ཡོངས་འཛིན་རིག་མཛོད། >ལག་རྩལ། >གྲངས་འཛིན།

ཁ་པར།

ཁ་པར་ནི་དབྱིན་སྐད་དུTelephoneཟེར་ཞིང་། ཞི་ལའི་སྐད་ལས་བྱུང་པ་དང་། རྒྱང་རིང་གི་སྐད་སྒྲ་ཞེས་པའི་དོན་ཡིན་ཞིང་། དེ་ནི་སྐད་སྒྲ་བརྒྱུད་སྐྱེལ་དང་བསྡུ་ལེན་བྱེད་པའི་རྒྱང་རིང་འཕྲིན་གཏོང་སྒྲིག་ཆས་ཤིག་ཡིན། སྔོན་གྱི་དུས་རབས་བཅོ་བརྒྱད་པའི་སྐབས་སུ་ཡོ་རོབ་གླིང་ལ“ཁ་པར”ཞེས་པའི་ཐ་སྙད་འདི་བྱུང་ཞིང་། སྐུད་ཕྲེང་ལས་གྲུབ་པའི་སྐད་སྦུག་ལ་སྤྱོད་བཞིན་ཡོད་པ་རེད། ཁ་པར་བྱུང་བ་དེ་ཡཱ་ལི་ཧྲན་ཏཱ•ཀུ་ལཱ་ཧན་མུའུ•པེ་ཨེར་ལ་རག་ལས་ཡོད་པ་དང་། ཐོག་མའི་ཁ་པར་གྱི་རྩ་བའི་རིགས་པ་སྐད་ཆའི་སྒྲ་དེ་མཁའ་དབུགས་ཁྲོད་ཀྱི་མཉམ་འདུས་འདར་འགུལ་བྱས་པ་བརྒྱུད། སྲ་གཟུགས་སྟེང་བརྒྱུད་གཏོང་བྱས་པ་དང་། གློག་རྩ་འཕར་བ་ལས་གློག་འདྲེན་ལྕགས་རིགས་སྟེང་དུ་བརྒྱུད་སྤྲོད་བྱས་པ་རེད། པེ་ཨེར་གྱིས1876ལོའི་ཟླ3པར་ཁ་པར་གྱི་ཆེད་ཁེའི་དབང་ཆ་སྙན་ཞུ་བྱས་པ་རེད། ཨ་རིའི་རྒྱལ་ཚོགས་ཀྱིས2002ལོའི་ཟླ6པའི་ཚེས15ཉིན་གྱི་གྲོས་ཆོད་ཨང269པའི་སྟེང་ཨན་ཏུང་ཉི་ཨའོ•མུའུ་ཆི་ཁ་པར་གསར་གཏོད་མཁན་ཡིན་པ་གཏན་འཁེལ་བྱས་པ་དང་། མུའུ་ཆི་ཡིས1860ལོར་ཐེངས་དང་པོར་སྤྱི་དམངས་ལ་ཁོང་གི་གསར་གཏོད་འགྲེམས་སྟོན་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་གསར་གཏོད་རྣམ་གྲངས་འདིའི་ངོ་སྤྲོད་ཉིག་ཡོའི་དབྱི་ཐ་ལིའི་ཚགས་པར་སྟེང་དུ་སྤེལ།

རིགས་དབྱེ།  

གྲངས་འཛིན།

གྲངས་འཛིན་རྒྱུད་ཁོངས་སམ་ཡང་ན་ཨང་ཀིའི་རྒྱུད་ཁོངས་ནི་ཁ་ཐོར་རང་བཞིན་ཅན་གྱི0དང་ཡང་ན1གཅིག་གིས་ཆ་འཕྲིན་གྱི་ནང་འཇུག་དང་སྒྲིག་གཅོད། བརྒྱུད་གཏོང་། གསོག་ཉར་སོགས་སྒྲིག་གཅོད་བྱེད་པའི་རྒྱུད་ཁོངས་ཤིག་ཡིན། བལྟོས་བཅས་ཀྱི་གྲངས་འཛིན་མ་ཡིན་པའི་རྒྱུད་ཁོངས་ཀྱིས་རྒྱུན་མཐུད་རང་བཞིན་གྱི་གྲངས་ཐང་གིས་ཆ་འཕྲིན་མཚོན་གྱི་ཡོད་ལ། གྲངས་འཛིན་ཀྱི་མཚོན་ཐབས་རྣམ་པ་ནི་གྱེས་པའི་རང་བཞིན་ཅན་ཡིན་མོད། འོན་ཀྱང་། དེའི་མཚོན་པའི་ཆ་འཕྲིན་ནི་ཁ་ཐོར་དང་ཡང་ན་རྒྱུན་མཐུད་ཅན་ཡིན་ཆོག་པ་རེད།

