འདིར་བརྗོད་པའི་སྒུར་བྲོ་ནི་མི་ཉག་ཡུལ་དུ་གནའ་ནས་ད་བར་དུ་མ་ཉམས་རྒྱུད་སྤེལ་བྱས་ཤིང་ཐུན་མོང་མ་ཡིན་པའི་གནའ་བྲོ་ཞིག་ཡིན་པའི་གནད་དང་བསྟུན་ཏེ། ཁམས་མི་ཉག་ཡུལ་གྱི་སྒུར་བྲོ་དེའི་མིང་བྱུང་ཚུལ་དང་། སྒུར་བྲོའི་ཁྱད་ཆོས། མི་ཉག་སྒུར་བྲོའི་དབྱེ་བ་བཅས་བརྗོད་པར་བྱའོ། །
ཁམས་སྡེ་དགེའི་བྲོ་ཆེན་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་ལ། ལུས་ངག་གི་ཉམས་འགྱུར་རྨད་དུ་བྱུང་བའི་སྒྱུ་རྩལ་གྱིས་གསོན་ཉམས་ལྡན་པ་ཞིག་ཡིན། དེ་ལ་དོན་ཚན་ཆེན་པོ་བཞི་ཡད་དེ། དང་པོ་སྡེ་དགེའི་བྲོ་ཡི་འབྱུང་ཁུངས་དང་། གཉིས་པ་སྡེ་དགེའི་བྲོ་ཡི་འཕེལ་རིམ། གསུམ་པ་སྡེ་དགེའི་བྲོ་བ་རྣམས་ཀྱི་གོས་རྒྱན། བཞི་པ་སྡེ་དགེའི་བྲོ་ཡི་རྡོག་བྲོ་དང་ངག་རྟའི་གདངས་དབྱངས་དང་བྲོ་ཚིག་བཅས་བཞི་ཡོད་པ་རེད།
གླིང་བྲོ་ཆེས་ཐོག་མར་གླིང་གེ་སར་གྱིས་རྟ་རྒྱུག་གིས་རྒྱལ་ཁ་བཞེས་པ་དང་གཡུལ་ལས་རྒྱལ་བའི་སྐབས་ཀུན་ཏུ་བྲོ་གར་མཛད་པ་དེ་ནས་དར་ཞིང་དམངས་ཁྲོད་དུ་གནས། དེ་ནས་བླ་མ་མི་ཕམ་རྣམ་རྒྱལ་རྒྱ་མཚོས(སྤྱི་ལོ1846ལོ—སྤྱི་ལོ1912ལོ)གླིང་བྲོ་བདེ་ཆེན་རོལ་མོ་འདི་ཉིད་ཀྱི་དབྱངས་དང་གར་སྟབས་སོགས་ཕྱོགས་བསྒྲིགས་མཛད་ནས་ཁམས་ཀྱི་རྫོགས་ཆེན་དགོན་པར་འཁྲབ་སྟོན་བྱས་པས་དམངས་ཁྲོད་ལ་ཁྱབ་བརྡལ་དུ་བྱུང་།
ཉག་རོང་སྐོར་བྲོ་ལ་རོལ་ཆའི་མཐུན་སྦྱོར་མེད་ལ་ས་ཕྱོགས་ཀྱི་གཟབ་འཕྱོར་སྤྲས་པའི་བྲོ་པ་རྣམས་ཕོ་མོ་འགྲིག་གཉིས་སུ་བསྒྲིགས་ནས། སྐོར་བྲོ་འཁྲབ་པ་ཡིན། དེ་ལས་བྲོ་འཁྲབ་སྐབས་ཀྱི་བྲོ་འགོ་ཁྲིད་མཁན་དེ་ལ་བྲོ་དཔོན་ཟེར་ཞིང་། དེ་ནས་བྲོ་དཔོན་གྱི་རྗེས་སུ་འབྲང་མཁན་དེ་ལ་བྲོ་གཡོག་ཟེར་ཞིང་། བྲོའི་མཇུག་མར་ཡོད་པའི་བྲོ་པ་དེ་ལ་བྲོ་རྔ་ཞེས་ཟེར་བ་རེད། དེ་མིན་གཞན་རྣམས་ལ་བྲོ་པ་ཞེས་ཟེར་བ་མ་གཏོགས་མིང་གཞན་འདོགས་སྲོལ་མེད།
