ཉེ་རབས་ཀྱི་རྩོམ་རིག

ཡོ་རོབ་གླིང་གི་ཉེ་རབས་རྩོམ་རིག་བྱུང་འཕེལ་གྱི་གོ་རིམ་ཁྲོད་དུ། གནའ་དཔེ་རིང་ལུགས་དང་བློ་འབྱེད་རིང་ལུགས། འཆར་ཡན་རིང་ལུགས། དངོས་ཡོད་དགག་རྒྱག་རིང་ལུགས་སོགས་ཀྱི་རྩོམ་རིག་གྲུབ་མཐའ་མང་དུ་བྱུང་བ་དང་། སྐབས་ཐོག་དེར་བྱོན་པའི་རྩོམ་པ་པོ་དང་བརྩམས་ཆོས་ཀྱང་འཛམ་གླིང་རྩོམ་རིག་གི་རྒྱན་དང་ཏོག་ལྟ་བུར་གྱུར་ཡོད་དོ།།

རིགས་དབྱེ།  

ཟློས་གར།

བོད་ཀྱི་ཟློས་གར་ནི་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་ཚང་མས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་ཞིག་ལགས། དེ་ནི་བོད་རིགས་མི་དམངས་ཀྱི་རིན་ཐང་བྲལ་བའི་རིག་གནས་གྱ་ནོམ་པ་ཞིག་ཡིན།

རིགས་དབྱེ།  

དོན་རྒྱན།

དོན་རྒྱན་ནི་སྡེ་བཞི་ལ་སོགས་པ་འདོད་བྱའི་དོན་གྱི་སྦྱོར་བ་གཙོ་བོར་སྟོན་ཞིང་། རྒྱ་གར་ཤར་ཕྱོགས་པ་དང་། ལྷོ་ཕྱོགས་པའི་སྙན་ངག་མཁན་རྣམས་ཀྱིས་ཐུན་མོང་དུ་འདོད་པའི་རྒྱན་དུ་གྲགས་ལ། ནང་གསེས་སུ་རྒྱན་སུམ་ཅུ་སོ་ལྔ་ཡོད།

རིགས་དབྱེ།  

སྒྲ་རྒྱན།

ཐུན་མོང་གི་རྒྱན་གྱི་ནང་གསེས་གཉིས་པ་སྒྲ་རྒྱན་ནི་སྒྲའི་ཡི་གེ་ལྕི་ཡང་ལ་སོགས་པ་སྡེབ་སྦྱོར་ལས་འབྱུང་བ་བཞིན་དུ་སྦྱར་ཏེ་རྒྱ་གར་ལྷོ་ཤར་གྱི་འདོད་ཚུལ་མི་འདྲ་བ་སོ་སོའི་རང་ལུགས་བཞིན་སྟོན་པའི་རྒྱན་ཡིན།

རིགས་དབྱེ།  

གབ་ཚིག་གི་རྒྱན།

ཐུན་མོང་གི་རྒྱན་གྱི་ནང་གསེས་གསུམ་པ་གབ་ཚིག་གི་རྒྱན་ནི་རྩེད་མོ་སོགས་ཀྱི་མདུན་སར་བཞད་གད་སློང་བའི་ཆེད་དང་གབ་ཚིག་ཤེས་པ་རྣམས་ནང་ཕན་ཚུན་གསང་གཏམ་ཚིག་ཏུ་སྨྲ་བ་དང་། རང་དང་མི་མཐུན་པའི་ཕ་རོལ་པོ་རྣམས་མགོ་བོ་རྨོངས་པར་བྱེད་པའི་ཕྱིར་དུ་གབ་བྱ་སྣ་ཚོགས་ལ་གབ་བྱེད་སྣ་ཚོགས་སྦྱར་ཏེ་སྟོན་པའི་རྒྱན་ཞིག

