཀྱི་སྟེང་ནས་རིམ་པ་གསར་བ་ཞིག་གི་གནས་སུ་བསླེབས་ཡོད།

རིགས་དབྱེ།  

ཧྲ་ཧྲི་པི་ཡའི་གསུང་འབུམ།

ཧྲ་ཧྲི་པི་ཡ་ནི་ཡོ་རོབ་གླིང་རིག་རྩལ་བསྐྱར་དར་སྐབས་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་འགྲན་ཡ་མེད་པའི་འཐུས་ཚབ་པ་ཡིན། ཁོང་གིས་སྒྲུབ་བཞེང་བྱས་པའི་འཁྲབ་གཞུང་ཁྲོད་ཀྱི་མི་སྣའི་སྣང་བརྙན་ནི་གསོན་ཉམས་ལྡན་ཞིང་རེ་རེར་ཐུན་མོང་མ་ཡིན་པའི་རང་གཤིས་ལྡན་པ་ལས་གཞན་བྱུང་རིམ་གྱིས་མི་སེམས་འགུག་ཅིང་ཡིད་དབང་འཕྲོག་པ་ཞིག་ཡིན།

རིགས་དབྱེ།  

རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ།

《རཱ་པིན་ཟུན་གྱི་ཡུལ་གྱར་ཟིན་ཐོ》ནི་རྩོམ་མཁན་ཏན་ཉི་ཨར·ཏིས་ཧྥིས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

ཁ་ཆེ་ཕ་ལུ།

《ཁ་ཆེ་ཕ་ལུ》འམ《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་དངོས་གྲུབ་ཆུ་མིག》ཅེས་པ་འདི་ནི་དུས་རབས་བཅུ་དགུ་པ་ནས་ཉི་ཤུ་པའི་དུས་མགོར་བོད་དུ་དར་ཁྱབ་ཆེ་བའི་བསླབ་བྱ་ཞིག་རེད།

རིགས་དབྱེ།  

ཁྱད་པར་འཕགས་བསྟོད།

《ཁྱད་པར་འཕགས་བསྟོད》ནི་སྟོན་པ་ཐུབ་པའི་དབང་བོ་ལ་བསྟོད་པ་རྒྱ་གར་གྱི་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་ཡིས་བརྩམས་པ་ཡིན།

རིགས་དབྱེ།  

ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ།

《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ》ནི་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་རྒྱ་གར་གྱི་སློབ་དཔོན་བདེ་བྱེད་བདག་པོས་མཛད་པ་ཡིན།

རིགས་དབྱེ།  

གཏམ་པད་མའི་ཚལ་གྱི་ཟློས་གར།

《གཏམ་པད་མའི་ཚལ་གྱི་ཟློས་གར》ནི་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་དུས་རབས་བཅུ་དགུ་བའི་ནང་དུ་བརྩམས་པ་ཡིན།

རིགས་དབྱེ།  

གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།

《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་ཤིང་། སྤྱི་ལོ1718ལོར་ཁོང་གིས་ལྕགས་རྩེ་གྲི་གུ་རྫོང་གི་རྫོང་དཔོན་གྱི་འགན་བཞེས་བཞིན་པའི་སྐབས་སུ་བརྩམས་པའོ། །

རིགས་དབྱེ།  

གུང་ཐང་བསླབ་བྱ།

གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་བསླབ་བྱ་ནི་ཆོས་ལུགས་ལ་སྦྱར་ནས་མི་རྣམས་ལ་ཁ་ཏ་སློབ་གསོ་གནང་ཡོད་པས་བསླབ་བྱ་ཀུན་ལས་མཆོག་གོ།

རིགས་དབྱེ།  

ཆུ་ཤིང་བསྟན་བཅོས།

《ཆུ་ཤིང་བསྟན་བཅོས》ཞེས་པ་ནི། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག་གིས་མཛད་པའི《ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན》ཞེས་ཤོ་ལོ་ཀ་བརྒྱ་དང་དྲུག་ཡོད་པ་དེ་དང་།《ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན》ཞེས་ཤོ་ལོ་ཀ་བརྒྱ་དང་སོ་དགུ་ཡོད་པ་དེ་གཉིས་ཀྱི་བསྡུས་མིང་ངོ་།།