གནའ་སྲོལ་གྱི་གོམས་གཤིས་ལྟར་མི་ཉག་གི་བུ་དང་བུ་མོ་སོགས་བག་མ་དང་མག་པ་སོགས་བཏང་བའི་སྐབས་སུ། དུད་ཚང་གི་ཀ་བའི་མདུན་དུ་ཅོག་ཙེ་གྲུ་བཞི་ཅན་གྱི་སྟེང་། ཆང་རག་དང་བུ་རམ་སོགས་བཤམས་ལ། གཟུགས་མཛེས་ལ་སྐད་སྙན་པའི་ཕོ་མོ་ཆ་གཉིས་རེས་ལུས་ལ་དར་གོས་ཀྱིས་བརྒྱན་ཏེ་ཞབས་བྲོ་འཁྲབ་སྲོལ་ཡོད་པ་རེད། འགྲོ་བྲོ་འཁྲབ་པའི་སྐབས་སུ་བྲོ་ཚིག་ནང་ཤིས་བརྗོད་ཀྱི་ཚིག་ཤ་སྟག་ཡིན།
ཤོན་ཞེས་པ་ནི་སཾཀྲིཏའི་སྐད་དེ་བྲོ་ཡི་དོན་ཡིན། ཤོན་བྲོ་ནི་བཤད་པ་དང་གཞས་གཏོང་པ། འཁྲབ་པ་གསུམ་ཕན་ཚུན་འདྲེས་པའི་བོད་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་གྱི་བྲོ་ཞིག་ཡིན་ནོ། སྤྱི་ལོ2008ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆོག་མཆན་བཀོད་དེ་རིམ་པ་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་ནང་ཚུད་པ་རེད།
ཡག་པ་ཡག་མ་ཞེས་པའི་ཞབས་གཞས་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་རུ་ཐོག་ཤང་དུ་དར་བའི་ཆེས་གནའ་བོའི་ཞབས་གཞས་ཤིག་རེད། དེའི་ཉམས་འགྱུར་དམིགས་བསལ་ཆེ་བ་དང་། གྲུབ་ཆ་ཚགས་དམ་པ། གཞས་ཚིག་ཕུན་སུམ་ཚོགས་པ། སྙན་འཇེབས་ཡིད་དབང་འཕྲོག་པའི་འགྱུར་ཁུག་བཅས་ནི་བོད་ཀྱི་ས་ཕྱོགས་གཞན་ནས་མཐོང་དཀོན་པའི་དམངས་ཁྲོད་སྒྱུ་རྩལ་གྱི་རིགས་ཤིག་ཡིན།
འོམ་བུའི་ཞང་ཞུང་སྒོར་གཞས་ཀྱི་གླུ་ཚིག་གི་ནང་དོན་གཙོ་བོ་ནི་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་དང་འོམ་བུ་གྲོང་ཚོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་དང་ཕྱིའི་བཀོད་པ་ཡིན་ཞིང་། མཚོན་བྱེད་རང་བཞིན་ལྡན་པའི་སྒོར་གཞས《གནས་མཆོག་ཞང་ཞུང》ཞེས་པའི་གླུ་ཚིག་ནང་གནས་རི་ནི་རྟ་མགོ་གངས་རི་ཡིན་པ་དང་། གནས་མཚོ་ནི་དྭངས་རྭ་གཡུ་མཚོ་ཡིན་པ། རྫོང་ནི་དྭངས་རྭ་ཆོས་རྫོང་ཡིན་པ། རྒྱལ་པོ་ནི་ལི་མིག་རྒྱལ་པོ་ཡིན་ཞེས་པ་སོགས་ཡིན།