རིགས་དབྱེ།  

རང་བཞིན་བརྗོད་པའི་རྒྱན།

དོན་རྒྱན་སོ་ལྔའི་ནང་གསེས་དང་པོ་རང་བཞིན་བརྗོད་པའི་རྒྱན་ནི་བརྗོད་བྱའི་དངོས་པོ་གང་རུང་གི་རིགས་དང་། བྱ་བ། ཡོན་ཏན། རྫས་བཅས་བཞི་པོ་གང་ཡང་རུང་བའི་ཁྱད་གཞི་དེའི་གནས་སྐབས་གཅིག་ཙམ་མ་ཡིན་པར་རྣམ་པ་སྣ་ཚོགས་པའི་སྒོ་ནས་དེ་ལས་གཞན་དུ་སྒྲོ་མ་བཏགས་པར་གནས་ཚུལ་དྲང་པོར་བརྗོད་པ་གང་ཡིན་པ་དེའོ།།

རིགས་དབྱེ།  

རིགས་རང་བཞིན་བརྗོད་པའི་རྒྱན།

རང་བཞིན་བརྗོད་པའི་རྒྱན་གྱི་ནང་གསེས་དང་པོ་རིགས་རང་བཞིན་བརྗོད་པའི་རྒྱན་ནི་རིགས་མཐུན་གྱི་དངོས་པོ་སྤྱི་ལ་ཁྱབ་པའི་ཁྱད་ཆོས་འགའ་ཞིག་སྔོན་དུ་བཀོད་ནས། ཁྱད་ཆོས་དེ་ལྡན་གྱི་ཁྱད་གཞི་སྤྱི་ཙམ་ཞིག་དངོས་སུ་བརྗོད་པའི་ཤུགས་ལ་ཁྱད་གཞི་དེ་དང་མཚུངས་པའི་རིགས་ཅན་གཞན་ལ་ཡང་ཁྱད་ཆོས་དེ་དག་ཡོད་པར་གོ་ནུས་པ་ཞིག་གོ །

རིགས་དབྱེ།  

བྱ་བའི་རང་བཞིན་བརྗོད་པའི་རྒྱན།

རང་བཞིན་བརྗོད་པའི་རྒྱན་གྱི་ནང་གསེས་གཉིས་པ་བྱ་བའི་རང་བཞིན་བརྗོད་པའི་རྒྱན་ནི་ཁྱད་གཞི་བྱེད་པ་པོ་དངོས་སུ་སྟོན་པའི་སྒོ་ནས་དེས་བྱ་བ་བཟང་ངན་གང་བྱས་པ་རྣམས་དྲང་པོར་བརྗོད་པ་ཞིག་གོ །

རིགས་དབྱེ།  

ཡོན་ཏན་རང་བཞིན་བརྗོད་པའི་རྒྱན།

རང་བཞིན་བརྗོད་པའི་རྒྱན་གྱི་ནང་གསེས་གསུམ་པ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་ནི་ཁྱད་གཞི་གང་ལ་བརྟེན་ནས་བྱུང་བའི་ཡོན་ཏན་ནམ་ཁྱད་ཆོས་གཙོ་བོར་བརྗོད་པ་ཞིག་གོ །

རིགས་དབྱེ།  

རྫས་རང་བཞིན་བརྗོད་པའི་རྒྱན།

རང་བཞིན་བརྗོད་པའི་རྒྱན་གྱི་ནང་གསེས་བཞི་པ་རྫས་རང་བཞིན་བརྗོད་པའི་རྒྱན་ནི་ཁྱད་གཞི་གང་གི་ངོ་བོ་དང་ནུས་པ་གང་ཡང་མི་སྟོན་པར་ཁྱད་གཞི་གང་དང་འབྲེལ་བའི་རྫས་ཀྱི་དངོས་པོ་ཙམ་སྟོན་པ་ཞིག་གོ །