རིགས་དབྱེ།  

གྲངས་འཛིན་ཐོན་རྫས།

གྲངས་འཛིན་ཐོན་རྫས་ཏེ་སྤྱིར་བཏང་དུMP3 Uསྡེར། རིག་ལྡན་ལག་ཁྱེར་ཁ་པར་དང་གྲངས་འཛིན་པར་ཆས། བརྙན་ལེན་འཕྲུལ་ཆས་དང་བཤར་འབེབས་ཆས་སོགས་ཨང་ཀི་དང་སྒྲིག་ཨང་ལ་བརྟེན་ནས་བཀོལ་སྤྱོད་བྱེད་ཆོག་པའི་འཕྲུལ་ཆས་དང་། དེ་མ་ཟད་གློག་ཀླད་དང་སྦྲེལ་ཆོག་པ་ཚང་མར་གྲངས་འཛིན་ཐོན་རྫས་སུ་འབོད།

རིགས་དབྱེ།  

PDFརྣམ་པའི་གློག་རྡུལ་དཔེ་དེབ།

PDFརྣམ་པའི་གློག་རྡུལ་དཔེ་དེབ་ནི་བཟོ་སྐྲུན་གྱི་གོ་རིམ་ཅུང་སྟབས་བདེ་བའི་གྲས་ཤིག་ཡིན་ཁར་དུས་རྒྱུན་འཚོ་བའི་ཁྲོད་བེད་སྤྱོད་མང་བ་དང་དྲ་ཐོག་དུ་ཁྱབ་རྒྱ་ཆེ་བའི་གློག་རྡུལ་དཔེ་དེབ་ཀྱི་རྣམ་པ་ཞིག་ཡིན།

རིགས་དབྱེ།  

mp3(རོལ་དབྱངས་གཏོང་ཆས)

mp3ནི་སྒྲ་ཟློས་ཡིག་ཆ་སྟེ། ནང་གསོག་ཟིན་ཚད་ཆུང་ཞིང་། སྟབས་བདེ་ཞིང་འཁྱེར་བདེ་བའི་གླུ་དབྱངས་ལ་ཉན་བྱེད་ཀྱི་སྤྱོད་ཆས་ཤིག་ཡིན།

རིགས་དབྱེ།  

mp4(ཡིག་ཆའི་རྣམ་གཞག)

mp4ནི་སྒྲ་ཟློས་དང་བརྙན་ཟློས་ཆ་འཕྲིན་ལ་སྤྱོད་པའི་ཆ་ཚང་བའི་གནོན་སྐྱུང་ཨང་སྒྲིག་ཚད་གཞི་ཞིག་སྟེ། རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས(ISO)དང་རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཚོགས(IEC)ཁོངས་གཏོགས་ཀྱི“འགུལ་རྣམ་བརྙན་རིས་ཆེད་མཁས་ཚོགས་པ”(Moving Picture Experts Groupསྟེ། MPEG)ཡིས་གཏན་འབེབས་བྱས་ཤིང་། པར་གཞི་དང་པོ་སྤྱི་ལོ1998ལོའི་ཟླ10པར་ཐོབ་པ་དང་པར་གཞི་གཉིས་པ་སྤྱི་ལོ1999ལོའི་ཟླ12པར་ཐོབ་པ་རེད། MPEG-4ནང་དུMPEG-1དངMPEG-2འདུས་པའི་བྱེད་ལས་མང་ཆེ་ཤོས་དང་དེ་བཞིན་རྣམ་གཞག་གཞན་གྱི་དགེ་མཚན་ལྡན་པ་དང་། དེ་མ་ཟད་ནང་ཞུགས་དང་རྒྱ་བསྐྱེད་ཀྱིས་རྟོག་བཟོས་དཔེ་དབྱིབས་སྐད་བརྡ་མངོན་འགྱུར་ལ་རམ་འདེགས་བྱེད་པ་དང་། བྱ་ཡུལ་ལ་ཁ་ཕྱོགས་པའི་ཡིག་ཚགས་འདྲེས་སྦྱོར་བྱེད་པ་དང་དེ་བཞིན་གྲངས་འཛིན་པར་དབང་དོ་དམ། དེ་མིན་ཕན་ཚུན་མཉམ་འགུལ་བྱེད་ལས་བཅས་ལྡན་པ་ཡིན།