འདྲ་པའི་མ་ཎི་ཆོས་བྲོ་ནི་འཚོ་གནས་ཀྱི་ཁོར་ཡུག་དང་ཆོས་ལུགས་སྲོལ་རྒྱུན་དང་འབྲེལ་བ་དམ་པོ་ཡོད་པའི་དམངས་ཁྲོད་ཀྱི་རོལ་དབྱངས་གླུ་བྲོ་ཞིག་སྟེ། དེའི་ནང་དོན་ནི་མ་ཎི་འབྲུ་དྲུག་གྱེར་འདོན་བྱས་པ་གཙོ་བོར་བྱས་འདུག
གཞས་ཀྱི་རིག་གནས་སྒྱུ་རྩལ་ནི་ཁྱབ་རྒྱ་ཆེ་ཞིང་རྣམ་གྲངས་མང་པས། ས་གནས་སོ་སོའི་མིང་འདོགས་ཚུལ་དང་གཞས་ཀྱི་ཚད་གཞི་དང་གཏོང་སྟངས་སོགས་གཅིག་མཐུན་མིན། དཔེར་ན། སྟོད་གཞས་དང་། རས་གཞས། ལྷོ་ཁའི་སྐོར་གཞས། ཁམས་ཀྱི་འབའ་གཞས། ཡུལ་ཤུལ་གཞས། ཨ་མདོའི་གླུ་དང་ཤགས། ལ་གཞས། རྩེད་རིགས་སོགས་གང་མང་ཡོད།
བོད་ཁ་བ་ཅན་གྱི་ཡུལ་ནི་རིག་པའི་བང་མཛོད་དང་། གླུ་གར་གྱི་རྒྱ་མཚོ་ལྟ་བུ་ཡིན། དེ་ལས་ངོ་མཚར་ཞིང་གཏིང་ཟབ་པ། ལྟ་སྒོམ་སྤྱོད་གསུམ་གྱི་དངོས་གྲུབ་ཕྱི་རུ་གསལ་ལེར་མངོན་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོ་དང་། བོན་དགོན་ཁག་གི་འཆམ་རེད། འདིར་ཤེས་ལྡན་གཞོན་ནུའི་ཚོགས་ལ་གསལ་འདེབས་བྱ་རྒྱུ་ཞིག་ནི། དབེན་པའི་གནས་སའམ་དགོན་པ་ནི་གྲོང་དང་གྲོང་ཁྱེར་དང་བར་ཐག་རིང་ཡང་། དེ་ནི་བོད་རང་རིགས་ཀྱི་ཁྱད་ཆོས་ལས་གྲུབ་པའི་སྣ་འཛོམས་ཀྱི་སློབ་གྲྭ་ཞིག་སྟེ། དེར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་ལ་སློབ་སྦྱོང་བྱ་ཆོག་པར་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། བོན་པོའི་ཆོས་སྤྱོད་སྣ་ཚོགས་ལའང་ཐོས་བསམ་སྒོམ་གསུམ་དང་། འཛིན་སྐྱོང་སྤེལ་གསུམ་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། དེར་བརྟེན། འབྲོག་དགོན་དག་ནའང་བཅུ་ཕྲག་རིག་གནས་གཙོས་པའི་བྲོ་གར་དང་མཛེས་རྩལ་སོགས་སྒྱུ་རྩལ་སྣ་ཚོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་བཞིན་གདའ། དགོན་པའི་ནང་ཟློས་གར་འཁྲབ་སྟོན་ལ་གར་འཆམ་ཞེས་འབོད། གཙོ་བོ་ཆོས་ལུགས་གྲུབ་མཐའ་ཁག་སོ་སོས་རང་རང་གི་ཡི་དམ་དང་སྲུང་མའི་འདྲ་འབག་དང་། ཆོས་གོས་གྱོན་ཞིང་ཕྱག་མཚན་ལག་ཏུ་ཐོགས་ནས་གར་འཁྲབ་པ་ལ་ཟེར།