རིགས་དབྱེ།  

སེམས་ཁམས་འཕྱོར་འབྲི།

མི་སྣ་འཕྱོར་འབྲི་ཞེས་པ་ནི་རྩོམ་རིག་བརྩམས་ཆོས་ནང་དུ་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་སམ་ཚུལ་དེ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བའི་ཐོག་ནས་མཚོན་པ་ཞིག་ཡིན། གལ་སྲིད་མི་འབྲི་བ་དང་བྱ་བ་མཚོན་པར་མི་སྣའི་སྐོར་གྱི་འཕྱོར་འབྲི་མེད་ན་རྩོམ་ཡིག་ལ་བྲོ་བ་མེད་པར་འགྱུར་བས། གསོན་རྗེན་དང་ཤ་ཁྲག་གིས་ཁྱབ་པའི་མི་སྣའི་གཟུགས་བརྙན་ཞིག་འཕྱོར་འབྲི་བྱས་ན་གཞི་ནས་རྩོམ་ཡིག་ལེགས་པོ་ཞིག་འགྲུབ་ཐུབ། སྤྱིར་མི་སྣའི་འཕྱོར་འབྲི་ལ་མི་སྣའི་གཟུགས་རིས་འཕྱོར་འབྲི་དང་སྦྱོར་བ་འཕྱོར་འབྲི། སེམས་ཁམས་འཕྱོར་འབྲི། བརྗོད་གཏམ་འཕྱོར་འབྲི་བཅས་བཞི་རུ་དབྱེ་ཆོག གཤམ་དུ་དེ་དག་ལས་མི་སྣའི་སེམས་ཁམས་འཕྱོར་འབྲིའི་སྤྱི་བཤད་དང་དཔེ་འདྲེན། སྡོམ་ཆུང་བཅས་རགས་ཙམ་མཚམས་སྦྱོར་བའི་ལས་ལ་འཇུག་པའི་ཁུལ་བྱའོ།།

རིགས་དབྱེ།  

སྦྱོར་བ་འཕྱོར་འབྲི།

མི་སྣ་འཕྱོར་འབྲི་ཞེས་པ་ནི་རྩོམ་རིག་བརྩམས་ཆོས་ནང་དུ་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་སམ་ཚུལ་དེ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བའི་ཐོག་ནས་མཚོན་པ་ཞིག་ཡིན། གལ་སྲིད་མི་འབྲི་བ་དང་བྱ་བ་མཚོན་པར་མི་སྣའི་སྐོར་གྱི་འཕྱོར་འབྲི་མེད་ན་རྩོམ་ཡིག་ལ་བྲོ་བ་མེད་པར་འགྱུར་བས། གསོན་རྗེན་དང་ཤ་ཁྲག་གིས་ཁྱབ་པའི་མི་སྣའི་གཟུགས་བརྙན་ཞིག་འཕྱོར་འབྲི་བྱས་ན་གཞི་ནས་རྩོམ་ཡིག་ལེགས་པོ་ཞིག་འགྲུབ་ཐུབ། སྤྱིར་མི་སྣའི་འཕྱོར་འབྲི་ལ་མི་སྣའི་གཟུགས་རིས་འཕྱོར་འབྲི་དང་སྦྱོར་བ་འཕྱོར་འབྲི། སེམས་ཁམས་འཕྱོར་འབྲི། བརྗོད་གཏམ་འཕྱོར་འབྲི་བཅས་བཞི་རུ་དབྱེ་ཆོག གཤམ་དུ་དེ་དག་ལས་མི་སྣའི་སྦྱོར་བ་འཕྱོར་འབྲིའི་སྤྱི་བཤད་དང་དཔེ་འདྲེན། སྡོམ་ཆུང་བཅས་རགས་ཙམ་མཚམས་སྦྱོར་བའི་ལས་ལ་འཇུག་པའི་ཁུལ་བྱའོ།།

