གེ་སར་སྒྲུང་གི་གཏམ་དཔེ།

གཏམ་དཔེ་ནི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་དང་ཐོན་སྐྱེད། གྲལ་རིམ་བཅས་འཐབ་རྩོད་བྱས་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་། དེ་བཞིན་མི་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་དང་ཀུན་སྤྱོད་ལྟ་ཚུལ། འཇིག་རྟེན་ཁམས་ཀྱི་རི་ར་བ་ཁང་ཁྱིམ་དང་རང་བྱུང་ཁམས་ཀྱི་འཐབ་རྩོད་ལས་མིའི་རིགས་ཀྱི་འཚོ་བ་རོལ་ཚུལ་ལ་དཔྱད་གཞི་ཡང་དག་པ་དྲངས་ཡོད་པ་ཞིག་ཡིན་པ་དང་། འདིར་གླིང་སྒྲུང་ནང་གི་གཏམ་དཔེ་ཡི་ཁྱད་ཆོས་གཙོར་བཟུང་ནས་བཀོད་ཡོད།

རིགས་དབྱེ།  

རི་བོང་ཅལ་རྒྱུག

ཤིང་བིལ་བུའི་འབྲས་བུ་ཆུ་ལ་ལྷུང་བའི་སྒྲ་ཅལ་ཞེས་བྱུང་བ་དེར་དོགས་སྐྲག་སྐྱེས་པའི་རི་བོང་གི་སྐད་ཆ་ལ་བརྟེན་ནས་རི་དྭགས་ཐམས་ཅད་འབྲོ་དགོས་བྱུང་བའི་སྔོན་གྱི་གཏམ་རྒྱུད་ཅིག

རིགས་དབྱེ།  

བསྟོད་གླུ།

གཞས་གཏོང་བའི་སྒོ་ནས་ཆེ་བསྟོད་བྱེད་པ་སྟེ། བརྗོད་བྱ་ཕུན་སུམ་ཚོགས་པའི་ཚིག་འབྲུ་དག་སྙན་མོ་དབྱངས་ཀྱི་རྟ་ལ་བསྐྱོན་ཏེ་ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་གང་རུང་ལ་བསྟོད་སྔགས་བྱེད་པའི་གླུ་ཡི་རིགས་ཤིག་ཡིན།

རིགས་དབྱེ།  

བོད་ཀྱི་དམངས་གླུ།

དམངས་གླུ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་བའི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་པའི་ཚིགས་བཅད་བརྩམས་ཆོས་ཐུང་ངུ་ཞིག་ལ་བྱ་ཞིང་། ཁོ་ཚོའི་ཡིད་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་ཕྱིའི་ངག་གི་དབྱངས་རྟ་ངེས་ཅན་ལ་བརྟེན་ནས་འཁྲོལ་བ་ཡིན།

རིགས་དབྱེ།  

ངལ་རྩོལ་གྱི་གླུ།

ངལ་རྩོལ་གྱི་གླུ་ནི་བོད་དམངས་ཁྲོད་དུ་ཞིང་འབྲོག་ནགས་ཞོར་སོགས་ཀྱི་ལས་རིགས་མི་འདྲ་བ་སོ་སོར་ངལ་རྩོལ་བྱེད་སྐབས་ཚང་མར་དམིགས་གསལ་གྱི་གླུ་གཞས་གཏོང་རྒྱུ་ཡོད་པ་དེ་ལ་ཟེར།

རིགས་དབྱེ།  

གཡུལ་བརྡུང་བའི་གླུ།

གཡུལ་བརྡུང་བའི་གླུ་ནི་ཞིང་ལས་གླུ་གཞས་ནང་གི་རིགས་ཤིག་ཡིན་ལ། དེ་གཙོ་བོ་ཞིང་ལས་ས་ཁུལ་དུ་དར་ཁྱབ་ཆེ།

