གཡར་འཛིན།

གཡར་འཛིན་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་ཚན་པ་དང་ཚན་པའི་དབར་དང་། མི་སྒེར་དང་ཚན་པའི་དབར་དོན་དག་ངེས་ཅན་ཞིག་གི་ཆེད་དུ་ཕར་ཚུར་ར་སྤྲོད་བྱེད་གཞིར་བེད་སྤྱོད་པའི་ཡིག་རིགས་ལ་ཟེར་ཞིང་། ནོར་དོན་དང་བདག་གཉེར་གྱི་འགྲོ་ལུགས་ནང་ནོར་དོན་ལས་མི་དང་། བདག་གཉེར་བ། དེ་བཞིན་ལས་ཀ་དེ་དང་འབྲེལ་བ་ཡོད་པའི་མི་གང་རུང་ཞིག་གིས་གནས་སྐབས་རིང་དངུལ་ལམ་རྒྱུ་དངོས་གང་ཞིག་གཡར་ལེན་བྱས་པ་དེ་རྗེས་སུ་ཕྱིར་ལེན་བྱེད་བདེ་ཡོང་ཆེད་དཔང་གཞི་འཛིན་དུ་ཉར་ཚགས་བྱེད་པ་དེ་ཡིན།

རིགས་དབྱེ།  

བྱུང་འཛིན།

བྱུང་འཛིན་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་ཕར་ཕྱོགས་ཀྱི་ཚན་པའམ་མི་སྒེར་གང་རུང་གི་ས་ནས་དངོས་རིགས་དང་དངུལ་སོགས་རྩིས་བླངས་པའི་གཞི་འཛིན་དུ་སྤྲོད་རྒྱུའི་ཡིག་རིགས་ཤིག་ཡིན།

རིགས་དབྱེ།  

བླངས་འཛིན།

བླངས་འཛིན་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་མི་སྒེར་རམ་ཚན་པའི་སར་དངུལ་ལམ་དངོས་པོ་སོགས་ཚུར་བླངས་པའི་གཞི་འཛིན་དུ་སྤྲོད་རྒྱུའི་ཡིག་རིགས་ཤིག་རེད། གལ་ཏེ་མི་གཞན་གྱི་ཚབ་བྱས་ནས་བླངས་ན་ཚབ་བྱེད་བླངས་འཛིན་ཞེས་བྲིས་ཀྱང་འཐུས།

རིགས་དབྱེ།  

ཆད་འཛིན།

ཆད་འཛིན་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་དངུལ་དང་རྒྱུ་དངོས་གང་ཞིག་སྔ་གཡར་ཕྱིར་སྤྲོད་བྱེད་སྐབས་ཆད་སྐྱོན་བྱུང་རིགས་ཁུངས་བསྒྲིག་བྱ་རྒྱུའི་གཞི་འཛིན་ཡི་གེ་ཞིག་རེད།

རིགས་དབྱེ།  

བརྡ་ཐོ།

བརྡ་ཐོ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་གོང་རིམ་གྱིས་གཤམ་རིམ་དང་། སྒྲིག་འཛུགས་ཀྱིས་མི་སྒེར་ལ་ལས་དོན་གང་ཞིག་བཀོད་སྒྲིག་བྱ་རྒྱུ་སྟེ། དོན་དག་གང་ཞིག་བརྡ་སྤྲོད་དང་། ཚོགས་འདུ་སྐོང་འཚོག བགོ་འགྲེམས། བོར་དངོས། སྤོ་བཤུག ཟོག་དངོས་ཉོ་ཚོང་། དེ་བཞིན་སློབ་མ་དང་ལས་མི་བསྡུ་བ་སོགས་ཀྱི་སྐབས་སུ་འབྲེལ་ཡོད་ལ་སྔོན་ཚུད་ནས་བརྡ་སྤྲོད་བྱེད་པའི་ཡིག་རིགས་ཤིག་ཡིན། བརྡ་ཁྱབ་བྱེད་ཚུལ་ནི། བང་མི་མངགས་ནས་ཁུངས་སུ་སྐྱེལ་བ་དང་། རྩིག་ལྡེབས་སུ་སྦྱར་འགྲེམས་བྱེད་པ། ཡང་ན་ནག་པང་ཐོག་བྲིས་ནས་མཐོང་བདེ་སར་འགེལ་བ་སོགས་གང་རུང་བྱང་ཆོག་ཀྱང་གཙོ་བོ་འབྲེལ་ཡོད་མི་སྣ་སོ་སོའི་སྡོད་གནས་ཉེ་རྒྱང་སོགས་ཡུལ་དུས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྱ་ཐབས་གང་བདེ་ལག་ལེན་བྱེད་དགོས།