རིགས་དབྱེ།  

སྤྱི་ཚོགས་ཁོར་ཡུག་འཕྱོར་འབྲི།

སྤྱི་ཚོགས་ཁོར་ཡུག་ཅེས་པ་ནི་མི་སྣ་འཚོ་བར་བྱེད་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཆ་རྐྱེན་ཁྱད་པར་བ་དེ་དང་། མི་སྣར་རྟེན་ཞིང་འབྲེལ་བ་ལས་བྱུང་བའི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཁྱད་པར་བ། ཡུལ་སྲོལ་གོམས་གཤིས་ཁྱད་པར་བ། དེ་མིན་མི་སྣའི་བྱ་འགུལ་དང་མི་སྣ་ཕན་ཚུན་འབྲེལ་བ་ལས་ཡོངས་སུ་གྲུབ་པའི་སྤྱི་ཚོགས་ཀྱི་སྣང་ཡུལ་དངོས་ལ་བརྟེན་པ་ཞིག་རེད།

རིགས་དབྱེ།  

རྩོམ་རིག་འཕྱོར་འབྲི།

རྩོམ་རིག་པ་རྣམས་ཀྱིས་ཡི་གེའི་སྐད་ཆའི་ཤུགས་ཀྱི་སྣང་བརྙན་དེ་གཙིགས་སུ་འཛིན་པ་དང་། དེར་བརྟེན་ནས་རང་གི་བསམ་འདུན་སྟོན་པ་ཡིན་པས། སྣང་བརྙན་དེ་མཚོན་པར་བྱེད་པའི་རྩ་བའི་ལག་ཐབས་ནི་འཕྱོར་འབྲི་ཡིན། འཕྱོར་འབྲི་ནི་སྙན་འཇེབས་ཡིད་དབང་འཕྲོག་པའི་ཚིག་སྦྱོར་གྱིས་མི་སྣ་དང་ཡུལ་ལྗོངས་ཀྱི་བཀོད་པ་སོགས་བྲིས་ནས། འཚོ་བའི་ཁྲོད་ཀྱི་མི་དང་དངོས་པོ། ཁོར་ཡུག་སོགས་ཀྱི་གཟུགས་དབྱིབས་དང་རྣམ་པ་གང་རུང་ཞིག་མིག་ཤེས་ཀྱིས་མཐོང་རྒྱུ་ཡོད་པ་དང་། སྣ་ཤེས་ཀྱིས་མནམ་རྒྱུ་ཡོད་པ། ལུས་ཤེས་ཀྱི་རེག་རྒྱུ་ཡོད་པ། ཡིད་ཤེས་ཀྱིས་ཚོར་རྒྱུ་ཡོད་པ་ལྟ་བུ་ཞིག་ལ་ཟེར།

རིགས་དབྱེ།  

སྲོག་ཆགས་འཕྱོར་འབྲི།

འདིར་བརྗོད་པའི་སྲོག་ཆགས་ཞེས་པ་ནི་འགྲོ་བ་མི་ཕུད་སྲོག་དང་ལྡན་པའི་གྲོག་སྦུར་ཕྲ་མོ་ཚུན་ཆད་ལ་གོ་དགོས་པ་ཡིན་མོད་ཀྱང་། རྩོམ་རིག་བརྩམས་ཆོས་ཤིག་ལ་མཚོན་ན་སྲོག་ཆགས་རགས་པའི་སྐོར་མ་གཏོགས་སྲོག་ཆགས་ཕྲ་མོའི་སྐོར་འཕྱོར་འབྲི་བྱས་ཡོད་པ་ཧ་ཅང་ཉུང་།