རིགས་དབྱེ།  

ཐགས་འཐག་པའི་གླུ།

ཐགས་འཐག་པའི་གླུ་ནི་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཤིན་ཏུ་ཆེ་ཞིང་། གཞས་གདངས་ཀྱི་རོལ་ཚིགས་དང་ངལ་རྩོལ་གྱི་བྱེད་ལུགས་གཉིས་ཧ་ཅང་མཐུན་པོ་ཡོང་བ་དང་མི་གཅིག་གིས་ལེན་པ་ཤས་ཆེ། ངལ་རྩོལ་ལ་རམ་འདེགས་དང་ངལ་བ་ཁྱད་གསོད་ཀྱི་ནུས་པ་ཐོན་པ་ཞིག་ཡིན།

རིགས་དབྱེ།  

ཁམས་ཕྱོགས་ཀྱི་སྒོར་གཞས།

ཁམས་ཕྱོགས་ཀྱི་སྒོར་གཞས་ནི་སྐྱེས་ཕོ་མོ་རྣམས་ལག་གདང་སྦྲེལ་ནས་སྒོར་སྒོར་དུ་བསྡད་དེ་འཁྲབ་ལེན་བྱེད་པའི་གླུ་གར་ཞིག་ཡིན་ལ། གཞས་ཚིག་དང་རོལ་དབྱངས། བྲོ་གར་བཅས་ཕུང་བོ་གཅིག་ཏུ་གྱུར་བས། ཆེས་གནའ་རབས་ཀྱི་དམངས་ཁྲོད་སྒྱུ་རྩལ་སོགས་ཀྱི་འབྱུང་ཁུངས་ཀྱང་ཡིན། དབྱངས་རྟའི་འགྱུར་ཁུགས་ནི་བབ་ཆགས་པ་དང་སྟོབས་ལྡན་པ། སྤྲོ་སེམས་འཁོལ་བ། སྤོབས་ཉམས་བསྐྱེད་པ་སོགས་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

ལས་གཞས།

བོད་རིགས་ངལ་རྩོལ་མི་དམངས་ནི་དཔའ་ངར་ལྡན་ཞིང་ལས་ལ་བརྩོན་པ་ཞིག་ཡིན་པས། ལས་རིགས་གང་དང་གང་ལ་དེ་དང་དེ་འབྲེལ་གྱི་གཞས་སྣ་ཚོགས་པ་ཞིག་ཡོད་པ་དེ་ལ་ཟེར།

རིགས་དབྱེ།  

གྲལ་རིམ་འཐབ་རྩོད་མཚོན་པའི་གཞས།

བོད་ཀྱི་སྤྱི་ཚོགས་འདི་ཡང་མི་རབས་ནས་མི་རབས་རིམ་པར་བརྒྱུད་དེ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་བརྒྱུད་མྱོང་བས། གཞས་ཀྱི་ནང་དུའང་བཀས་བཀོད་རྒྱུད་འཛིན་བཤུ་གཞོག་གྲལ་རིམ་གྱི་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་མོ་བཞག་ཡོད་པ་དེ་ལ་ཟེར།

རིགས་དབྱེ།  

སྲིད་དོན་དང་འབྲེལ་བའི་གཞས།

དེ་ཡང་དབང་སྒྱུར་དབོན་པོ་ཁག་གིས་སྲིད་དབང་འཕྲོག་རྩོད་བྱེད་པའི་བྱ་སྤྱོད་ངན་པ་དེས་བོད་མི་དམངས་ཁྲོད་དུའང་ཤུགས་རྐྱེན་ངན་པའི་བག་ཆགས་གཏིང་ཟབ་མོ་བཞག་ཡོད་པས། དེར་མཚང་འབྱིན་དང་དགག་རྒྱག་ཐེར་འདོན་བྱས་ཡོད་པའི་གཞས་ལ་ཟེར།