རིགས་དབྱེ།  

བརྡ་ཐོ།

བརྡ་ཐོ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་གོང་རིམ་གྱིས་གཤམ་རིམ་དང་། སྒྲིག་འཛུགས་ཀྱིས་མི་སྒེར་ལ་ལས་དོན་གང་ཞིག་བཀོད་སྒྲིག་བྱ་རྒྱུ་སྟེ། དོན་དག་གང་ཞིག་བརྡ་སྤྲོད་དང་། ཚོགས་འདུ་སྐོང་འཚོག བགོ་འགྲེམས། བོར་དངོས། སྤོ་བཤུག ཟོག་དངོས་ཉོ་ཚོང་། དེ་བཞིན་སློབ་མ་དང་ལས་མི་བསྡུ་བ་སོགས་ཀྱི་སྐབས་སུ་འབྲེལ་ཡོད་ལ་སྔོན་ཚུད་ནས་བརྡ་སྤྲོད་བྱེད་པའི་ཡིག་རིགས་ཤིག་ཡིན། བརྡ་ཁྱབ་བྱེད་ཚུལ་ནི། བང་མི་མངགས་ནས་ཁུངས་སུ་སྐྱེལ་བ་དང་། རྩིག་ལྡེབས་སུ་སྦྱར་འགྲེམས་བྱེད་པ། ཡང་ན་ནག་པང་ཐོག་བྲིས་ནས་མཐོང་བདེ་སར་འགེལ་བ་སོགས་གང་རུང་བྱང་ཆོག་ཀྱང་གཙོ་བོ་འབྲེལ་ཡོད་མི་སྣ་སོ་སོའི་སྡོད་གནས་ཉེ་རྒྱང་སོགས་ཡུལ་དུས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྱ་ཐབས་གང་བདེ་ལག་ལེན་བྱེད་དགོས།

རིགས་དབྱེ།  

གསལ་བརྡ།

གསལ་བརྡ་ནི་ལས་ཁུངས་དང་། ཚོགས་པ། མི་སྒེར་སོགས་ཀྱིས་གཞན་ལ་གནས་ཚུལ་གསལ་འདེབས་བྱེད་པ་དང་། ཡང་ན་གཞན་ལ་དགོས་འདུན་འདོན་དགོས་པའི་སྐབས་འབྲི་བའི་ཡིག་རིགས་ཤིག་ཡིན་ཞིང་། དེ་ཡང་དགོས་མཁོའི་གནས་ཚུལ་འདྲ་མིན་ལ་གཞིགས་ཏེ་མི་ཚོགས་ཆེ་ས་དང་། ལམ་འགྲམ། ཟམ་སྣེ་སོགས་ཚང་མས་མཐོང་སར་སྦྱར་འགྲེམས་བྱེད་དགོས།

རིགས་དབྱེ།  

ཁྱབ་བརྡ།

ཁྱབ་བརྡ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་ཆེ་ཁག་གིས་དོན་གནད་ཆེ་རིགས་དང་ཞིང་འབྲོག་ས་ཁུལ་གྱི་གཞི་རིམ་ཚན་པ་སོགས་ཀྱིས་སྤྱོད་ཅིང་། འདིར་བཀོད་པ་ནི་ཞིང་འབྲོག་ས་ཁུལ་གྱི་གཞི་རིམ་ཚན་པས་རྒྱུན་དུ་སྤྱོད་པ་ཞིག་ཡིན། དེ་ཡང་སྤྱིར་ན་མི་དམངས་མང་ཚོགས་ལ་སྣང་འཇོག་གང་བྱེད་དགོས་པ་དང་། ལས་ཀ་གང་དང་གང་བྱེད་དགོས་པ། གང་དང་གང་བཀག་འགོག་བྱེད་དགོས་པ་སོགས་གསལ་འདེབས་བྱེད་པའི་བཀའ་འདོམས་ཡིག་རིགས་ཤིག་རེད།