གླུ་གར་ནི་ཁ་ནས་གླུ་ལེན་ཞིང་ལུས་ཀྱིས་གར་འཁྲབ་པའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། ཨ་མདོ་ཡུལ་འདིའི་རིག་གནས་སྒྱུ་རྩལ་ལ་སྐོར་བྲོ་དང་། གླུ་ཤགས་གཞས་གསུམ་གཙོས་པའི་གར་འཆམ་དང་། ལྷ་རྩེད། ཀླུ་རྩེད། གཏོ་འཕེན་པ་སོགས་དང་། ཨ་རྩེད་དང་གར་སོགས་ཀྱི་བྲོ་གར་མང་དུ་ཡོད།
རེབ་གོང་ཡུལ་དུ་དྲུག་པའི་ཀླུ་རོལ་སྐབས་ཐུན་མོང་མ་ཡིན་པའི་བྲོ་གར་འཁྲབ་སྲོལ་ཞིག་ཡོད་པ་དེའི་མིང་ལ་དམག་རྩེད་ཟེར། དམག་རྩེད་ནི་གནའ་བོའི་བོད་དམག་གི་དཔུང་ཁག་གཅིག་ས་དེར་གཞི་ཆགས་རྗེས། སོ་ནམ་དང་ཕྱུགས་ཟོག་ལ་བརྟེན་ནས་འཚོ་བ་བསྐྱལ། ལོ་རེའི་དུས་སྟོན་གྱི་སྐབས་སུ་གཞན་སྡེ་དག་ལ་ལྷ་རྩེད་དང་། ཀླུ་རྩེད། བྲོ་གར་འཁྲབ་སྟོན་སོགས་ཀྱི་སྲོལ་བཟང་ཡོད་མོད། རང་སྡེ་ལ་དམག་རྩལ་སྦྱོང་སྲོལ་ལས་འཁྲབ་སྟོན་གཞན་མེད་པས། ཁོ་ཚོས་དམག་རྩལ་སྦྱོང་བའི་ཚུལ་ཀུན་ལ་མངོན་པས་ན་དགའ་བསུ་ཆེན་པོ་ཐོབ། རིམ་གྱིས་དམག་རྩེད་སྦྱོང་སྲོལ་ནས་བྲོ་གར་གྱི་རྣམ་པ་ཅན་དུ་གྱུར་བ་ཡིན།
བེ་གར་ནི་དབྱུག་འཛིན་པའི་གར་ལ་གོ་ཞིང་། བེ་གར་གྱི་བྱུང་ཚུལ་ཐད་ཅུང་ཙམ་བཤད་ན། གནའ་དུས་ཡབ་མེས་དག་གནས་མཇལ་སོགས་ལ་འགྲོ་རྒྱུར་ཧ་ཅང་དགའ་བ་དང་། དེང་འདིར་ཡང་སྟོད་དབུས་གཙང་དང་། སྨད་རྒྱ་ནག་སོགས་ཀྱི་གནས་ཡུལ་འགངས་ཆེན་དག་ལ་གནས་སྐོར་དང་། ལྗོངས་རྒྱུ་རུ་འགྲོ་བ་ལས་གཞན། རྟ་ཡི་ལོ་ལ་གངས་སྐོར་དང་། ལུག་གི་ལོ་ལ་མཚོ་སྐོར། གཞན་ཡང་མདོ་སྨད་ཡུལ་དུ་བྱ་ཡི་ལོ་ལ་བྱ་ཁྱུང་དང་། སྤྲེལ་ལོར་བྲག་དཀར་སྤྲེལ་རྫོང་དགོན་སོགས་སུ་གནས་མཇལ་དུ་འགྲོ་བའི་སྲོལ་བཟང་ད་ལྟ་ད་དུང་རྒྱུན་འཁྱོངས་བྱེད་བཞིན་མཆིས། དེར་བརྟེན། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་དང་། སྒོས་སུ་རྒྱལ་དབང་ལྔ་བ་མཆོག་གིས་མཇལ་བ་རྣམས་ཀྱིས་ལམ་བར་དུ་དཀའ་སྡུག་དང་ལྟོགས་སྐོམ་མྱངས་པ་མཁྱེན་ནས། ཁོ་ཚོར་ཉིན་ལྟོགས་སྐོམ་སེལ་བ་དང་། མཚན་གནས་ཚང་གཡར་བར་དཀའ་ཁག་མེད་ཆེད། བེ་གར་མཛད་ཟེར་བའི་ངག་རྒྱུན་ཡོད།