རིགས་དབྱེ།  

གྲངས་འཛིན་བརྙན་ལེན་འཕྲུལ་ཆས(DV)

DVནི་དབྱིན་ཡིགDigital Videoཡི་བསྡུས་མིང་ཡིན་ལ། རྒྱ་ཡིག་གི་ནང་དོན་ནི“ཨང་ཀིའི་བརྙན་ཟློས”ཡིན་པ་དང་། དེ་ནི་སུའོ་ཉི། སུང་ཞཱ། ཧྲེང་ལི། ཞཱ་པུའུ། ཏུང་ཀྲི་དང་ཅཱ་ནེང་སོགས་མིང་གྲགས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་བཟོ་གྲྭ་མང་པོ་མཉམ་འབྲེལ་གྱིས་བཟོས་པའི་གྲངས་འཛིན་བརྙན་ཟློས་རྣམ་གཞག་ཅིག་ཡིན།

རིགས་དབྱེ།  

ལག་ཁྱེར་ཁ་པར།

སྤོ་སྒུལ་ཁ་པར་རམ་ཡང་ན་སྐུད་མེད་ཁ་པར་ལ་སྤྱིར་བཏང་དུ་ལག་ཁྱེར་ཁ་པར་ཟེར་བ་དང་། མ་གཞི་དེ་ནི་འཕྲིན་གཏོང་ཡོ་བྱད་ཅིག་ཡིན་ལ། ཁྱབ་ཁོངས་ཅུང་ཆེ་བའི་ནང་དུ་བེད་སྤྱོད་བྱེད་ཆོག་པའི་འཁྱེར་བདེའི་རང་བཞིན་ལྡན་པའི་ཁ་པར་མཐའ་སྣེ་ཞིག་ཡིན་པ་དང་། གནའ་དུས་ཀྱི་ཨ་མེ་རི་ཁའི་པེ་ཨེར་དངོས་བཤེར་ཁང་གིས1940ལོར་བཟོས་པའི་གཡུལ་སའི་སྤོ་སྒུལ་ཁ་པར་འཕྲུལ་ཆས་ནས་འཕེལ་རྒྱས་སུ་བྱུང་བ་ཞིག་ཡིན། 1958ལོར། སུའུ་ལེན་གྱི་བཟོ་བཀོད་པ་ལིའེ་ཨང་ཉི་ཏུ•ཁུའུ་ཕུའུ་ལི་དབྱང་ནུའོ་ཝེ་ཆི་ཡིསЛК-1རྟགས་ཅན་གྱི་སྤོ་སྒུལ་ཁ་པར་གསར་གཏོད་བྱས་པ་དང་། 1973ལོར། ཨ་མེ་རི་ཁའི་མོ་ཐུའོ་ལུའོ་ལཱའི་བཟོ་བཀོད་པ་མཱ་ཏིང•ཁུའུ་ཕཱ་ཡིས་འཛམ་གླིང་སྟེང་ཐོག་དང་པོར་ཚོང་ལས་ཅན་གྱི་ལག་ཁྱེར་ཁ་པར་གསར་གཏོད་བྱས་ཤིང་། ད་ལྟའི་བར་འཕེལ་རྒྱས་བྱུང་ནས4Gཡི་དུས་རབས་སུ་སླེབས་པ་རེད།

