གཉེན་གྱི་བཤད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཉེན་གྱི་བཤད་པ་ནི་བོད་ཀྱི་གནའ་བོའི་སྤྱི་ཚོགས་ནང་གཉེན་གྱི་ཆོ་ག་འདྲ་མིན་བྱུང་རྗེས་དར་བའི་དམངས་སྲོལ་ཞིག་ཡིན་ཞིང་། བོད་ཀྱི་ངག་རྒྱུན་བཤད་པ་སྣ་ཚོགས་ལས་དར་སྲོལ་ཆེས་ཆེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
དམངས་སྲོལ་རིག་གནས།
1 ངོ་སྤྲོད་མདོར་བསྡུས།

གཉེན་གྱི་བཤད་པ་ནི་བོད་ཀྱི་གནའ་བོའི་སྤྱི་ཚོགས་ནང་གཉེན་གྱི་ཆོ་ག་འདྲ་མིན་བྱུང་རྗེས་དར་བའི་དམངས་སྲོལ་ཞིག་ཡིན་ཞིང་། བོད་ཀྱི་ངག་རྒྱུན་བཤད་པ་སྣ་ཚོགས་ལས་དར་སྲོལ་ཆེས་ཆེ་བ་ཞིག་ཡིན། ནང་དོན་གྱི་ཆ་ནས་བག་གསར་དང་མག་གསར་བསུ་སྐྱེལ་གྱི་གཉེན་སྟོན་ཐོག་ཁ་བདེ་ལྕེ་བདེ་ཅན་གྱི་ཕོ་གསར་ཞིག་གིས་ལག་ཏུ་ཆང་དང་ཁ་བཏགས་བཟུང་ནས་ཡུལ་ལྷ་གཞི་བདག་ལ་མཆོད་ཁ་འཕེན་པ་དང་། དེའི་འཕྲོར་གཉེན་གྱི་དར་ལུགས། གཏམ་གྱི་སྒོ་མོ་རྣམ་གསུམ། གཏམ་གྱི་འདུས་པ་རྣམ་གསུམ། ཨ་ཁུ་དཔོན་པོའི་སྐྱེས་རབས། ཨ་ཞང་ཚང་གི་སྐྱེས་རྒྱུད། གཉེན་ཚང་གི་སྐྱེས་རབས་རྣམ་ཐར། བག་མ་དང་མག་པར་བསྟོད་པ། སྐེད་རགས་ལ་བསྟོད་པ། བག་མར་གདམས་ངག་བསླབ་བྱ་གཏོང་བ། བུ་མོ་བཅོལ་གདམས་བྱེད་པ་སོགས་ཀྱི་སྲོལ་ཡོད། གཉེན་བཤད་ཀྱི་ཞུ་ཚིག་རེ་རེའི་ནང་རྗོད་བྱེད་ཚིགས་བཅད་བསྟར་ཞིང་། བཏོན་ན་ཁར་བདེ་ཞིང་རྣ་བར་སྙན་པ། རྒན་གཞོན་ཀུན་གྱི་སེམས་ཀྱི་སྐྱོ་སྡུག་གི་སྣང་བ་ཅི་ཡོད་རང་ཤུགས་ཀྱིས་སེལ་ཞིང་དགའ་བ་དང་སྤྲོ་བའི་སྣང་བ་རྒྱ་ཆེར་སྐྱེད་ཐུབ་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་འདུག་གོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།