ར་སྤྲོད་ཡི་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ར་སྤྲོད་ཡི་གེ
ར་སྤྲོད་ཡི་གེ་ནི་རྒྱུན་སྤྱོད་ཡིག་རིགས་ཀྱི་རིགས་ཤིག་ཡིན་ལ། དེ་ནི་རང་ཁོངས་ཀྱི་བློ་མཐུན་ཞིག་ས་གནས་གཞན་ནམ་ཚན་པ་གཞན་ལ་ལས་དོན་དང་སློབ་སྤྱོང་སོགས་ལ་མངགས་གཏོང་བྱེད་པ་དང་། ཡང་ན་ལས་སྒྱུར་བྱེད་པའི་སྐབས་སུ་བློ་མཐུན་དེའི་མིང་དང་། གོ་བབ། ལོ་གྲངས། ལས་ཁུངས་སམ་སྡོད་གནས། ཡང་ན་འབྲེལ་ཡོད་དོན་དག་གི་གནས་ཚུལ་གང་འདྲ་ཡིན་མིན་སོགས་ར་སྤྲོད་དཔང་པོ་བྱེད་པའི་ཡིག་རིགས་ཤིག་ཡིན། ཡིག་རིགས་དེའི་གྲས་འབྲི་སྐབས་ངེས་པར་དུ་བློ་མཐུན་དེའི་གནས་ཚུལ་ཇི་མ་ཇི་བཞིན་གསལ་བཤད་བྱེད་དགོས་པ་ལས་ཚིག་དོན་གསལ་ལ་མི་གསལ་དང་གོ་དོན་ངེས་མེད་སོགས་བྲིས་ན་མི་འགྲིག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
证明信
ངོ་བོ།
ཆེད་སྤྱོད་ཡིག་རིགས།
1 གོ་དོན།

ར་སྤྲོད་ཡི་གེ་ནི་རང་ཁོངས་ཀྱི་བློ་མཐུན་ཞིག་ས་གནས་གཞན་ནམ་ཚན་པ་གཞན་ལ་ལས་དོན་དང་སློབ་སྤྱོང་སོགས་ལ་མངགས་གཏོང་བྱེད་པ་དང་།  ཡང་ན་ལས་སྒྱུར་བྱེད་པའི་སྐབས་སུ་བློ་མཐུན་དེའི་མིང་དང་།  གོ་བབ།  ལོ་གྲངས།  ལས་ཁུངས་སམ་སྡོད་གནས། ཡང་ན་འབྲེལ་ཡོད་དོན་དག་གི་གནས་ཚུལ་གང་འདྲ་ཡིན་མིན་སོགས་ར་སྤྲོད་དཔང་པོ་བྱེད་པའི་ཡིག་རིགས་ཤིག་ཡིན། ཡིག་རིགས་དེའི་གྲས་འབྲི་སྐབས་ངེས་པར་དུ་བློ་མཐུན་དེའི་གནས་ཚུལ་ཇི་མ་ཇི་བཞིན་གསལ་བཤད་བྱེད་དགོས་པ་ལས་ཚིག་དོན་གསལ་ལ་མི་གསལ་དང་གོ་དོན་ངེས་མེད་སོགས་བྲིས་ན་མི་འགྲིག

2 ཆ་རྐྱེན།

1. འགོ་ཐོད་དཀྱིལ་དབུས་སུ་ར་སྤྲོད་ཡི་གེ་ཞེས་ཁ་བྱང་བྲིས་ནས་ནང་དོན་མཚོན་པར་བྱེད་སྲོལ་ཡོད།  ཡང་ན་དེ་ལྟར་མ་བྲིས་པར་ཐད་ཀར་བྲིས་ཀྱང་འཐུས། 

2.དེ་རྗེས་འགོ་ཤོག་ཕྲན་བུ་བཞག་སྟེ་ཡིག་ཕྲེང་དང་པོའི་འགོར་སྟོང་ཆ་མ་བཞག་པར་ར་སྤྲོད་ཡི་གེ་གཏོང་ཡུལ་གྱི་ཚན་པའི་མིང་བྲི་དགོས། 

3.དེ་ནས་འབེབས་བླངས་ཏེ་ཡིག་ཕྲེང་གི་འགོར་ཡི་གེ་ཚེག་ཁྱིམ་གཉིས་ཙམ་གྱི་སྟོང་ཆ་བཞག་ནས་ར་སྤྲོད་བྱ་རྒྱུའི་མི་དང་།  དེའི་གནས་ཚུལ།  དོན་དག་གང་ཡིན་བཅས་པ་དོ་ནན་གྱིས་བྲི་དགོས།

4.མཇུག་ཏུ་ར་སྤྲོད་ཡི་གེ་གཏོང་མཁན་གྱི་ཚན་པའི་མིང་དང་ལོ་ཟླ་ཚེས་གྲངས་བཅས་བྲིས་ཏེ་རྟགས་ཐམ་རྒྱག་དགོས།

3 དཔེ་གཞི། 

དཔེ་གཞི་དང་པོ།

QQ截图20151217161745.png

དཔེ་གཞི་གཉིས་པ།

QQ截图20151217161947.png

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-17

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།