རིགས་དབྱེ།  

སྲེག་ཕབ་འཕྲུལ་ཆས།

སྲེག་ཕབ་འཕྲུལ་ཆས་ལ་བྱ་རིམ་སྒྲིག་ཆས་ཟེར་ཞིང་། ཐའེ་ཝན་ཀྱི་གློག་འདྲེན་ཕྱེད་གཟུགས་ཐོན་ལས་འཕེལ་རྒྱས་སུ་སོང་བ་སྔ་བས། སྐམ་ས་ཆེན་མོ་རུ་སླེབས་དུས། སྤྱོད་མཁན་གྱིས་དེ་ལ་བྱ་རིམ་སྒྲིག་ཆས་ཟེར་བ་དང་། དེའི་རྒྱུ་མཚན་ནི་ད་ལྟའི་དབྱིན་ཇིའི་མིང་ནིPROGRAMMERཡིན་ལ། དབྱིན་ཇིའི་མིང་དེ་དང་སྤྱིར་བཏང་གི་རྩོམ་སྒྲིག་མཉེན་ཆས་འབྲི་སྲོལ་ཇུས་འགོད་པ་ནི་མིང་མཚུངས་ཡིན། དེ་བས་བྱ་རིམ་སྒྲིག་ཆས་ཞེས་བརྗོད་པ་རེད། སྲེག་ཕབ་འཕྲུལ་ཆས་ནི་དོན་དངོས་སུ་སྒྲིག་རུང་བྱ་རིམ་གྱི་འདུས་གྲུབ་གློག་ལམ་ལ་གཞི་གྲངས་འབྲི་བྱེད་ཀྱི་ཡོ་བྱད་ཅིག་ཡིན། དེ་གཙོ་བོ་རྐྱང་ལྷེབ་འཕྲུལ་ཆས་དང་གསོག་འཇོག་ཆས་རིགས་ཀྱི་ཉིང་ལྷེབ་ཀྱི་བྱ་རིམ་སྒྲིག་པར་སྤྱོད་ཀྱི་ཡོད།

རིགས་དབྱེ།  

གྲངས་འཛིན་པར་ཆས།

གྲངས་འཛིན་པར་ཆས་ནི་གྲངས་འཛིན་པར་ལེན་འཕྲུལ་ཆས་ཀྱི་བསྡུས་མིང་ཡིན་ཞིང་། མིང་གཞན་ལ་ཨང་ཀིའི་རྣམ་པའི་པར་ཆས་ཀྱང་ཟེར། གྲངས་འཛིན་པར་ཆས་ནི་གློག་རྡུལ་ཚོར་སྐྱེལ་ཆས་བེད་སྤྱོད་བྱས་ཏེ་འོད་རིག་པའི་གཟུགས་བརྙན་གློག་རྡུལ་གཞི་གྲངས་ལ་བརྗེ་བསྒྱུར་བྱས་པའི་པར་ལེན་འཕྲུལ་ཆས་ལ་ཟེར་བ་ཡིན།

རིགས་དབྱེ།  

DVD

ཨང་ཀིའི་ནུས་མང་འོད་སྡེར་ཏེ་བསྡུས་མིང་ལDVDཟེར་ཞིང་། དེ་ནི་འོད་སྡེར་གྱི་གསོག་ཆས་ཤིག་ཡིན། རྒྱུན་དུ་ཚད་ལྡན་བརྙན་འཕྲིན་གསལ་ཚད་ཅན་གྱི་གློག་བརྙན་གཏོང་པ་དང་སྤུས་ཚད་མཐོ་བའི་རོལ་དབྱངས་དང་ཤོང་ཚད་ཆེ་བའི་གསོག་འཇོག་གི་གཞི་གྲངས་སྤྱོད་སྒོ་ལ་བེད་སྤྱོད་བྱེད་ཀྱི་ཡོད། DVDདངCDཡི་ཕྱི་ཚུལ་འདྲ་ཞིང་། དེ་ཚོའི་ཚངས་ཐིག་ཚང་མ་ཧའོ་སྨིད120ཙམ་ཡིན།

རིགས་དབྱེ།  

4Gལག་ཁྱེར།

སྤོ་འགུལ་འཕྲིན་སྐྱེལ་རབས་བཞི་བ་དང་དེའི་ལག་རྩལ(4G)ཀྱི་བསྡུས་མིང་ཡིན།

རིགས་དབྱེ།  

གྲངས་འཛིན་སློབ་སྦྱོང་།

གྲངས་འཛིན་སློབ་སྦྱོང(དབྱིན་ཡིགe-Learning)ནི་ཆ་འཕྲིན་ལག་རྩལ་གྱི་ཡོ་བྱད་སྣ་ཚོགས་བརྒྱུད་ནས་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ཐབས་ལ་ཟེར། ཆ་འཕྲིན་དང་འཕྲིན་གཏོང་མ་ལག དྲ་སྦྲེལ་ཡོད་མེད་གང་ཡིན་རུང་། སློབ་སྦྱོང་གི་གོ་རིམ་ཁྲོད་བཀོལ་བའི་དམིགས་བསལ་གྱི་སྨྱན་གཟུགས་ཡིན་པས། མི་དང་ཐད་ཀར་འབྲེལ་འདྲིས་བྱེད་ཐབས་མེད།

