ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >ཞབས་བྲོ། >གཞན་དག

ཀྲུང་གོའི་ཞབས་བྲོའི་ལོ་རྒྱུས།

ཞབས་བྲོ་ནི་སྤྱིར་བཏང་དུ་རོལ་དབྱངས་ཀྱི་རམ་དཀྲོལ་དང་། དབྱངས་འགྲོས་ཡོད་པའི་འགུལ་སྟངས་ཀྱིས་མཚོན་ཐབས་གཙོ་བོ་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། གནའ་བོའི་བློན་པོ་རྒྱལ་པོར་མཇལ་སྐབས་དམིགས་བསལ་གྱི་ཞབས་བྲོ་འཁྲབ་སྟངས་ཤིག་ཡོད་པ་ནི་གུས་སྲོལ་ཞིག་ཡིན།

རིགས་དབྱེ།  

ཞབས་བྲོའི་གཞུང་ལུགས།

ཞབས་བྲོའི་གཞུང་ལུགས་ཀྱི་ཁོངས་གཏོགས་སུ་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། སྒྱུ་རྩལ་རགས་བཤད། མཛེས་རིག་གི་རྩ་བའི་རིགས་པ། ཞབས་བྲོའི་རགས་བཤད། ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་རིག་གནས། ཀྲུང་གོའི་ཞབས་བྲོའི་ལོ་རྒྱུས། པ་ལིའི་ལོ་རྒྱུས། ཀྲུང་ཕྱིའི་སྒྱུ་རྩལ་ལོ་རྒྱུས། གནའ་བོའི་རྒྱ་སྐད། དེང་རབས་རྒྱ་སྐད། རོལ་དབྱངས། ཀྲུང་གོའི་གནའ་བོའི་ཞབས་བྲོ། ཀྲུང་གོའི་མི་རིགས་དབར་གྱི་ཞབས་བྲོ། པ་ལིའི་ཞབས་བྲོ། དེང་རབས་ཞབས་བྲོ། རྒྱ་གར་གྱི་ཞབས་བྲོ། ཞབས་བྲོའི་དབྱངས་རྟགས་སོགས་ཚུད་ཡོད།

རིགས་དབྱེ།  

ཞབས་བྲོ་འཁྲབ་ཁྲིད།

ཞབས་བྲོ་འཁྲབ་ཁྲིད་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

ཞབས་བྲོ་འཁྲབ་སྟོན།

ཞབས་བྲོ་འཁྲབ་སྟོན་གྱི་ལས་འགན་ནི་ཞབས་བྲོའི་འགུལ་སྟངས་དང་། བཟོ་དབྱིབས། ཐབས་རྩལ་བཅས་ཀྱི་ནུས་པ་ཁོང་དུ་ཆུད་དང་། རོལ་དབྱངས་དང་མཛེས་རྩལ་སོགས་སྒྱུ་རྩལ་གྱི་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་དེ་མཐོང་རུང་ཚོར་ཐུབ་པའི་ཞབས་བྲོའི་གཟུགས་བརྙན་དུ་བསྒྱུར་རྒྱུ་དེ་ཡིན།

རིགས་དབྱེ།  

རྒྱལ་སྤྱིའི་ཚད་ལྡན་ཞབས་བྲོ།

དེ་ལ་བྲོ་ཁང་གི་ཞབས་བྲོ་ཡང་ཟེར། དུས་རབས20པའི་ལོ་རབས70པའི་མཇུག་དང་ལོ་རབས80པའི་མགོར། བྲོ་ཁང་གི་ཞབས་བྲོ་ཉིད་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་སྤེལ་རེས་བྱས་ཏེ་འགྲན་བསྡུར་གྱི་ཤས་ཅན་གྱི་འཁྲབ་སྟོན་བྱེད་སྲོལ་བྱུང་།

རིགས་དབྱེ།  

གནའ་སྲོལ་ཞབས་བྲོ།

མི་རིགས་ཁག་དང་རྒྱལ་ཁབ་ཁག་གི་དཔེ་མཚོན་ཅན་གྱི་སྲོལ་རྒྱུན་གྱི་དམངས་ཁྲོད་ཞབས་བྲོ་ལ་གནའ་སྲོལ་ཞབས་བྲོ་ཞེས་ཟེར།