རིགས་དབྱེ།  

རྒྱལ་གཅེས་ཀྱི་རྣམ་པ་མཚོན་པའི་གཞས།

ཕྱིའི་རྒྱལ་ཁབ་ཀྱི་བཙན་འཛུལ་དང་གཉའ་གནོན་བཤུ་གཤོག་ལ་མགོ་བོ་མི་སྒུར་བར། དེ་དག་ངོ་རྒོལ་དང་འཐབ་རྩོད་ཀྱི་སྙིང་སྟོབས་མཚོན་པར་བྱེད་པའི་གཞས་ལ་ཟེར།

རིགས་དབྱེ།  

གཞན་འགྱུར་རང་བཞིན།

གཞན་འགྱུར་རང་བཞིན་ནི་གཏམ་རྒྱུད་ལ་ལ་ཞིག་ཡུལ་དང་མི་རིགས་ངེས་ཅན་ཞིག་གམ་ཡང་ན་ཡུལ་དང་མི་རིགས་མི་གཅིག་པའི་ཁྲོད་དུ་བརྒྱུད་སྒྲོག་བྱུང་དུས་སྤྱི་ཕྱོགས་ནས་འདྲ་ཞིང་བྱེ་བྲག་གམ་ཆུང་ཕྱོགས་ནས་ཁྱད་པར་རེ་ཡོད་པའི་སྣང་ཚུལ་མངོན་པ་དེ་ལ་ཟེར།

རིགས་དབྱེ།  

འབྲས་དཀར།

འབྲས་དཀར་ཞེས་པ་ནི་འབྲེལ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་ཡིན་ཏེ། འབྲས་ཞེས་པ་ནི་འབྲས་བུ་ལ་གོ་ཞིང་། འབྲས་བུའི་མཚན་ཉིད་ནི་བསྐྱེད་བྱ་དེ་ཡིན་པའི་ཕྱིར་ན། དེ་ལྟར་ལོ་གསར་སོགས་དུས་སྟོན་གྱི་སྐབས་ཤིས་ཚིག་བརྗོད་པས་རྟགས་དང་རྟེན་འབྲེལ་གྱི་འབྲས་བུ་དཀར་བོར་སྨིན་པར་འགྱུར་བས་ན་དེ་སྐད་ཅེས་བཏགས་པ་ཡིན།

རིགས་དབྱེ།  

བབས་སྒྲུང་།

བབས་སྒྲུང་ཞེས་པ་ནི“གང་བརྗོད་པར་བྱ་བའི་སྒྲུང་རྣམས་རང་ཤུགས་ཀྱིས་སྒྲུང་མཁན་གྱི་ཀླད་པར་འཆར་བའམ་ཡང་ན་དམིགས་གསལ་གྱི་ནུས་མཐུ་ལྡན་པའི་སྟོབས་ཤུགས་ག་གེ་མོ་ཞིག་གིས་སྒྲུང་མཁན་ལ་བརླམས་པ་ལྟར་བརྗོད་པ”ཞིག་ཡིན།

རིགས་དབྱེ།  

འབྲི་སྒྲུང་།

འབྲི་སྒྲུང་ནི་ཡི་གེ་ངེས་ཅན་ཞིག་ཤེས་པའི་ཆ་རྐྱེན་ལ་བརྟེན་ཏེ་ཆུང་དུས་ནས་བཟུང་གེ་སེར་སྒྲུང་ལ་དགའ་ཞེན་ཆེ་ཞིང་དད་འདུན་ལྷོད་མེད་ཀྱི་བརྩོན་འགྲུས་སམ། ཡང་ན་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་ལ་བརྟེན་ནས་རིམ་གྱིས་སྒྲུང་དཔེ་གསར་རྩོམ་ཤེས་པ་ལ་ཟེར།

