ཉིན་ཐོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉིན་ཐོ།
ནང་དོན་ཟིན་ཐོར་བཀོད་པའི་རྩོམ་ལུས་ཤིག་ཡིན་ལ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རང་བཞིན་ཡོད་པའི་ཉེར་སྤྱོད་རྩོམ་ཡིག་ཅིག་ཀྱང་ཡིན། དེ་ནི་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ལྟ་ཞིབ་ལས་བྱུང་བ་ཡིན་ལ། དོན་དག་དང་མི་སྣ། དངོས་པོ། ཡུལ་ལྗོངས་སོགས་བྲིས་ཆོག་ལ་བྱ་འགུལ་ཞིབ་བརྗོད་བྱས་ཀྱང་ཆོག གང་ལྟར་རང་ཉིད་ཀྱིས་ཉིན་གཅིག་གི་བསྒྲུབས་པ་དང་མཐོང་བ། ཐོས་པ། དྲན་པ་སོགས་ཚང་མ་ཉིན་ཐོའི་ནང་དོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日记
ཕྱི་ཡིག་གི་མིང་།
diary
1 ​འགྲེལ་བཤད།

ཡི་གེའི་སྟེང་ནས་བལྟས་ནས་ཕལ་ཆེར་ཉིན་མ་རེ་རེར་བྱུང་བའི་དོན་དག་ཟིན་ཐོར་བཀོད་པ་ལ་གོ་དགོས། ཉིན་ཐོ་ནི་ཉི་མ་རེ་རེར་འཕྲད་པའི་དོན་དག་དང་བསྒྲུབས་པའི་དོན་དག་ཟིན་ཐོར་བཀོད་པར་གོ་བ་ཡིན་ལ། ཡང་དེའི་ནང་དུ་རང་ཉིད་ཀྱི་ཚོར་བ་འདྲེས་ཏེ་བྲིས་ཀྱང་ཆོག ཉིན་རྒྱུན་དུ་བྱུང་བའི་དོན་དག་དང་ཐག་གཅོད་བྱས་པའི་དོན་དག་གམ་ལྟ་ཞིབ་བྱས་པའི་དངོས་པོ་ཟིན་ཐོར་བཀོད་པ་ཡིན་ལ། སྒེར་གྱི་འགུལ་སྐྱོད་དང་བསམ་གཞིགས་སམ་ཚོར་བ་ཟིན་ཐོར་བཀོད་ལ་ཡང་གོ།

2 རིགས།

ཉིན་ཐོ་ལ་འཚོ་བའི་ཉིན་ཐོ་དང་བྱ་བའི་ཉིན་ཐོ། ལྟ་ཞིབ་ཉིན་ཐོ། སློབ་མའི་ཉིན་ཐོའི་རྩོམ་ཡིག་སྟེ་སེམས་ཁམས་ཉིན་ཐོ་དང་རང་བྱུང་ཉིན་ཐོ་རུ་དགར་ཆོག་པ་ཡིན།

3 འབྲི་ཐབས།

གལ་ཏེ་ཉིན་ཐོ་རྐྱང་བ་ཡིན་ལ་དེ་རིང་གི་དོན་དག་ཐད་འབྲི་རྒྱུ་མེད་ན། སྔོན་ཆད་བྱུང་མྱོང་བའི་དོན་དག་བྲིས་ཆོག་ལ། ནང་དོན་གྱི་ཐད་ནས་ཚིག་རྒྱན་གྱིས་སྤྲས་མི་དགོས་པར་དེ་ནི་ཉིན་གཅིག་ནང་བྱུང་བའི་དོན་དག་དག་ཟིན་ཐོར་བཀོད་པ་ཙམ་ཡིན་པས་ཀློག་འདོན་ལ་སྟབས་བདེ་ཡོད་པ་དང་འདོད་པའི་དུས་སུ་ཚོར་བའི་སྟེང་འདོན་བདེ་མོ་ཡིན་ན། ཅི་དྲན་གང་དྲན་དུ་བྲིས་ཆོག་ལ་རང་ཉིད་ལ་ལྷོད་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པས་ཆོག

རྒྱུན་སྲོལ་དུ་མགོ་རྩོམ་པ་དང་ནང་དོན་དངོས་གཉིས་ཀྱིས་གྲུབ་པ་ཡིན་ལ། འབོད་པའི་ཐ་སྙད་དང་པོ་སྤྱད་དེ་ཉིན་དེའི་འཚོ་བའི་ཁྲོད་ཀྱི་མཐོང་ཐོས་དང་དོན་དག དྲན་འཆར་བྲིས་ཆོག་ལ། རྒྱ་ཡིག་དང་དབྱིན་ཡིག་གི་ཉིན་ཐོའི་རྣམ་གཞག་འདྲ་མཚུངས་ཡིན་ལ། དབྱིན་ཡིག་གི་འགོ་རྩོམ་སར་དུས་ཚོད་དང་རེས་གཟའ། གནམ་གཤིས་བཅས་ཆེད་དུ་འབྲི་དགོས་ལ། གཡོན་གྱི་མགོར་དུས་ཚོད་དང་རེས་གཟའ་འབྲི་དགོས་ལ། གཡས་ཀྱི་མགོར་གནམ་གཤིས་འབྲི་དགོས།