རིགས་དབྱེ།  

འགྲེམས་ཡིག

འགྲེམས་ཡིག་གམ་འགྲེམས་བསྒྲགས་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ་། དེ་ནི་ཐོན་རྫས་དང་ཚོང་ཟོག གློག་བརྙན་དང་ཟློས་གར་སོགས་ངོ་སྤྲོད་བྱེད་པ་དང་། གཞན་ཡང་ཚོང་ཟོག་དང་དུས་དེབ་སོགས་ཉོ་སྒྲུབ་བྱེད་པའི་སྐབས་སུ་སྤྱོད་པའི་ཡིག་རིགས་ཀྱི་གྲས་ཤིག་རེད།

རིགས་དབྱེ།  

མགྲོན་ཤོག

མགྲོན་ཤོག་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་ཚོགས་ཆེན་གཟབ་རྒྱས་སོགས་ཀྱི་མཛད་སྒོའམ་རྟེན་འབྲེལ་བྱེད་སྒོ་དང་། མཉམ་འབྲེལ་སྤྲོ་ཚོགས། རིག་རྩལ་དགོང་ཚོགས། ཁང་གསོལ། དགའ་སྟོན་རྟེན་འབྲེལ་སོགས་ཀྱི་སྐབས་སུ་གོང་རིམ་འགོ་ཁྲིད་དང་། སྤུན་ཟླའི་ཚན་ཁག གྲགས་ཅན་མི་སྣ། བློ་མཐུན་དགའ་ཉེ་སོགས་གདན་འདྲེན་ཞུ་བའི་མགྲོན་བརྡའི་ཤོག་ལྷེ་ཞིག་ལ་བརྗོད།

རིགས་དབྱེ།  

འཇོག་ཡིག

འཇོག་ཡིག་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་སྒེར་དོན་དང་གཞུང་དོན་སྐོར་གྲོས་བསྡུར་བྱེད་དགོས་པའམ་ཡང་ན་དགའ་ཉེ་གྲོགས་པོ་སྤུན་མཆེད་སོགས་ལ་བལྟ་བར་སྐྱོད་སྐབས་ངོ་འཕྲད་མ་བྱུང་བ་དང་ཡུན་རིང་སྒུག་སྡོད་བྱེད་ཁོམ་ཡང་མེད་པའི་སྐབས་སུ་བཅར་ཞུ་དོན་གསལ་བཤད་བྱེད་ཆེད་དུ་བཞག་པའི་ཡིག་རིགས་ཤིག་རེད།

རིགས་དབྱེ།  

དགོངས་ཞུའི་ཡི་གེ

དགོངས་ཞུའི་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་སྒེར་དོན་དང་། ཡང་ན་ལུས་ཁམས་མི་བདེ་བ་སོགས་ཀྱིས་རྐྱེན་པས་ལས་ཀ་དང་། སློབ་གྲྭ། ངལ་རྩོལ། ཚོགས་འདུ་སོགས་ཞུ་སྒོར་བཅར་མི་ཐུབ་པའི་ཁར་དགོངས་ཞུར་ཡང་ངོ་བཅར་མི་ཐུབ་པའི་སྐབས་སུ་རང་ཚན་པའི་འགན་འཁུར་བློ་མཐུན་ལ་དགོངས་ཞུའི་ཡི་གེ་འབུལ་བར་ཟེར།

རིགས་དབྱེ།  

ངོ་སྤྲོད་ཡི་གེ

ངོ་སྤྲོད་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་རང་ཁོངས་ཚན་པའི་བློ་མཐུན་ཞིག་འབྲེལ་ཡོད་ཚན་པར་ཉམས་མྱོང་སློབ་སྦྱོང་བྱེད་པ་དང་། ལས་དོན་སྐོར་འབྲེལ་བ་བྱེད་པ། ཚོགས་འདུར་ཞུགས་པ་སོགས་ཀྱི་སྐབས་སུ་མཚམས་སྦྱོར་བྱེད་པའི་ཡི་གེ་ཞིག་ཡིན། ངོ་སྤྲོད་ཡི་གེ་དང་སྦྲགས་ངོ་སྤྲོད་བྱ་ཡུལ་དུ་འབྲེལ་བ་བྱ་དོན་དང་། ངོ་སྤྲོད་བྱེད་དགོས་པའི་མི་དེ་གང་འདྲ་ཞིག་ཡིན་པ་ཞིབ་གསལ་ཤེས་ཆེད་དེའི་མིང་དང་། གོ་བབ། དོན་གནད། དགོས་འདུན་བཅས་ཞིབ་གསལ་བྲི་དགོས།