རིགས་དབྱེ།  

སྙན་ངག་མེ་ལོང་མ།

《སྙན་ངག་མེ་ལོང་མ》ནི་རྒྱ་གར་གྱི་སློབ་དཔོན་ནམ་སྙན་ངག་མཁན་པོ་དཎྜི་སྟེ་བོད་སྐད་དུ་དབྱུག་པ་ཅན་ཞེས་པས་རྒྱ་གར་ཤར་བ་དང་། ལྷོ་བའི་ལམ་སྲོལ་ཐ་དད་པ་དང་། ཤར་ལྷོ་ལམ་སྲོལ་ཐུན་མོང་བ་རྣམས་ཀྱི་སྙིང་པོ་བསྡུས་ནས་ལེའུ་གསུམ་གྱི་གཞུང་ཚད་དུ་དྲིལ་བར་མཛད་པ་འདི་ཉིད། འགྲོ་འགོན་ཆོས་རྒྱལ་འཕགས་པའི་སྐབས། ཤོང་ལོ་རྡོ་རྗེ་རྒྱལ་མཚན་དང་། རྒྱ་གར་གྱི་པཎྜི་ཏ་ཀྵྨཱི་ར་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བོད་ཡིག་ལ་བསྒྱུར་ཏེ་ཕྱིས་སུ་དཔང་བློ་གྲོས་བརྟན་པ་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་སྔ་ཕྱིའི་མཁས་པ་མང་པོས་རྒྱ་གཞུང་དང་བསྟུན་ཏེ་འགྱུར་བཅོས་དག་ཐེར་རིམ་པར་མཛད་པའི་སྙན་ངག་གི་གཞུང་ཆེན། དུས་ཕྱིས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་སྤྱི་ལོ1772ལོར་གསར་འགྱུར་བྱས་པ་བཅས་ཡོད།

རིགས་དབྱེ།  

ཇ་ཆང་ལྷ་མོའི་བསྟན་བཅོས།

《ཇ་ཆང་ལྷ་མོའི་བསྟན་བཅོས》ནི་རྩོམ་པ་པོ་བོན་གྲོང་པ་ཚེ་བརྟན་ཡེ་ཤེས་ལགས་ཀྱིས་བརྩམས་པ་མང་ཆེར་གྲགས་ལ། དེའི་ནང་དུ་ཇ་ཆང་གཉིས་ལྷ་མོའི་གཟུགས་སུ་བྱས་ནས་བྲིས་ཡོད།

རིགས་དབྱེ།  

དགེ་ལྡན་ལེགས་བཤད།

བསྟན་བཅོས་འདིའི་མཚན་ཧྲིལ་བོ་ལ《མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ》ཞེས་བྱ་ཞིང་། པཎ་ཆེན་བསོད་ནམས་གྲགས་པས་མཛད། བསྟན་བཅོས་ཧྲིལ་བོ་ལ་ཚིགས་བཅད་བརྒྱ་དང་ཉེར་ལྔ་ཡོད།

རིགས་དབྱེ།  

དཔེ་ཆོས་རིན་ཆེན་སྤུངས་པ།

འབྲོམ་སྟོན་གྱི་དངོས་སློབ་སྤྲུལ་བའི་སྐུ་མཆེད་གསུམ་གྱི་ཡ་གྱལ་བཀའ་གདམས་པའི་དགེ་བཤེས་པོ་ཏོ་བས་དཔེ་ཆོས་གསུངས་ཤིང་། དེ་དག་ཕྱོགས་གཅིག་ཏུ་རྒྱས་བསྡུས་རན་པར་ལེགས་པར་བསྒྲིགས་ཏེ《དཔེ་ཆོས་རིན་ཆེན་སྤུངས་པ》རུ་འབྱེད་མཁན་ནི་པོ་ཏོ་བའི་སློབ་མ་ལྕེ་སྒོམ་རྫོང་བ་ཤེས་རབ་རྡོ་རྗེ་ཡིན།

རིགས་དབྱེ།  

གཡེང་།

སྒྲུང་རིང《གཡེང》ནི་མ་ཀི་ལེ་ཐིག•མུའུ་ཆེ་ཨར་གྱིས་བརྩམས་པའི་བརྩེ་དུངས་བརྗོད་པའི་སྒྲུང་རིང་ཁྱད་དུ་འཕགས་པ་ཞིག་ཡིན།

རིགས་དབྱེ།  

གྲོགས་ཡག

སྒྲུང་རིང《གྲོགས་ཡག》ནི་མོ་པོ་སང་གིས་བརྩམས་པའི་འཇམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