1 ཐིག་ཕྲེང་དང་པོའི་དཀྱིལ་དབུས་སུ་ལོ་ཟླ་ཚེས་གྲངས་དང་རེས་གཟའ། ཉིན་དེའི་གནམ་གཤིས་གསལ་བོར་འབྲི་དགོས།

2 ཐིག་ཕྲེང་གཉིས་པར་མགོ་ནས་ཚེག་བར་གཉིས་བསྐྱུར་རྗེས་ནང་དོན་དངོས་འབྲི་དགོས་པ་དང་། དེའི་རྗེས་ཀྱི་ཐིག་ཕྲེང་མགོར་ཚེག་བར་བསྐྱུར་མི་དགོས། གཞུང་དངོས་ལ་སྤྱིར་བཏང་དུ་ཇི་བཞིན་བརྗོད་པའི་རྣམ་པ་སྤྱད་ཆོག་ལ་ཡང་དགག་སྒྲུབ་ཀྱིས་རྣམ་པ་སྤྱད་ཀྱང་ཆོག རྣམ་པ་གང་སྤྱད་ཀྱང་ཆོག་སྟེ་གཙོ་བོ་ཉིན་དེའི་དོན་སྙིང་ཅན་གྱི་དོན་དག་ཞིབ་བརྗོད་བྱས་ཏེ་བསམ་བློའི་བརྩེ་དུངས་མཚོན་དགོས།

4 དོ་སྣང་།

ཉིན་ཐོའི་ནང་དོན་ནི་བདེན་པ་བདེན་དྲང་ཡིན་དགོས་ལ། ཇི་ལྟར་དྲན་ན་དེ་ལྟར་འབྲི་དགོས་ལ་རིང་བར་ཡིག་འབྲུ་སྟོང་ལྷག་དང་ཐུང་བར་ཚིག་གཅིག་གཉིས་ཙམ་གྱིས་ཀྱང་ཆོག དེ་ཡང་གཙོ་བོ་རང་གི་ཞིབ་བརྗོད་བྱེད་བཞིན་པའི་ནང་དོན་གྱིས་ཐག་གཅོད་བྱེད་པ་ཡིན། གང་ལྟར་འབྲི་དགོས་པ་དག་གསལ་བོར་བྲིས་ན་ཆོག་པ་ལས་ནང་དོན་ཐུང་ཡང་ཇེ་རིང་དུ་གཏོང་བའམ་ཐུང་ཡང་ཇེ་རིང་གཏོང་བ་ལྟར་བྱས་ན་ལེགས་པོ་ཞིག་འབྲི་མི་ཐུབ།  ཡང་ཉིན་ཐོ་ནི་རང་ཉིད་ཀྱི་སེམས་ཁམས་འགུལ་སྐྱོད་ཡིན་ལ། མཚམས་ལན་རེར་དེ་ནི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་བརྗོད་སའི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན། ཉིན་ཐོ་ལ་དེ་ལྟ་བུའི་ཁྱད་ཆོས་ཡོད་རྐྱེན་ཁྱིམ་བདག་དང་དགེ་རྒན་ལ་ཤས་ཀྱིས་སློབ་མའི་ཉིན་ཐོར་ལྐོག་ལྟ་བྱེད་པ་དང་། གལ་ཏེ་ནང་དོན་ཐད་དུ་རང་ཉིད་ལ་མི་ཕན་པའི་སྐད་ཆ་ཡོད་ན་སློབ་མར་གཤེ་གཤེ་གཏོང་བ་སོགས་བྱེད་སྟབས། སློབ་མས་སེམས་ཀྱི་སྐད་ཆ་དྲང་བདེན་ངང་འབྲི་མི་ཐུབ་པར་རྫུན་བཤད་པའི་མགོ་རྩོམ་སྲིད་པས། དགེ་རྒན་དང་ཁྱིམ་བདག་གིས་སློབ་མར་ཉིན་ཐོའི་ཁྲོད་དུ་རང་དབང་གི་ཁོར་ཡུག་ཅིག་སྟེར་དགོས།