རང་རེའི་མི་རིགས་འདི་ནི་འཛམ་གླིང་སྟེང་ཡ་མཚན་མཆོག་ཏུ་གྱུར་པའི་རིག་པའི་གནས་བཅུ་ཡི་བང་མཛོད་ཡིན་པར་མ་ཟད། ཟློས་གར་གྱི་ཁོངས་སུ་གཏོགས་པའི་བྲོ་གར་རིག་གནས་ནི་མི་རིགས་རང་ལ་སྤྲོ་སྣང་དང་། ལ་རྒྱ། འབོད་སྐུལ། མཆོད་བསྟོད་སོགས་སྦྱིན་པ་ལས་གཞན། བོད་ཀྱི་རིག་གནས་དང་། གཤིས་རྒྱུད། ཁྱད་ཆོས། གོམས་སྲོལ་སོགས་ཐད་ཀར་མི་རིགས་གཞན་ལ་ངོ་སྤྲོད་དང་། རྒྱུས་ལོན། འབྲེལ་འདྲིས་བྱེད་པའི་ཐབས་ཤེས་ཡིན།
བྲོ་ནི་ཞབས་བྲོའི་གར་སྟབས་བག་ཕེབས་ལ་རོལ་དབྱངས་ཀྱི་འགྱུར་ཁུགས་མྱུར་ཞིང་། སྐབས་འགར་མཆོང་ལྡིང་བྱེད་པ་གཙོར་བཟུང་ནས་སྟངས་སྟབས་མངོན་པའི་གར་གྱི་རིགས་ཤིག་སྟེ། བོད་ཀྱི་ཞབས་བྲོ་རིག་གནས་སྒྱུ་རྩལ་གྱི་ལོ་རྒྱུས་སྟེང་དུས་ཡུན་ཅུང་རིང་བའི་བྲོ་གར་གྱི་གྲས་སུ་གཏོགས། གནའ་དུས་ཆོས་ཀྱི་ཆོ་ག་སྤེལ་བ་དང་། གཡུལ་ངོར་ཞུགས་པ། བླ་དཔོན་ཁྲི་ལ་འདོན་པ། དགའ་སྤྲོའི་དུས་སྟོན་སོགས་ཀྱི་སྐབས་སུ་འཁྲབ་སྟོན་བྱེད་པ་ཅུང་རྒྱུགས་ཆེ་བར་བཞེད།
འབའ་གཞས་ནི་ཁམས་ཕྱོགས་འབའ་ལི་ཐང་ཡུལ་ནས་དར་ཁྱབ་བྱུང་བའི་གླུ་གཞས་ཡིན་པས་ན་མིང་ཡང་འབའ་གཞས་ཞེས་ཐོགས། དེ་ནི་དེང་གི་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང་། རྔ་བ་ཁུལ། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་རྫོང་ཁོངས་སོགས་སུ་དར་ཁྱབ་ཆེ་བ་ཡིན།
རས་པ་ནི་སྐྱེས་པས་གཡས་ལག་ལ་སིལ་སྙན་དང་གཡོན་ལག་ཏུ་རྔ་ཕྱགས་ཐོགས་པ་དང་། བུད་མེད་ཀྱིས་རྔ་ཆུང་བཟུང་ནས་མཉམ་དུ་འཁྲབ་པའི་དམངས་ཁྲོད་ཀྱི་ཞབས་བྲོ་ཞིག་སྟེ། བྲོ་གར་འདི་བོད་ཀྱི་མཆོད་སྲོལ་རིག་གནས་དང་དམ་དུ་འབྲེལ་ཞིང་། ད་ལྟའི་བར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་ཡིན།