རིགས་དབྱེ།  

རང་བྱུང་ཁོར་ཡུག་འཕྱོར་འབྲི།

ཁོར་ཡུག་འཕྱོར་འབྲི་བྱེད་པ་ནི་བརྩམས་སྒྲུང་ནང་གཏམ་རྒྱུད་བྱུང་སའི་གནས་སམ་ཁོར་ཡུག གནས་སྐབས་ཇི་ལྟར་ཡོད་པའི་ཉམས་ཀྱི་རང་བཇིན་ཞིབ་ཏུ་འབྲི་བ་དེ་ཡིན། ཁོར་ཡུག་འཕྱོར་འབྲི་བྱེད་པ་ལ་རང་བྱུང་ཁོར་ཡུག་འཕྱོར་འབྲི་དང་སྤྱི་ཚོགས་ཁོར་ཡུག་འཕྱོར་འབྲི་སྟེ་གཉིས་སུ་འདུས་ཡོད། སྤྱིར་རྩོམ་རིག་ནི་མིའི་རིག་པ་ཞིག་ཡིན་པས། དེ་གཉིས་ལས་གང་ཞིག་ཡིན་ཡང་མི་ལ་ཞབས་འདེགས་ཞུ་དགོས་པ་ཞིག་ཡིན།

རིགས་དབྱེ།  

བརྗོད་གཏམ་འཕྱོར་འབྲི།

མི་སྣ་འཕྱོར་འབྲི་ཞེས་པ་ནི་རྩོམ་རིག་བརྩམས་ཆོས་ནང་དུ་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་སམ་ཚུལ་དེ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བའི་ཐོག་ནས་མཚོན་པ་ཞིག་ཡིན། གལ་སྲིད་མི་འབྲི་བ་དང་བྱ་བ་མཚོན་པར་མི་སྣའི་སྐོར་གྱི་འཕྱོར་འབྲི་མེད་ན་རྩོམ་ཡིག་ལ་བྲོ་བ་མེད་པར་འགྱུར་བས། གསོན་རྗེན་དང་ཤ་ཁྲག་གིས་ཁྱབ་པའི་མི་སྣའི་གཟུགས་བརྙན་ཞིག་འཕྱོར་འབྲི་བྱས་ན་གཞི་ནས་རྩོམ་ཡིག་ལེགས་པོ་ཞིག་འགྲུབ་ཐུབ། སྤྱིར་མི་སྣའི་འཕྱོར་འབྲི་ལ་མི་སྣའི་གཟུགས་རིས་འཕྱོར་འབྲི་དང་སྦྱོར་བ་འཕྱོར་འབྲི། སེམས་ཁམས་འཕྱོར་འབྲི། བརྗོད་གཏམ་འཕྱོར་འབྲི་བཅས་བཞི་རུ་དབྱེ་ཆོག གཤམ་དུ་དེ་དག་ལས་མི་སྣའི་བརྗོད་གཏམ་འཕྱོར་འབྲིའི་སྤྱི་བཤད་དང་དཔེ་འདྲེན། སྡོམ་ཆུང་བཅས་རགས་ཙམ་མཚམས་སྦྱོར་བའི་ལས་ལ་འཇུག་པའི་ཁུལ་བྱའོ།།

རིགས་དབྱེ།  

གཟུགས་རིས་འཕྱོར་འབྲི།

མི་སྣ་འཕྱོར་འབྲི་ཞེས་པ་ནི་རྩོམ་རིག་བརྩམས་ཆོས་ནང་དུ་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ཉམས་སམ་ཚུལ་དེ་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བའི་ཐོག་ནས་མཚོན་པ་ཞིག་ཡིན། གལ་སྲིད་མི་འབྲི་བ་དང་བྱ་བ་མཚོན་པར་མི་སྣའི་སྐོར་གྱི་འཕྱོར་འབྲི་མེད་ན་རྩོམ་ཡིག་ལ་བྲོ་བ་མེད་པར་འགྱུར་བས། གསོན་རྗེན་དང་ཤ་ཁྲག་གིས་ཁྱབ་པའི་མི་སྣའི་གཟུགས་བརྙན་ཞིག་འཕྱོར་འབྲི་བྱས་ན་གཞི་ནས་རྩོམ་ཡིག་ལེགས་པོ་ཞིག་འགྲུབ་ཐུབ། སྤྱིར་མི་སྣའི་འཕྱོར་འབྲི་ལ་མི་སྣའི་གཟུགས་རིས་འཕྱོར་འབྲི་དང་སྦྱོར་བ་འཕྱོར་འབྲི། སེམས་ཁམས་འཕྱོར་འབྲི། བརྗོད་གཏམ་འཕྱོར་འབྲི་བཅས་བཞི་རུ་དབྱེ་ཆོག གཤམ་དུ་དེ་དག་ལས་མི་སྣའི་གཟུགས་རིས་འཕྱོར་འབྲིའི་སྤྱི་བཤད་དང་དཔེ་འདྲེན། སྡོམ་ཆུང་བཅས་རགས་ཙམ་མཚམས་སྦྱོར་བའི་ལས་ལ་འཇུག་པའི་ཁུལ་བྱའོ།།

