མནའ་མ་རྒྱ་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མནའ་མ་རྒྱ་མོ།
འདིར་མནའ་མ་ཞིག་གིས་འབྲི་བཞོ་མ་ཤེས་པར་དགུན་ཐོན་དུས་འཕེལ་ཐོགས་རེག་རྒྱུ་མ་བྱུང་བའི་ཚུལ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ངག་རྩོམ།
ཁྱད་ཆོས།
དཔེ་དང་སྦྱར་བ།
1 ​ངོ་སྤྲོད།

འདིར་མནའ་མ་ཞིག་གིས་འབྲི་བཞོ་མ་ཤེས་པར་དགུན་ཐོན་དུས་འཕེལ་ཐོགས་རེག་རྒྱུ་མ་བྱུང་བའི་ཚུལ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།

2 འདོགས་རྐྱེན།

རྒད་པོ་ཁ་བདེ་ཞིག་ཡོད་པ་དེར་མནའ་མ་རྒྱ་མོ་ཞིག་ཡོད་པ་དེས་འབྲི་བཞོ་མ་ཤེས་པར་དགུན་ཐོན་དུས་མར་ཟ་རྒྱུ་མ་བྱུང་བས།  རྒྱ་ལོའི་ཚེས་གཅིག་ཉིན་རྒད་པོས་རྒྱ་མ་ཞིག་ཁྱེར་ནས་མར་ཉོ་བར་འགྲོ་ཞོར་དུ་རང་གི་བུ་དང་མནའ་མར་བཏགས་པ་འདི་ལྟར་བྱས།

3 བཏགས་པ་དངོས།

རྒྱུ་བྱིན་ཆུང་མ་རྒྱ་མོ་བླངས་ན།།

བརྒྱ་སྡེ་ཡོང་ན་ཁ་འཕེན*མེད་ཀི།

དེ་རིང་རྒྱ་ལོའི་ཚེས་གཅིག་ཡིན་རུང་།།

རྒྱ་མ་མི་འཛིན་ཁ་མེད་ལས་རེད།།

4 ཐ་སྙད་གསེད་འགྲོལ།

*ཁ་འཕེན།   མར་གྱི་མིང་གཞན།

བརྡ་འགྲེལ་གདོང་འཛར།

བཏགས་པ། རྒད་མོ། རྒྱ་མོ། མར། རྒྱ་མ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།