རིགས་དབྱེ།  

པྲ་ཕབ་སྒྲུང་།

འདིའི་སྐོར་ལ་ལ་ལས་ཕབ་སྒྲུང་དང་ལ་ལས་པྲ་སྒྲུང་ཞེས་འབོད་སྲོལ་ཡོད་ཀྱང་། དོན་ལ་དེ་གཉིས་མིང་གི་རྣམ་གྲངས་ཙམ་དུ་ངེས་སོ། ། པྲ་ཕབ་ཀྱི་སྒྲུང་ཞེས་པའང་ཡུན་རིང་བསགས་པའི་སྔགས་ཀྱི་ཞབས་ཤེས་སོགས་ལ་བརྟེན་ནས་ལྐོག་གྱུར་གཟུགས་བརྙན་གྱི་བརྡ་ཕབ་པར་བརྟེན་ནས་བཤད་པའི་སྒྲུང་ལ་ཟེར།

རིགས་དབྱེ།  

བསླབ་སྒྲུང་།

བསླབ་སྒྲུང་ནི་སྒྲུང་བ་གཞན་དང་མི་མཚུངས་བར། ཆུང་ངུའི་དུས་ནས་བཟུང་རིག་གནས་ལ་སྦྱངས་བ་ལེགས་པར་སོང་བའི་རྨང་གཞིའི་ཐོག་གེ་སེར་རྒྱལ་པོའི་སྒྲུང་ལ་སུན་སྣང་མེད་པར་ཀློག་འདོན་མཛད་དེ་ཁ་བྱང་མིག་བྱང་ཡིད་བྱང་དུ་གྱུར་པའི་ཚེ། སྒྲུང་ཁག་འགའ་རེའམ་ལེའུ་འགའ་རེ་བློ་ལས་བཤད་ཤེས་པའི་རིགས་ལ་ཟེར།

རིགས་དབྱེ།  

བྱིས་སྒྲུང་།

དེ་ལ་བྱ་དཔེ་བྱིས་སྒྲུང་ཡང་ཟེར་ཏེ། སྒྲུང་ཚོགས་ཤིག་ལ་གོ་དགོས། དེའི་ནང་བྱ་བྱེའུ་ཁོ་ནར་མ་ཟད། སྤྲེའུ་དང་རི་བོང་སོགས་རི་དྭགས་ཀྱི་སྒྲུང་དང་། སེང་གེ་དང་ཝ་མོ་སོགས་གཅན་གཟན་གྱི་སྒྲུང་། བུང་བ་དང་ཕྱེ་ལེབ་སོགས་འབུ་རིགས་ཀྱི་སྒྲུང་སོགས་སྒྲུང་རིགས་མི་འདྲ་བ་སྣ་ཚོགས་ཞིག་འདུས། དེ་དག་ལ་འཕྲུལ་སྣང་དང་སྒྲོ་བཏགས། འུད་བརྗོད་མང་བ་ནི་བྱིས་པའི་བསམ་བློ་དང་མཐུན་པས། བྱིས་པ་རྣམས་ལ་ཀུན་སྤྱོད་དང་ཤེས་རིག་བཅས་ཀྱི་སློབ་གསོ་བྱ་ཐབས་ཤིག་ཡིན།

རིགས་དབྱེ།  

སྲིད་པ་ཆགས་གླུ།

སྲིད་པ་ཆགས་གླུ་ནི་བོད་གནའ་རབས་ཀྱི་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་གི་རྣམ་པ་ལྡན་པའི་རྩོམ་རིག་ཅིག་ཡིན་ལ། གབ་ཚིག་གི་དྲི་བ་དྲི་ལན་གྱི་ཁྱད་ཆོས་འཛོམས་པའི་རྩོམ་རིག་ཅིག་ཀྱང་ཡིན།

རིགས་དབྱེ།  

གཉེན་གྱི་བཤད་པ།

གཉེན་གྱི་བཤད་པ་ནི་བོད་ཀྱི་གནའ་བོའི་སྤྱི་ཚོགས་ནང་གཉེན་གྱི་ཆོ་ག་འདྲ་མིན་བྱུང་རྗེས་དར་བའི་དམངས་སྲོལ་ཞིག་ཡིན་ཞིང་། བོད་ཀྱི་ངག་རྒྱུན་བཤད་པ་སྣ་ཚོགས་ལས་དར་སྲོལ་ཆེས་ཆེ་བ་ཞིག་ཡིན།