རིགས་དབྱེ།  

པཱ་ལེད་ཞབས་བྲོ།

པཱ་ལེད་ཞབས་བྲོ་ཡིས་གཡེང་ཞིང་རྒྱུ་བའི་གར་སྟབས་དང་། སྙན་ཞིང་འཇེབས་པའི་རོལ་དབྱངས། ངོ་མཚར་ཆེ་བའི་གཏམ་རྒྱུད་བཅས་ཀྱིས་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་ཡོད། དུས་རབས19པའི་དུས་དཀྱིལ་ནས་བཟུང་སྟེ་དེ་ཉིད་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་གར་ཁང་གི་ཞབས་བྲོ་འཁྲབ་སྟོན་བྱ་གཞི་ཆགས་ཡོད།

རིགས་དབྱེ།  

ཁྲོམ་བྲོ།

ཁྲོམ་བྲོ་ནི་ཨ་རིའི་མི་ནག་ཚོས་སྐྱོ་བ་སངས་བའི་རྩེད་མོ་ལས་མཆེད་པའི་ཁྲོམ་ལམ་གྱི་ཟ་ཟུར་དུ་རྩེད་པའི་ཞབས་བྲོའི་སྒྱུ་རྩལ་ཞིག་ཡིན་པ་དང་། འཁྲབ་དུས་སུ་ལུས་པོས་སྒྱུར་བའི་སྟངས་སྟབས་ནི་ཞབས་བྲོ་གཞན་དག་ལས་སྒྲོ་འདོགས་ཆེ་ཙམ་ཡོད་པ་རེད། དེའི་མི་སེམས་འགུལ་ཆེ་ས་ནི་འཁྲབ་མཁན་གྱིས་ལུས་ཕུང་ཡོངས་རྫོགས་ཀྱི་འགུལ་སྐྱོད་ལས་རབ་ཏུ་སྤྲོ་བའི་ཚོར་སྣང་བསྐྱེད་འོང་བ་དེ་ཡིན།

རིགས་དབྱེ།  

སྒོར་བྲོ།

སྒོར་བྲོ་ནི་གཙོ་བོ་ལོ་གསར་གྱི་མཛད་སྒོའི་རྟེན་འབྲེལ་དང་གཉེན་སྒྲིག་དགའ་སྟོན། ལྷ་གསོལ་སོགས་ཀྱི་སྐབས་སུ་འཁྲབ་སྟོན་བྱེད་སྲོལ་ཡོད་ཅིང་། དེའང་འཁྲབ་སྟོན་བྱེད་མཁན་ཕོ་མོ་རྒན་གཞོན་གང་རུང་མི་གྲངས་བཅུ་ལྷག་ཙམ་དང་། མང་ན་མི་གྲངས་བརྒྱ་ཙམ་མཉམ་འཛོམས་ཀྱིས་འཁྲབ་སྟོན་བྱེད་པས་གཞི་རྒྱ་ཆེ་ལ་འགྱིངས་ཉམས་ཆེ་བ། སྐྱེ་བོ་ཀུན་ཀྱང་སྤྲོ་བ་རབ་ཏུ་འཕེལ་བའི་ཉམས་འགྱུར་ལྡན་པ་ཞིག་ཡོད།

རིགས་དབྱེ།  

མཆོད་བྲོ།

སངས་རྒྱས་བསྟན་པའི་ཆེ་བ་བརྗོད་རྒྱུ་ནང་དོན་གཙོ་བོར་འཛིན་པའི་གླུ་གར་ཞིག་ཡིན། དེའང་ཆབ་མདོ་བྱམས་པ་གླིང་དགོན་གྱི་མཆོད་བྲོ་དང་རྭ་སྒྲེང་གི་མཆོད་བྲོ་གྲགས་ཆེ་བར་གྱུར། འོན་ཀྱང་ཆབ་མདོ་བྱམས་པ་གླིང་གི་མཆོད་བྲོ་གྲྭ་བས་འཁྲབ་སྟོན་བྱེད་པ་དང་། རྭ་སྒྲེང་གི་མཆོད་བྲོ་ནི་མི་སྐྱས་འཁྲབ་སྟོན་བྱེད་ཆོག་ཅིང་། འཁྲབ་ལུགས་ཐད་སྤྱིར་ན་སྒོར་བྲོ་དང་འདྲ་ལ། འོན་ཀྱང་གཟུགས་ཀྱི་འགྱུར་མཛེས་ཤིང་འཁྲུག་ཆ་དོད་པ་དང་། ངག་གི་དབྱངས་རྟ་ནི་སྙན་ཞིང་འཇེབས་པ་དང་། ཚིག་གི་ནང་དོན་གཙོ་བོ་ནི་ལྷ་བླ་མར་གསོལ་འདེབས་དང་བསྟོད་པ་ཕུལ་བ་སོགས་དམིགས་བསལ་གྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན།