སྐོར་བྲོ་ནི་ཞབས་བྲོ་ཀུན་གྱི་ཡུམ་ཡིན་ཞེས་བརྗོད་ཆོག་ཅིང་། ཅིའི་ཕྱིར་ཞེ་ན། མིའི་རིགས་ཀྱིས་གནའ་ནས་ད་བར་དུ་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་ཡོད་པའི་བྲོ་གར་ཆེ་མ་ཆུང་གསུམ་དང་། སྒོས་སུ་རང་རེའི་བོད་ཀྱི་བྲོ་གར་རིག་གནས་ལ་ཞིབ་ཏུ་བརྟག་ཅིང་དཔྱད་ན། དེ་དག་དང་སྐོར་བྲོའི་བར་ལ་འབྲེལ་བ་མེད་པའམ་སྐོར་བྲོའི་ཆ་མི་ལྡན་པ་གཏན་ནས་མེད། དེ་ཡང་སྐོར་བྲོའི་ལོ་རྒྱུས་ཧ་ཅང་རིང་བའི་ཚུལ་ནི། མིའི་རིགས་ལ་ལོ་རྒྱུས་ཅི་ཙམ་ཡོད་པ་ལྟར། སྐོར་བྲོ་ལའང་དེ་བཞིན་གདའ་བ་ཡིན།
སྟོད་གཞས་ནི་བོད་ཡུལ་སྟོད་ལས་བྱུང་བའི་གཞས་ཡིན་པས་ན་མིང་ཡང་དེ་ལྟར་ཐོགས། ཡུལ་དེ་གའི་སྟོད་གཞས་ནི་དངོས་གནས་སྐད་གྲགས་ཆེ་ཞིང་ཁྱད་ཆོས་ལྡན་པ་ཞིག་རེད། དེ་ཉིད་གནའ་དུས་མངའ་རིས་དང་དབུས་གཙང་ཕྱོགས་སུ་དར་ཁྱབ་ཆེ་ཞིང་། ལྷག་ཏུ་དབུས་ཕྱོགས་སུ་དུས་ཆེན་དང་དགའ་སྟོན་ཆེ་མ་ཆུང་གསུམ་གྱི་སྐབས། རྒན་དར་གཞོན་གསུམ་སུ་ཡིན་ཡང་རྩེད་རྒྱུར་དགའ་བའི་གཞས་བྲོ་ཞིག་ཡིན།
ནང་མ་ནི་ཕོ་བྲང་ནང་ངམ་བཀའ་བློན་དང་དཔོན་ཚང་གི་བཞུགས་སྒར་ཏེ། མདོར་ན་ཁང་བཟང་ནང་དུ་འཁྲབ་སྟོན་བྱ་འོས་པ་དང་བྱ་ཆོག་པའི་ཆུ་ཚད་དང་ཁྱད་ཆོས་ལྡན་པའི་བྲོ་གར་སྒྱུ་རྩལ་ཞིག་ལ་ཟེར། དེ་ནི་གནའ་བོའི་དམངས་ཁྲོད་ཀྱི་རོལ་མོ་དང་ཞབས་བྲོའི་རྨང་གཞི་ཐོག་བསྒྱུར་བཅོས་གོང་འཕེལ་བྱུང་བའི་ཞབས་བྲོའི་རྣམ་པ་ཞིག་ཡིན་ཞིང་། ནང་མའི་གླུ་གདངས་གནའ་ཉམས་དོད་པ་དང་། གར་སྟབས་ཀྱི་ཉམས་འགྱུར་མཛེས་པ། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ཡིན་པས། དབུས་གཙང་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ།
ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། དེ་ཡང་ལོ་རྒྱུས་སྲོལ་རྒྱུན་དང་། ས་ཁོངས་ཁོར་ཡུག འཚོ་བའི་སྐྱེལ་སྟངས། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་བཅས་མི་གཅིག་པའི་དབང་གིས་མི་རིགས་ཁག་གི་ཞབས་བྲོ་ལ་ཡང་རྣམ་པ་ཕུན་སུམ་ཚོགས་པོ་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་དང་ཡུལ་ཕྱོགས་ཀྱི་སྲོལ་ལུགས་གསལ་པོ་ལྡན།
