གུང་ཐང་བསླབ་བྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གུང་ཐང་བསླབ་བྱ།
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་བསླབ་བྱ་ནི་ཆོས་ལུགས་ལ་སྦྱར་ནས་མི་རྣམས་ལ་ཁ་ཏ་སློབ་གསོ་གནང་ཡོད་པས་བསླབ་བྱ་ཀུན་ལས་མཆོག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《贡塘格言》
རྩོམ་པ་པོ།
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
1 བསླབ་བྱའི་རྣམ་གྲངས།

《མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》དང་། 《ལུགས་གཉིས་ཀྱི་བསླབ་བྱ་མདོར་བསྡུས》།《མདོ་སྔགས་ཀུན་གྱི་གནད་འདྲིལ་བའི་བསླབ་བྱ་མདོར་བསྡུས》།《བསླབ་བྱ་སེམས་ལ་གཟེར་བ》། 《དགེ་སྦྱོར་ལ་བསྐུལ་བའི་བསླབ་བྱ》།《སྒྲུབ་པ་སྙིང་པོར་བྱེད་ཚུལ་གྱི་བསླབ་བྱ》།《བསླབ་བྱ་ཟློག་སྒོམ་གྱི་ཚུལ་དུ་བྱས་པ་སྐྱོན་ཡོན་གསལ་བའི་མེ་ལོང》སོགས་ཡོད་དོ།།

2 བསླབ་བྱའི་ནང་དོན།

བསླབ་བྱ་དེ་དག་ཏུ་དལ་འབྱོར་རྙེད་དཀའ་བ་དང་། མི་ཚེ་མི་རྟག་པ། འཁོར་བར་སྙིང་བོ་མེད་པ་སོགས་རྒྱུ་མཚན་བྱས་ནས། མདོ་སྔགས་གཞུང་ལ་ཐོས་བསམ་བྱེད་ཚུལ་དང་། སྒྲུབ་པ་སྙིང་པོར་བྱེད་ཚུལ། སྒོ་གསུམ་དགེ་བའི་ལས་ལ་འཁོལ་ཚུལ། འདུལ་བའི་བསླབ་ཁྲིམས་སྲུང་ལུགས་སོགས་བརྗོད་ཡོད།

དཔེར་ན། 《མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》ལས།

“ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། །

བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་། །

རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། །

བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། །

འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་། །”

“ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །

ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །

ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །

དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །

བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང་། །”

ཞེས་པ་ལྟ་བུའི་བསླབ་བྱ་འདི་དག་གིས་གནས་ལུགས་ཟབ་མོ་བརྗོད་པ་བརྒྱུད་ནས་མདོ་སྔགས་ཀྱི་གཞུང་ལ་བརྩོན་འགྲུས་ཆེན་པོས་ཐོས་བསམ་བྱེད་དགོས་པར་གདམས་ཡོད་པ་དང་། བསླབ་བྱ་དེ་རིགས་ཀྱིས་ད་ལྟའང་མི་རྣམས་ལ་བློ་སྒོ་འབྱེད་པ་དང་སློབ་གསོའི་ནུས་པ་བླ་ན་མེད་པ་འདོན་ཐུབ།

3 བསླབ་བྱའི་ཁྱད་ཆོས།

གུང་ཐང་བསྟན་པའི་སྒྲོན་མེའི་བསླབ་བྱ་རྣམས་ནི་ཚིགས་བཅད་གཅིག་ལ་ཚིག་རྐང་བཞི་ཅན་དང་ལྔ་ཅན་ཤས་ཆེ་ལ། ཚིག་རྐང་རེ་ལ་ཚེག་བར་དྲུག་ཅན་དང་། བདུན་ཅན། བརྒྱད་ཅན། དགུ་ཅན་སོགས་ཡོད་པ་དང་། བསླབ་བྱ་ལ་ལ་ཞིག་ནི་ཀ་ཕྲེང་གི་རྒྱན་གྱིས་སྤྲས་ཡོད། ཡང་བསླབ་བྱ་ཕལ་ཆེ་བས་སྤྱིར་བཏང་གི་ཁ་ཏའི་རང་བཞིན་གྱི་ཉམས་གཙོ་བོར་བཟུང་ཡོད་པས།  ཚིག་སྦྱོར་ལ་བབ་ཆགས་ཤིང་གོ་སླ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པར་མ་ཟད། དལ་འབབ་ཆུ་བོའི་བཞུར་སྒྲ་ལྟ་བུའི་དབྱངས་ཀྱི་ཉམས་ཤིག་ལྷང་ངེར་ཐོན་ཡོད་པས། བོད་ཁམས་སུ་ཆེས་སྐད་གྲགས་ཆེ་བའི་བསླབ་བྱར་བརྩིའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-07

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།