5 དོན་སྙིང་།

ཐོག་མར་སྙིང་རུས་གསོ་སྐྱོང་བྱེད་པ་ཡིན་ལ། མོའོ་ཙེ་ཏུང་གིས་མི་ཞིག་གིས་དོན་བཟང་གཅིག་བསྒྲུབས་རྒྱུ་དཀའ་ཁག་མེད་མོད་ཚེ་གང་བོར་བསྒྲུབས་རྒྱུ་ནི་དཀའ་ཁག་ཆེ་བ་ཡིན་ཞེས་བཤད་པ་ལྟར་རྒྱུན་འཁྱོངས་ཀྱི་གཙོ་གནད་རང་བཞིན་ནན་བཤད་བྱས་ཡོད་ལ། དེ་དང་འདྲ་བར་ཉིན་ཐོ་རེ་གཉིས་འབྲི་རྒྱུ་ནི་ལས་སླ་མོ་ཞིག་ཡིན་ལ། མི་ཚེ་གང་བོར་རྒྱུན་འཁྱོངས་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན། གལ་ཏེ་དེ་ལྟར་རྒྱུན་འཁྱོངས་བྱེད་ཐུབ་ན་རང་གི་སྙིང་རུས་དང་ཀུན་སྤྱོད་ལ་སྦྱོང་བརྡར་ཆེན་པོ་ཐེབས་ཐུབ་སྟེ། སྐུ་ཞབས་ལུའུ་ཞུན་གྱིས་ཉི་མ་རེ་རེ་ཉིན་ཐོ་བྲིས་ཏེ་ཚེ་ལས་འདས་རྗེས་ཁོང་གི་ཆུང་མས་བསྡུ་བསྒྲིགས་བྱས་པ་ཡིན་ལ། དེ་ནི་ལུའུ་ཞུན་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐུ་ཞབས་ལུའུ་ཞུན་མི་རབས་གཅིག་གི་མཁས་དབང་དུ་གྱུར་བའི་རྒྱུ་རྐྱེན་ནི་ཁོས་ཉིན་ཐོ་བྲིས་པ་ལ་བརྟེན་ནས་འགྱུར་མེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྙིང་རུས་གསོ་སྐྱོང་བྱས་པ་དང་ཁ་བྲལ་ཐབས་མེད་པ་ཡིན།

བར་དུ་ཡིག་ཚད་སྦྱོང་བརྡར་བྱེད་པ་ཡིན། ཡིག་ཐོག་གི་མཚོན་ཐབས་ནུས་པ་ནི་མི་གཅིག་གི་མི་ཚེ་གང་བོའི་ཁྲོད་ཀྱི་ནུས་པ་གལ་ཆེ་བ་གཅིག་ཡིན་ལ། ཉིན་ཐོ་འབྲི་བ་ནི་ཡིག་རྩལ་ཇེ་མཐོར་གཏོང་བའི་བྱེད་ཐབས་གཅིག་ཡིན།

མཇུག་ཏུ་ལོ་རྒྱུས་ཀྱི་ཟིན་ཐོའི་ཚབ་བྱེད་པ་ཡིན། ལོ་རྒྱུས་ཞེས་པ་ནི་མི་རང་ཉིད་ཀྱི་འཚར་ལོངས་ཀྱི་ལོ་རྒྱུས་ཡིན་ལ། མི་ཞིག་གི་ཡིད་འཛིན་ཇི་ཙམ་བཟང་ནའང་རང་གི་འདས་ཟིན་པའི་དོན་དག་ཡོད་ཚད་བརྗེད་སྲིད་པ་ཡིན། ཉིན་རེར་ཉིན་ཐོ་འབྲི་བའི་གོམས་གཤིས་ལོབས་སུ་བཅུག་སྟེ་ཁོམ་པ་ཡོད་དུས་ཕྱིར་དྲན་བྱས་ཆོག་ལ། ཉིན་ཐོ་ནི་རང་ཉིད་ཀྱི་ཆེས་གཞུང་དྲང་གི་འཚར་ལོངས་ཀྱི་ཟིན་ཐོ་ཡིན། དེ་རུ་རང་ཉིད་ཀྱི་ཆེས་གལ་ཆེ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ཡོད་ལ། རང་ཉིད་ཀྱི་བསམ་བློ་དང་བརྩེ་དུངས་དེ་ཕུན་སུམ་ཚོགས་པ་དང་ནར་སོན་པའི་གོ་རིམ་ཀྱང་འདུས་ཡོད། ད་དུང་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ཆེས་རིན་ཐང་ལྡན་པའི་ནོར་བུ་རིན་པོ་ཆེ་ཞིག་ཀྱང་ཡིན། མི་མང་པོ་ཞིག་གི་ཉིན་ཐོ་མཉམ་དུ་བསྡུས་ན་ད་གཟོད་མི་རིགས་ཤིག་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། མིའི་རིགས་ཀྱི་ལོ་རྒྱུས་སུ་གྲུབ་ཐུབ།

6 ཀུན་སྤྱོད།

ཉིན་ཐོ་ནི་རང་ཉིད་ཀྱི་ནང་སེམས་ཀྱི་ཚོར་བའི་མཚོན་ཐབས་ཡིན་ལ། སྲོལ་རྒྱུན་དུ་ཉིན་ཐོ་འབྲི་སྐབས་ངེས་པར་དུ་ཉིན་ཐོའི་ཀུན་སྤྱོད་བརྩི་སྲུང་བྱེད་དགོས་ལ། སྒེར་གྱི་ཉིན་ཐོའི་གསང་བ་ཡོད་ལ་ཉིན་ཐོའི་བདག་པོ་འཐད་པ་མེད་པར་མི་གཞན་གྱིས་གང་འདོད་ལྟར་བལྟས་མི་ཆོག་ལ། ཉིན་ཐོའི་འབྲི་དེབ་དེ་གསང་བ་ཡིན་སའི་གནས་སུ་འཇོག་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-29

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།