རིགས་དབྱེ།  

བྲོ་པ་གཞས་མ།

བྲོ་པ་གཞས་མ་ནི་གངས་ཅན་ཡུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་སྐྱེས་པའི་བྲོ་དང་བུད་མེད་ཀྱི་གཞས་ཟུང་དུ་འབྲེལ་བའི་བྲོ་གཞས་ཀྱི་བྱེ་བྲག་ཅིག་རེད། ཁྱད་པར་དུ་སྒྱུ་རྩལ་དེ་རིགས་ནི་ལྷོ་ཁ་ས་ཁུལ་དུ་ཁྱབ་གདལ་ཆེ་ཞིང་། བྲོ་ནི་སྤྱི་ལོའི་དུས་རབས་དང་པོ་བཙན་པོའི་གདུང་རབས་བཅུ་གཅིག་པ་དེ་ཤོ་ལེགས་ཀྱི་དུས་སུ་དར་བ་ཡིན་རུང་། བྲོ་པ་དང་གཞས་མ་ཟུང་དུ་འབྲེལ་བའི་སྒྱུ་རྩལ་རྣམ་པ་དེ་རིགས་ནི་སྤྱི་ལོའི་དུས་རབས་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་དར་བ་ཞིག་ཡིན།

རིགས་དབྱེ།  

མཆོད་སྤྲིན་གར་རོལ།

གར་ཞེས་པ་ནི་ཞབས་བྲོའི་དོན་ཡིན་ཞིང་། ཐོག་མར་སྟོད་མངའ་རིས་སྐོར་གསུམ་དུ་དར་བའི་གླུ་གར་གྱི་རིགས་ཤིག་གི་མིང་ཡིན། གང་དེ་ཕྱིས་སུ་གཞིས་རྩེ་སོགས་བརྒྱུད་ནས་ལྷ་སར་དར་རྗེས། དེའི་རྣམ་པ་དང་ནང་དོན་སོགས་ཚང་མར་འགྱུར་བ་ཆེན་པོ་བྱུང་ནས། མཆོད་སྤྲིན་གར་རོལ་ཞེས་པ་གཙོ་བོ་ཕོ་བྲང་ནང་འཁྲབ་བྱའི་གླུ་གར་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།  

ས་སྐྱའི་གསོལ་སྐོར།

གསོལ་སྐོར་ཞེས་པ་ནི་ས་སྐྱའི་ཁྲི་གསོལ་མཛད་སྒོ་དང་། བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་གྱི་ལྷ་མོ་མཆོད་པའི་སྔོན་ལ་དགོན་པར་གཞས་ཕུད་ཕུལ་དགོས་པ་དང་། དེ་རྗེས་གཤམ་ལ་འཁྲབ་སྲོལ་ཡོད་པ་ཞིག་ཡིན། ས་སྐྱའི་གསོལ་སྐོར་ལ་སྔོན་ལ་གཞས་ཆེན་དང་། བར་དུ་གསོལ་སྐོར། མཇུག་ཏུ་བཀྲ་ཤིས་གསོལ་བ་བཅས་ལེ་ཚན་ཆེ་བ་གསུམ་དུ་དབྱེ་སྲོལ་ཡོད།

རིགས་དབྱེ།  

ཤོན།

ཤོན་ནི་ཐོག་མར་ཞང་ཞུང་གི་ཡུལ་དུ་དར་ཁྱབ་ཆེ་བའི་བྲོ་ཡི་རྣམ་པ་ཞིག་ཡིན་ལ། དེ་ཡང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་མཛད་མདོ་སོགས་སུ་གསལ་བར་མ་ཟད་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས། ལ་ལས་ནི་གར་བྱེད་དོ།། ལ་ལས་ནི་གླུ་དབྱངས་བསྒྱུར་རོ།། ལ་ལས་ནི་ཤོན་འཁྲབ་བོ།། ལ་ལས་ནི་བྲོ་བརྡུང་ངོ༌།། ཞེས་གསལ་བར་བཀོད་ཡོད།

རིགས་དབྱེ།