རིགས་དབྱེ།  

ར་སྤྲོད་ཡི་གེ

ར་སྤྲོད་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་རང་ཁོངས་ཀྱི་བློ་མཐུན་ཞིག་ས་གནས་གཞན་ནམ་ཚན་པ་གཞན་ལ་ལས་དོན་དང་སློབ་སྤྱོང་སོགས་ལ་མངགས་གཏོང་བྱེད་པ་དང་། ཡང་ན་ལས་སྒྱུར་བྱེད་པའི་སྐབས་སུ་བློ་མཐུན་དེའི་མིང་དང་། གོ་བབ། ལོ་གྲངས། ལས་ཁུངས་སམ་སྡོད་གནས། ཡང་ན་འབྲེལ་ཡོད་དོན་དག་གི་གནས་ཚུལ་གང་འདྲ་ཡིན་མིན་སོགས་ར་སྤྲོད་དཔང་པོ་བྱེད་པའི་ཡིག་རིགས་ཤིག་ཡིན། ཡིག་རིགས་དེའི་གྲས་འབྲི་སྐབས་ངེས་པར་དུ་བློ་མཐུན་དེའི་གནས་ཚུལ་ཇི་མ་ཇི་བཞིན་གསལ་བཤད་བྱེད་དགོས་པ་ལས་ཚིག་དོན་གསལ་ལ་མི་གསལ་དང་གོ་དོན་ངེས་མེད་སོགས་བྲིས་ན་མི་འགྲིག

རིགས་དབྱེ།  

རེ་འདུན་ཞུ་ཡིག

རེ་འདུན་ཞུ་ཡིན་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་མི་སྒེར་དང་ཐུན་མོང་གིས་དབུ་ཁྲིད་དང་རྩ་འཛུགས་སམ་ཡང་ན་འབྲེལ་ཡོད་ཚན་པར་རེ་འདུན་ཞུ་དགོས་བྱུང་སྐབས་སྤྱོད་པའི་ཡིག་རིགས་ཤིག་ཡིན། སྤྱིར་ན་རེ་འདུན་ཞུ་ཡིག་གི་དགོས་པ་དང་། ཆ་རྐྱེན། དོན་དག རྒྱུ་མཚན། རེ་བ་བཅས་བྲི་དགོས་པ་དང་། རྩ་འཛུགས་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཏུ་སོ་སོའི་རྣམ་འགྱུར་དང་དམ་བཅའ་སོགས་བྲི་དགོས།

རིགས་དབྱེ།  

ཆོད་སེམས་ཡི་གེ

ཆོད་སེམས་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་མི་སྒེར་རམ་མཉམ་སྡེབ་ཀྱིས་གོང་རིམ་གྱི་འབོད་སྐུལ་ལ་བརྡ་ལན་ཞུ་བའམ་ཡང་ན་ལས་འགན་གང་ཞིག་བསྒྲུབ་དགོས་པའི་སྐབས་སུ་གོང་རིམ་དང་རྩ་འཛུགས་ལ་རང་གི་ཆོད་སེམས་སྟོན་པའི་ཡིག་རིགས་ཤིག་ཡིན། དེར་སོ་སོ་རང་ཉིད་དང་མི་གཞན་ལ་སྐུལ་མ་གཏོང་བའི་ནུས་པ་ལྡན་ཡོད། ཆོད་སེམས་ཡི་གེ་འབྲི་སྐབས་དཔའ་ངར་དང་བློ་སྟོབས་མངོན་ཐུབ་པ་བྱེད་དགོས་ལ། དངོས་ཐོག་བདེན་འཚོལ་གྱི་ཚན་རིག་རྣམ་འགྱུར་ཡང་མཚོན་པ་བྱེད་དགོས།