རིགས་དབྱེ།  

མནའ་མ་རྒྱ་མོ།

འདིར་མནའ་མ་ཞིག་གིས་འབྲི་བཞོ་མ་ཤེས་པར་དགུན་ཐོན་དུས་འཕེལ་ཐོགས་རེག་རྒྱུ་མ་བྱུང་བའི་ཚུལ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།  

ལས་ལན།

འདིར་ཞི་ལུ་པྲ་ཚག་ཅིག་གིས་ཉིན་རྒྱུན་ཁྱིམ་མཚེས་ཚང་གི་ཁྱི་ལ་རྡུང་བས་ཁྱིམ་བདག་ཁོང་ཁྲོ་ལངས་ནས་ཁྱི་བཏང་སྟེ་རང་ལ་རྨུག་པར་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།  

ཨ་ཁུ་ཇ་དགའ།

འདིར་ཨ་ཁུ་ཇ་དགའ་ཞིག་གིས་ཇ་ཞིམ་པོ་ཞིག་བསྐོལ་ཅིང་རང་གི་གྲོགས་པོ་མགྲོན་ལ་བོས་པ་ན་གྲོགས་པོ་དེས་ཚུལ་དེར་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།  

དཔོན་མོ།

འདིར་ཟ་མ་དཀའ་ངལ་གྱི་ལོ་ཟླའི་ནང་སྡེ་དཔོན་གྱི་ཆུང་མ་ཞིག་གིས་ཇ་མ་བྱེད་སྐབས་ལྐོག་ཏུ་ཟ་མ་རང་ཁྱིམ་ལ་ཁྱེར་ནས་གཞན་ལ་ལྟོགས་སྡུག་མྱང་དུ་བཅུག་པ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།  

འཐབ་རྩོད།

འདིར་རིག་གསར་སྐབས་སུ་བུད་མེད་ཅིག་གིས་བླ་མ་དང་གྲྭ་བ་རྣམས་ཀྱི་གཉའ་ལ་ཞོན་ནས་འཐབ་རྩོད་བྱས་ཏེ། སྔོན་ཐོན་དཔེ་ལེགས་ཀྱི་མཚན་སྙན་ཐེངས་མང་བླངས་པ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།  

ལས་བཅོལ།

འདིར་ཡུལ་གཙོ་ཆང་འཐུང་ཞིག་ཡོད་པ་ལ། རྒན་མོ་ལོ་ལོན་ཞིག་གིས་རང་གི་བུ་མོར་མག་པ་ཞིག་བཙལ་དགོས་པའི་ལས་བཅོལ་བྱས་པ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།  

ལེ་ལོ་ཅན།

འདིར་མི་འགའ་མཉམ་དུ་དབྱར་རྩྭ་འཐུ་རུ་སོང་བར། ཁོ་ཚོའི་ཁྲོད་ཀྱི་གསར་བུ་སྒྱིད་ལུག་ཅིག་ཡོད་པ་ཉིན་མཚན་མེད་པར་གཉིད་ནས་བསྡད་དེ་དབྱར་རྩྭ་འཐུ་རུ་མ་སོང་བ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།  

རི་ཁྲོད་པ།

འདིར་ལོ་ཞིག་གི་དགུན་ཁར་བླ་ནག་བླ་རྒན་མཚོ་སྔོན་པོའི་མཚོ་སྙིང་དུ་མཚམས་ལ་བསྡད་ནས་འདུག་མ་བཟོད་པ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།  

སྤྲང་བོ།

འདིར་སྡེ་དཔོན་དབང་ཤུགས་ཅན་ཞིག་ཡོད་པ་དེས་བླ་ནག་བླ་རྒན་ལ་ཕྱིང་ལྭ་རྙིང་བ་ཞིག་ཡོད་དེ་རང་གི་རྣ་ཁེབ་ལ་དགོས་ཟེར་ནས་ཁྱེར་སོང་བ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

རིགས་དབྱེ།