ང་རྒྱལ་དང་ཕྱོགས་ལྷུང་།

སྒྲུང་རིང《ང་རྒྱལ་དང་ཕྱོགས་ལྷུང》ནི་ཀྲིན་ཉིད•ཨའོ་སི་ཏིན་གྱིས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

ཅན•ཨའེ།

《ཅན•ཨའེ》ནི་སྙན་གྲགས་ཆེ་བའི་པའོ་ལང་ཐིག་ལྕམ་སྲིང་གསུམ་ཞེས་པའི་ཁྲོད་ཀྱི་ཞ་ལོ་ཏི•པའོ་ལང་ཐིག་གིས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

ཐེ་ཀོར་གྱི་སྙན་ངག་བདམས་བཀོད།

ཐེ་ཀོར་ནི་འཛམ་གླིང་སྟེང་ཤན་ཤུགས་ཆེ་བའི་རྩོམ་པ་པོ་ཞིག་ཡིན། ཁོང་ཉིད་ལྷན་སྐྱེས་ཀྱི་ཤེས་རབ་མེ་ལྟར་འབར་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་འགྲན་ཟླ་དང་བྲལ་བས་བརྩམས་ཆོས་སྣ་མང་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན། ཚེ་གང་བོར་སྙན་དེབ་ལྔ་བཅུ་ལྷག་བརྩམས་པས་སྙན་ངག་གི་འཕགས་པ་ཞེས་པའི་མཚན་སྙན་ལྡན།

རིགས་དབྱེ།  

དམར་པོ་དང་ནག་པོ།

སྒྲུང་རིང《དམར་པོ་དང་ནག་པོ》རྩོམ་པ་པོ་ཟི་ཐང་ཏས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན་ཞིང་། དེ་ནི་དུས་རབས་བཅུ་དགུ་བའི་ཡོ་རོབ་གླིང་གི་དགག་རྒྱག་དངོས་ཡོད་རིང་ལུགས་ཀྱི་རྨང་འདིང་བྱེད་ཀྱི་བརྩམས་ཆོས་ཡིན།

རིགས་དབྱེ།  

པ་ལིའི་འཕགས་མ་གླིང་།

སྒྲུང་རིང《པ་ལིའི་འཕགས་མ་གླིང》ནི་ཡུས་ཀོས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན་ཞིང་། དེ་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ། རྟོག་པ་ཕུན་སུམ་ཚོགས་པའི་གསར་རྩོམ་ཞིག་ཡིན།

རིགས་དབྱེ།  

བསྐྱར་གསོན།

སྒྲུང་རིང《བསྐྱར་གསོན》ནི་ལེ་ཧྥི•ཐོར་སི་ཐེས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

བྱིས་དུས།

སྒྲུང་རིང《བྱིས་དུས》ནི་ཀོར་ཅིས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

མཁར་ཟུང་ཟིན་ཐོ།

སྒྲུང་རིང《མཁར་ཟུང་ཟིན་ཐོ》ནི་ཏིས་ཀུན་སིས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

མེ་ཏོག་ཧྲན་ཁྲ་མ།

《མེ་ཏོག་ཧྲན་ཁྲ་མ》ནི་ལྡེའུ་མ་ཆུང་བས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན་ཞིང་། སྒྲུང་གཏམ་དང་ཟློས་གར《མེ་ཏོག་ཧྲན་ཁྲ་མ》ཡི་ཁྲོད་དུ་ང་ཚོར་གསོན་ཉམས་ལྡན་ཞིང་ཁྱད་ཆོས་འབུར་དུ་དོད་འདུག་པའི་སྒྱུ་རྩལ་གྱི་སྣང་བརྙན་གང་མང་བཞེང་སྐྲུན་བྱས་ཡོད།

རིགས་དབྱེ།  

ཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ།

《ཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ》ནི་མུའུ་ལན•ཁུང་ཏིག་ལས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།  

འུར་གྱིས་ཁེངས་པའི་གཞིས་ཀ

《འུར་གྱིས་ཁེངས་པའི་གཞིས་ཀ》ནི་སྙན་གྲགས་ཆེ་བའི་པའོ་ལང་ཐིག་ལྕམ་སྲིང་གསུམ་ཞེས་པའི་ཁྲོད་ཀྱི་ཨེ་མི་ལེ•པའོ་ལང་ཐིག་གིས་བརྩམས་པའི་འཛམ་གླིང་རྩོམ་རིག་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

རིགས་དབྱེ།