རིགས་དབྱེ།  

དཔེ་རྒྱན།

དོན་རྒྱན་སོ་ལྔའི་ནང་གསེས་གཉིས་པ་དཔེ་རྒྱན་ནི་དཔེ་དང་དཔེ་ཅན་གཉིས་པོ་ངོ་བོ་ཐ་དད་པར་བཀོད་པ་ལ་བརྟེན་ནས་དེ་གཉིས་མཚུངས་པར་རྟོགས་པར་བྱེད་པ་དེ་ཡིན་ནོ། །

རིགས་དབྱེ།  

ཆོས་དཔེ།

དཔེ་རྒྱན་གྱི་ནང་གསེས་དང་པོ་ཆོས་དཔེ་ནི་དཔེ་དང་དཔེ་ཅན་གྱི་ཁྱད་ཆོས་འདྲ་བ་ཤུགས་བསྟན་ཙམ་མིན་པར་མཚུངས་གསལ་གྱི་སྒྲའི་རྗེས་ལ་དངོས་སུ་གསལ་བར་སྟོན་པའི་རྒྱན་དེ་ཡིན་ནོ།།

རིགས་དབྱེ།  

དངོས་པོའི་དཔེ།

དཔེ་རྒྱན་གྱི་ནང་གསེས་གཉིས་པ་དངོས་པོའི་དཔེ་ནི་དཔེ་དང་དོན་གཉིས་ཀྱི་ཁྱད་ཆོས་འདྲ་བ་དངོས་སུ་མི་སྟོན་ཞིང་། དེའི་ངོ་བོ་འདྲ་བ་དངོས་སུ་བསྟན་ནས་མཚུངས་གསལ་གྱི་སྒྲ་ཚིག་གི་མཐའ་མར་འཇོག་པའི་རྒྱན་དེ་ཡིན་ནོ། །

རིགས་དབྱེ།  

བཟློག་པའི་དཔེ།

དཔེ་རྒྱན་གྱི་ནང་གསེས་གསུམ་པ་བཟློག་པའི་དཔེ་ནི་མཚོན་བྱ་དོན་གྱིས་མཚོན་བྱེད་དཔེའི་ཁྱད་ཆོས་ཕར་འཇལ་བ་འཇིག་རྟེན་གྲགས་པ་དང་གོ་བཟློག་གི་རྒྱན་ཞིག

རིགས་དབྱེ།  

ཕན་ཚུན་དཔེ།

དཔེ་རྒྱན་གྱི་ནང་གསེས་བཞི་པ་ཕན་ཚུན་གྱི་དཔེ་ནི་དཔེ་དང་དོན་གཉིས་ཀྱི་མཚུངས་ཆོས་ཕར་ཚུར་འཇལ་རེས་བྱེད་པའི་རྒྱན་ཞིག