མཛུབ་བྲོའམ་དཔལ་ཡུལ་མཛུབ་བྲོ་ནི2015ལོར་དཔལ་ཡུལ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་ཞིབ་བཤེར་བྱེད་དུས་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ། དེ་ནི་ཁམས་ཕྱོགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞབས་བྲོའི་རིགས་ཤིག་ཡིན་པ་རེད།
སྐོར་བྲོ་ནི་རོལ་ཆས་ཀྱི་རམ་དཀྲོལ་མེད་པའི་ཐུན་མོང་གི་བྲོ་གར་ཞིག་ཡིན། བདེ་ཆེན་ས་ཁུལ་གྱི་ས་ཆ་འགའ་ཤས་སུ་སྐོར་བྲོ་ཞེས་འབོད་ཀྱི་ཡོད་ཅིང་། ས་ཆ་འགའ་ཤས་སུ་ཚ་ལ(རྩེ་མོ་རྩེད་པའི་དོན)ཞེས་འབོད་ཀྱི་ཡོད།
སེར་ཤུལ་སྐོར་བྲོ་ལ་ནང་གསེས་ཞིང་པའི་སྐོར་བྲོ་དང་འབྲོག་པའི་སྐོར་བྲོ་ཞེས་རིགས་ཆེན་པོ་གཉིས་སུ་འདུ། འབྲོག་པའི་སྐོར་བྲོ་ཞེས་པ་ནི་རྫོང་དེའི་ནུབ་རྒྱུད་དུ་གནས་པའི་ཡུལ་སྡེའི་སྐོར་བྲོ་ལ་བྱ་ཞིང་། གྱོན་ཆས་དང་སྟངས་སྟབས་སོགས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་མང་འཛོམས་ཡོད་པ་རེད།
རྡོག་ལྡིང་ཞབས་བྲོ་ནི་འབྲུག་ཆུ་བོད་ཡུལ་ནས་ལོ་རེའི་ཧོར་ཟླ་ལྔ་པའི་ཚེས་ལྔ་ཉིན་རྡོག་ལྡིང་ཞབས་བྲོ་འཁྲབ་པའི་སྲོལ་ཡོད། ཞབས་བྲོ་ཡི་སྤྱིའི་ནང་དོན་ལ་ལྡེམ་བྲོ་དང་སྐྱ་རེངས། བསྟན་ལུང་བཅས་ཁག་གསུམ་ལས་གྲུབ་ཡོད་པར་བཤད། འཁྲབ་སྟོན་བྱེད་མཁན་གཙོ་བོ་ནི་བུད་མེད་ཚོ་ཡིན་ཞིང་། ཕོ་སྐྱེས་རྣམས་གླུ་ཚིག་གི་འགྱུར་བ་དང་བསྟུན་ནས་གཡུ་འབྲུག་སྔོན་མོ་ས་ལ་བབས་པ་ལྟ་བུའི་ཞབས་བྲོ་དེ་བུད་མེད་རྣམས་ཀྱི་རྒྱབ་ཏུ། སྐད་གདངས་མཐོ་ཞིང་དཔའ་ངར་གསོན་ཤུགས་ཡོད་པའི་སྒོ་ནས་མཚམས་མི་འཇོག་པར་འཁྲབ་སྟོན་བྱེད་པ་དེ་ཡིན། དེ་ལ་ཐོག་མར་འཁྲབ་མཁན་ཕྱོགས་གཉིས་ཀའི་མགོ་བོ་མར་ལ་ཐེངས་གསུམ་སྒུར་བ་དང་། རྗེས་སུ་རྐང་པ་ས་ལ་ཐེངས་གསུམ་བརྒྱབ་རྗེས་འཁྲབ་སྟོན་གྱི་མགོ་དངོས་སུ་རྩོམ་པ་ཞིག་ཡིན།
མི་རིགས་ཞབས་བྲོ། བརྡ་འགྲེལ 26 ཡོད། |