རིགས་དབྱེ།  

གྲོས་འདོན་ཡི་གེ

གྲོས་འདོན་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་ལས་འགན་གང་ཞིག་བསྒྲུབ་དགོས་པའམ་ཡང་ན་སྤྱི་ཚོགས་ཀྱི་ཕན་ཡོད་བྱེད་སྒོ་གང་རུང་ཞིག་ལ་ཞུགས་དགོས་པའི་སྐབས་སུ་ཚན་པའམ་མི་སྒེར་ལ་གྲོས་འགོ་འདོན་པའི་ཡིག་རིགས་ཤིག་རེད། གྲོས་འདོན་ཡི་གེར་སྔོན་ཐོན་དར་སྤེལ་དང་། ཐུན་མོང་ཡར་རྒྱས། ཕན་ཚུན་སྐུལ་འདེད་སོགས་བྱེད་པའི་ནུས་པ་ལྡན་པས་ན་ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་བྲིས་ཆོག

རིགས་དབྱེ།  

འཚམས་འདྲིའི་ཡི་གེ

འཚམས་འདྲིའི་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་ཚན་པ་དང་མི་སྒེར་ལ་སེམས་གསོ་དང་། འཚམས་འདྲི། སྐུལ་ལྕག་བཅས་བྱས་ནས་མཛའ་ཞེན་གྱི་སེམས་ཁུར་དང་བརྩེ་སེམས་མཚོན་པར་བྱེད་པའི་ཡིག་རིགས་ཤིག་ཡིན། དེ་ཡང་སྤྱིར་ན་བཅིངས་འགྲོལ་དམག་དང་། ཉེན་རྟོག་པ། རྨས་དམག དེ་མིན་སྐུ་གཤེགས་དཔའ་བོའི་ནང་མི། གནོད་འཚེ་བྱུང་ཁུལ་གྱི་མང་ཚོགས་བཅས་ལ་འཚམས་འདྲིའི་ཡི་གེ་དེ་རིགས་འབྲི་གཏོང་བྱེད་པ་རེད།

རིགས་དབྱེ།  

ཐུགས་རྗེའི་ཞུ་ཡིག

ཐུགས་རྗེའི་ཞུ་ཡིག་གམ་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་ཚན་པ་གཞན་དང་མི་གཞན་གྱིས་རང་ཕྱོགས་ལ་རྒྱབ་སྐྱོར་རོགས་རམ་དང་སེམས་ཁུར་གནང་བ་སོགས་ཀྱི་སྤྱོད་བཟང་ལ་ཐུགས་རྗེ་ཆེ་ཞུ་བའི་ཡིག་རིགས་ཤིག་ཡིན།

རིགས་དབྱེ།  

རྟེན་འབྲེལ་ཞུ་ཡིག

རྟེན་འབྲེལ་ཞུ་ཡིག་ཅེས་པ་ནི་རྒྱུན་་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ་། དེ་ནི་ཐུན་མོང་ངམ་མི་སྒེར་ལ་གྲུབ་འབྲས་དང་རྒྱལ་ཁ་གསར་པ་ཐོབ་པའམ་ཡང་ན་ཚོགས་འདུ་གལ་ཆེན་འཚོགས་པ་དང་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་བ་སོགས་ཀྱི་སྐབས་སུ་འགོ་ཁྲིད་ཚན་པ་དང་། སྤུན་ཟླའི་སྡེ་ཚན། ཡང་ན་མི་སྒེར་བཅས་ཀྱིས་རྟེན་འབྲེལ་མཚོན་བྱེད་དུ་བྲིས་པའི་ཡིག་རིགས་ཤིག་ཡིན།

རིགས་དབྱེ།  

གནས་ཚུལ་སྙན་ཞུ།

གནས་ཚུལ་སྙན་ཞུ་ནི་རྒྱུན་སྤྱོད་ཡིག་རིགས་ལས་སྙན་ཞུའི་རིགས་ཤིག་ཡིན་ལ། དེ་ནི་ས་ཁུལ་དང་ལས་ཁུངས་སམ་སྡེ་ཚན་སོགས་ཀྱིས་ལས་དོན་གང་ཞིག་སྒྲུབ་བཞིན་པའི་སྐབས་གལ་ཆེའི་གནས་ཚུལ་ལམ་ཡང་ན་འགོག་རྐྱེན་འདྲ་མིན་ཇི་ལྟར་བྱུང་བ་གོང་རིམ་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་ཐག་གཅོད་ཡོང་བའི་རེ་བ་བཏོན་པར་གནས་ཚུལ་སྙན་ཞུ་ཟེར།