རིགས་དབྱེ།  

ངེས་པའི་དཔེ།

དཔེ་རྒྱན་གྱི་ནང་གསེས་ལྔ་པ་ངེས་པའི་དཔེ་ནི་དཔེ་ཅན་དོན་གྱི་གནས་ལུགས་དང་ཆོས་མཚུངས་པའི་དཔེ་གཅིག་ཁོ་ནར་ངེས་པ་རྙེད་པའི་རྒྱན་ཞིག

རིགས་དབྱེ།  

ངེས་པ་མེད་པའི་དཔེ།

དཔེ་རྒྱན་གྱི་ནང་གསེས་དྲུག་པ་ངེས་པ་མེད་པའི་དཔེ་ནི་དཔེ་ཅན་དོན་གྱི་གནས་ལུགས་དང་ཆོས་མཚུངས་པའི་དཔེ་གཅིག་ཁོ་ནར་མ་ངེས་པར་གཞན་ཡང་ཡོད་པར་སྟོན་པའི་རྒྱན་ཞིག

རིགས་དབྱེ།  

བསྡུས་པའི་དཔེ།

དཔེ་རྒྱན་གྱི་ནང་གསེས་བདུན་པ་བསྡུས་པའི་དཔེ་ནི་དཔེ་ཅན་དོན་དང་དཔེ་གཉིས་ཁྱད་ཆོས་གཅིག་ཙམ་མིན་པར་མཚུངས་ཆོས་གཞན་གྱིས་ཀྱང་འདྲ་བར་བསྡུས་པའི་རྒྱན་ཞིག

རིགས་དབྱེ།  

ཕུལ་བྱུང་གི་དཔེ།

དཔེ་རྒྱན་གྱི་ནང་གསེས་བརྒྱད་པ་ཕུལ་བྱུང་གི་དཔེ་ནི་དཔེ་དང་དཔེ་ཅན་གཉིས་འབྱེད་ཆོས་ཀྱི་ཁྱད་པར་མང་དུ་ཡོད་མོད་ཀྱང་གཅིག་ཁོ་ན་ལས་མེད་པར་འུད་བརྗོད་པའི་སྒོ་ནས་དཔེ་དོན་ཕན་ཚུན་ཧ་ཅང་འདྲ་བར་སྟོན་པའི་རྒྱན་ཞིག

རིགས་དབྱེ།  

རབ་བཏགས་ཀྱི་དཔེ།

དཔེ་རྒྱན་གྱི་ནང་གསེས་དགུ་བ་རབ་བཏགས་ཀྱི་དཔེ་ནི་དཔེ་ལ་སེམས་ལྡན་དང་འདྲ་བའི་ཀུན་སློང་གི་བསམ་པ་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་ཀྱི་སྒོ་ནས་མཚུངས་དཔེ་གཞན་འདྲེན་པའི་རྒྱན་ཞིག

རིགས་དབྱེ།  

རྨད་བྱུང་གི་དཔེ།

དཔེ་རྒྱན་གྱི་ནང་གསེས་བཅུ་བ་རྨད་བྱུང་གི་དཔེ་ནི་འབྱུང་བར་དཀའ་བའི་དཔེ་རྨད་བྱུང་ཞིག་བཀོད་ནས་དཔེ་ཅན་དོན་ཡང་དེ་དང་མཚུངས་པར་སྟོན་པའི་རྒྱན་ཞིག

རིགས་དབྱེ།  

རྨོངས་པའི་དཔེ།

དཔེ་རྒྱན་གྱི་ནང་གསེས་བཅུ་གཅིག་པ་རྨོངས་པའི་དཔེ་ནི་དཔེ་དོན་ཕན་ཚུན་འདྲ་དྲགས་པས་དབྱེ་བ་མ་ཕྱེ་བར་དཔེ་ཅན་དཔེ་དང་ནོར་ཏེ་རྨོངས་པའི་དབང་གིས་དཔེའི་རྗེས་སུ་འབྲང་བར་སྟོན་པའི་རྒྱན་ཞིག

རིགས་དབྱེ།