ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >ཞབས་བྲོ། >ཞབས་བྲོ་བ།

སྒྱུ་རྩལ་རིག་པའི་གཞུང་ལུགས།

སྒྱུ་རྩལ་རིག་པའི་གཞུང་ལུགས་ནི་སྒྱུ་རྩལ་གཞུང་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྣམ་བཤད་ཅིག་ཡིན་ལ། སྒྱུ་རྩལ་གྱི་རྣམ་གྲངས་ཧ་ཅང་མང་པོ་ཡོད་ཅིང་དེའི་རྣམ་པ་དང་ནང་དོན་གྱི་སྣེ་མང་རང་བཞིན་ཐག་གཅོད་བྱས་ཡོད་པར་མ་ཟད། མུ་མཐུད་ནས་རྙིང་དོར་གསར་ལེན་ཡང་བྱས་ཡོད། མཛེས་རྩལ། རོལ་དབྱངས།ཞབས་བྲོ། ཟློས་གར་དང་གློག་བརྙན་སོགས་སྒྱུ་རྩལ་གྱི་རྣམ་གྲངས་ནང་། གསར་རྩོམ་དང་འཁྲབ་སྟོན་གྱི་རྙོག་འཛིང་ཆེ་བའི་སྣང་ཚུལ་ལ་ཁྱོན་ཡོངས་ཀྱི་ལྟ་ཚུལ་འཛིན་པ་དང་། དེའི་བྱེ་བྲག་གི་རང་བཞིན་དང་ཐུན་མོང་གི་རང་བཞིན་དབྱེ་འབྱེད་བྱས་ཏེ། དེའི་ཐུན་མོང་གི་རང་བཞིན་ཕྱོགས་བསྡུས་དང་ཆ་ཚང་བའི་མ་ལག་འཛུགས་པ་དང་། སྒྱུ་རྩལ་གྱི་ངོ་བོ་དང་ཁྱད་ཆོས། སྒྱུ་རྩལ་གྱི་བྱུང་འཕེལ། སྒྱུ་རྩལ་གྱི་ནུས་པ་དང་སྤྱི་ཚོགས་ཀྱི་ནུས་པ། སྒྱུ་རྩལ་གྱི་རིག་གནས་ཁྲོད་ཀྱི་གནས་ཐིག་གཏན་འཁེལ། དེ་བཞིན་སྒྱུ་རྩལ་རང་ངོས་ཀྱི་གནད་དོན་སྣ་ཚོགས་བཅས་འགྲེལ་བཤད་བྱས་ཏེ། དེ་དག་མི་ཆོས་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་བགྲོད་ལམ་དུ་འཇུག་རྒྱུ་ནི་སྒྱུ་རྩལ་རིག་ཚན་གྱི་ལས་འགན་གཙོ་བོ་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།