རིགས་དབྱེ།  

སྙན་ཞུ།

སྙན་ཞུའམ་སྙན་སེང་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་གོང་རིམ་འགོ་ཁྲིད་ཀྱིས་ལས་ཀ་རྣམས་གཅིག་གྱུར་བཀོད་སྒྲིག་བྱེད་བདེ་ཡོང་ཆེད་དང་། གཤམ་རིམ་གྱིས་ལས་ཀ་བྱས་པའི་གནས་ཚུལ་དང་ལས་ཀ་ལེགས་གྲུབ་གང་ཙམ་བྱུང་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ། མི་སྒེར་གྱིས་རྩ་འཛུགས་ལ་གཞུང་དོན་དང་སྒེར་དོན་སོགས་ཀྱི་གནས་ཚུལ་སྙན་སེང་ཞུ་རྒྱུ། གནད་དོན་ཁག་གོང་རིམ་ནས་ཐག་གཅོད་ཡོང་བ་ཞུ་རྒྱུ་བཅས་ཀྱི་ཡིག་རིགས་ཤིག་ཡིན།

རིགས་དབྱེ།  

ལས་དོན་སྙན་ཞུ།

ལས་དོན་སྙན་ཞུའམ་སྙན་སེང་ཞུ་ཡིག་ཅེས་པ་ནི་རྒྱུན་སྤྱོད་ཡིག་རིགས་ལས་སྙན་ཞུའི་རིགས་ཤིག་ཡིན་ལ། དེ་ནི་འོག་རིམ་སྡེ་ཚན་གྱིས་ལས་དོན་གང་དང་གང་བྱས་པ་གོང་རིམ་སྡེ་ཚན་ལ་གནས་ཚུལ་སྙན་སེང་ཞུ་བར་སྤྱོད་པའི་ཡིག་རིགས་ཤིག་རེད།

རིགས་དབྱེ།  

ལན་འདེབས་སྙན་ཞུ།

ལན་འདེབས་སྙན་ཞུ་ནི་རྒྱུན་སྤྱོད་ཡིག་རིགས་ལས་སྙན་ཞུའི་རིགས་ཤིག་ཡིན་ལ། དེ་ནི་ཡིག་ཐོག་ནས་རིམ་པ་གོང་མས་དོན་གནད་བཀའ་འདྲི་གནང་བར་ལན་འདེབས་སམ་ཡང་ན་ལས་དོན་ཞིག་མངགས་བཅོལ་གནང་བ་དེ་ཇི་ལྟར་བྱས་ནས་སྒྲུབ་མིན་སྐོར་གོང་རིམ་ལ་སྙན་སེང་ཞུས་པ་དེ་ལ་ཟེར།

རིགས་དབྱེ།  

ཉིན་ཐོ།

ནང་དོན་ཟིན་ཐོར་བཀོད་པའི་རྩོམ་ལུས་ཤིག་ཡིན་ལ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རང་བཞིན་ཡོད་པའི་ཉེར་སྤྱོད་རྩོམ་ཡིག་ཅིག་ཀྱང་ཡིན། དེ་ནི་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ལྟ་ཞིབ་ལས་བྱུང་བ་ཡིན་ལ། དོན་དག་དང་མི་སྣ། དངོས་པོ། ཡུལ་ལྗོངས་སོགས་བྲིས་ཆོག་ལ་བྱ་འགུལ་ཞིབ་བརྗོད་བྱས་ཀྱང་ཆོག གང་ལྟར་རང་ཉིད་ཀྱིས་ཉིན་གཅིག་གི་བསྒྲུབས་པ་དང་མཐོང་བ། ཐོས་པ། དྲན་པ་སོགས་ཚང་མ་ཉིན་ཐོའི་ནང་དོན་ཡིན།

