རི་ཁྲོད་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རི་ཁྲོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བཏགས་པ།)

རི་ཁྲོད་པ།
འདིར་ལོ་ཞིག་གི་དགུན་ཁར་བླ་ནག་བླ་རྒན་མཚོ་སྔོན་པོའི་མཚོ་སྙིང་དུ་མཚམས་ལ་བསྡད་ནས་འདུག་མ་བཟོད་པ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ངག་རྩོམ།
ཁྱད་ཆོས།
དཔེ་དོན་སྦྱར་བ།
1 ངོ་སྤྲོད།

འདིར་ལོ་ཞིག་གི་དགུན་ཁར་བླ་ནག་བླ་རྒན་མཚོ་སྔོན་པོའི་མཚོ་སྙིང་དུ་མཚམས་ལ་བསྡད་ནས་འདུག་མ་བཟོད་པ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

2 འདོགས་རྐྱེན།

ལོ་ཞིག་གི་དགུན་ཁར་བླ་ནག་བླ་རྒན་མཚོ་སྔོན་པོའི་མཚོ་སྙིང་དུ་མཚམས་ལ་བསྡད།  ཟླ་འགའ་འགོར་དུས་མཚོ་དར་ལྷུང་ལ་ཉེ་བས་ཁོ་ཕྱིར་འགྲོ་རྒྱུར་བྲེལ་བ་ལངས་ནས་འདུག་མ་བཟོད། སྐབས་དེར་ཆོས་གྲོགས་ཤིག་གིས་ཁོ་ལ།  ང་ཚོར་བྲོ་ཁ་ཚར་ཡང་སྐྱོན་མེད། གནས་འདིར་ཚེ་ཐར་དུ་བཏང་བའི་ར་མའི་འོ་མ་འཐུང་ཆོག་ལ། ད་དུང་དབྱར་སླེབས་ཚེ་སྒང་འདིའི་ཕར་རྒྱབ་ན་རི་སྐྱེས་སྔོ་ཚོད་ཀྱི་རིགས་ཀྱང་ཧ་ཅང་མང་པོ་ཡོད་ཅེས་སེམས་གསོའི་ཚུལ་དུ་བཏགས་པ་གཤམ་ལྟར།

3 བཏགས་པ་དངོས།

ད་ལོ་མ་རྔམ་དགེ་སྦྱོར་དལ་མོ་བྱོས། །      

ད་ལོ་དར་གྱིས་གནང་བ་ཨེ་སྟེར་བལྟ།།     

ད་ལོ་དར་གྱིས་གནང་བ་མི་སྟེར་ན།།  

རུ་སྐོར་ཇོ་མོའི་ར་མའི་འོ་མ་ཡོད།།        

རི་ཡི་རྒྱབ་ན་ཕ་ཟས་ལྡུམ་བུ་ཡོད།།

ཕར་ལ་ཚུར་ལ་འདུག་ཐབས་ཉན་རྒྱུ་རེད།།

ཅེས་བཏགས་པ་བྱས།


བརྡ་འགྲེལ་གདོང་འཛར།

བླ་རྒན། མཚོ་སྔོན་པོ། ར་མ། འོ་མ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-31

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།