རིགས་དབྱེ།  

དཔྱད་གཞི།

དཔྱད་པར་བྱ་བའི་གཞིའམ་ཡུལ་ཞེས་པ་དེ་དཔྱད་གཞིའི་ངེས་ཚིག་ཡིན་ཏེ་རིགས་གཉིས་སུ་ངོས་འཛིན་དགོས་རུང་། དང་པོ་ནང་དོན་རིག་པ་བ་དང་ཚན་རིག་དཔལ་འབྱོར་པ་རྣམས་ཀྱིས་ཟབ་ཅིང་བརླིང་བ་དང་ཕྲ་ཞིང་ཞིབ་པའི་གནས་གང་དང་གང་ལ་དཔྱད་པར་བྱ་བའི་གཞི་དེ་ལ་གོ་དགོས། གཉིས་པ་ནི་རིག་གཞུང་ལ་ཅུང་ཟད་སྦྱོང་བ་སོང་ནས་རྩོམ་འབྲི་བའི་སྔ་རོལ་ཏུ་གང་འབྲི་བའམ་བརྗོད་པར་དཔྱད་པའི་གཞི་དེ་ལ་གོ་དགོས།

རིགས་དབྱེ།  

ཁྱབ་ཡིག

ཁྱབ་ཡིག་ཅེས་པ་དེ་ནི་སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་ནོར་འཁྲུལ་ལ་སྐྱོན་བརྗོད་བྱེད་པ། གནད་དོན་གསལ་རྗེན་དུ་འདོན་པ། གནས་ཚུལ་སྤེལ་རེས་བྱེད་པའི་ནང་ཁུལ་གྱི་གཞུང་ཡིག་ཡིན།

རིགས་དབྱེ།  

དགོངས་སྐོར་སྙན་ཞུ།

གནད་དོན་ཞིག་ཐག་གཅོད་བྱེད་སྐབས་གོང་རིམ་ལ་དགོངས་སྐོར་ཞུས་ཏེ་མཆན་འགོད་མཛུབ་སྟོན་ཡོང་བ་བྱེད་པའམ་ལས་ཀའི་ནང་དུ་གནས་ཚུལ་གསར་བ་ཞིག་བྱུང་བར་བརྟེན་དེར་ཐག་གཅོད་བྱེད་ཐབས་གོང་རིམ་ལ་དགོངས་སྐོར་ཞུ་དགོས་པ། ཡང་ན་གནད་དོན་ཞིག་གི་ཐད་དེ་ཙམ་གསལ་བོ་མ་རྟོགས་པའི་དབང་གིས་གོང་རིམ་གྱིས་མཛུབ་སྟོན་གནང་བའི་ཆེད་དུ་བྲིས་པའི་ཡི་གེར་དགོངས་སྐོར་སྙན་ཞུ་ཟེར།

རིགས་དབྱེ།  

ཕྱོགས་སྡོམ།

ཕྱོགས་སྡོམ་ཞེས་པ་དེ་ནི་དུས་རིམ་ཞིག་གི་ལས་དོན་དང་སློབ་སྦྱོང་། བསམ་བློའི་སྣང་ཚུལ་བཅས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་བྲིས་པའི་སློབ་སྟོན་གྱི་རང་བཞིན་ལྡན་པའི་སྡོམ་ཚིག་ཡིག་ཐོག་ཏུ་འགོད་པ་ལ་ཟེར། སྐབས་འགར་དེས་མཚོན་པར་བྱས་པའི་ནང་དོན་ནི་སྟབས་བདེ་ཙམ་དང་དུས་ཚོད་ཐུང་ཙམ། གཞི་ཁྱོན་ཆུང་ཙམ་བཅས་ཡིན་ན་ཐོག་མའི་ཕྱོགས་སྡོམ་ཡང་ཟེར།

རིགས་དབྱེ།  

སྤྱི་ཆིངས།

སྤྱི་ཆིངས་ཞེས་པ་ནི་དེ་ནི་མང་ཚོགས་ཀྱིས་བྱ་བ་དང་ཐོན་སྐྱེད། སློབ་སྦྱོང་སོགས་ཀྱི་ལས་འགན་ལེགས་སྒྲུབ་བྱ་རྒྱུར་འགན་ལེན་ཡོང་བའི་ཆེད་དུ་ཐུན་མོང་གིས་གྲོས་བསྡུར་དང་གོ་བསྡུར་བྱས་ཏེ་ལྷན་དུ་བརྩི་སྲུང་བྱ་རྒྱུའི་སྤྱོད་ཀྱི་ཚད་གཞི་དེ་ཡིག་ཐོག་ཏུ་འགོད་པ་རེད།

རིགས་དབྱེ།