རིགས་དབྱེ།  

གྲངས་འཛིན་འདྲ་པར།

གྲངས་འཛིན་འདྲ་པར་ནི་གྲངས་འཛིན་ལག་རྩལ་དང་པར་ལེན་ལག་རྩལ་གཉིས་ཀྱི་མཉམ་སྦྱོར་གཟུགས་ཤིག་ཡིན། གྲངས་འཛིན་མཚོན་ཐབས་ཞེས་པ་ནི་རྒྱུན་དུ་རྩིས་འཁོར་ཚན་རིག་དང་གློག་རྡུལ་རིག་པར་སྤྱོད་པ། ལྷག་པར་དུ་འཛམ་གླིང་གི་ཆ་འཕྲིན་ངོ་མ་དེ་ཉིས་གྲངས་འཛིན་རྣམ་པར་བསྒྱུར་བ་སྟེ། དཔེར་ན་གྲངས་འཛིན་སྒྲ་ཟློས་དང་གྲངས་འཛིན་འདྲ་པར་ལྟ་བུ་ཡིན།

རིགས་དབྱེ།  

གྲངས་འཛིན་ཁྱིམ་ཚང་།

གྲངས་འཛིན་ཁྱིམ་ཚང་ནི་རྩིས་འཁོར་དང་དྲ་རྒྱའི་ལག་རྩལ་རྨང་གཞི་རུ་བྱས་ཏེ་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ཕན་ཚུན་སྦྲེལ་མཐུད་ཀྱིས་འཕྲིན་སྤེལ་དང་གཞི་གྲངས་བརྗེ་སྤོར་བྱས་ཏེ། ཁྱིམ་སྤྱོད་གློག་ཆས་བར་དུ་ཕན་ཚུན་སྦྲེལ་མཐུད་མངོན་འགྱུར་སྒོས་ཁྱིམ་ཚང་གི་སྒོར་མ་སོང་བར་ཆ་འཕྲིན་སྣ་ཚོགས་བསྡུ་ལེན་བྱེད་ཐུབ་པས། མིའི་རིགས་ཀྱི་འཚོ་སྡོད་ཀྱི་སྤྲོ་སྐྱིད་དང་རོལ་རྩེད་རང་བཞིན་མཐོར་འདེགས་སུ་བཏང་བ་ཞིག་ཡིན།

རིགས་དབྱེ།  

རྩ་གཉིས་ཨང་རིས།

རྩ་གཉིས་ཨང་རིས། རྒྱུན་མཐོང་གི་རྩ་གཉིས་ཨང་རིས་ནི QR Codeཡིན་པ་དང་། QRཡི་མིང་ཆ་ཚང་ལQuick Responseཟེར། ཉེ་བའི་ལོ་ཤས་རིང་སྒུལ་བདེའི་སྒྲིག་ཆས་ཐོག་དར་ཁྱབ་ཆེ་བའི་ཨང་སྒྲིག་བྱེད་སྟངས་ཤིག་ཡིན་ལ། སྲོལ་རྒྱུན་གྱི་ཐིག་རིས་ཚབ་ཨངBar Codeལས་ཆ་འཕྲིན་དེ་བས་མང་པོ་གསོག་ཉར་བྱེད་ཐུབ་ཅིང་། གཞི་གྲངས་ཀྱི་རིགས་ཀྱང་དེ་བས་མང་པོ་མཚོན་ཐུབ།

རིགས་དབྱེ།  

གྲངས་འཛིན་སོ་དམག

“གྲངས་འཛིན་སོ་དམག”ནི་ཧྲང་ཧའེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་སྟེ། ས་གནས་ཁག་གིས་ཧྲང་ཧའེ་གྲོང་ཁྱེར་གྱི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱིས་མཁོ་འདོན་བྱས་པའི་དབང་གྲགས་ལྡན་པའི་གྲངས་གཞིའི་ཞབས་ཞུ་ལ་གཞིགས་ནས་བཏོན་པའི་བདེ་ཐང་གི་ཉིང་རྡུལ་བརྟག་དཔྱད་ནུས་པ་ལྡན་པའི་འཕྲུལ་འཁོར་སྒྲིག་ཆས་ཤིག་ཡིན་ཞིང་། དེའི་ནང་ལག་ཁྱེར་པར་གཞི་དང་། ཀ་དབྱིབས་པར་གཞི། རྩིས་འཁོར་པར་གཞི། གཅོད་འཁོར་པར་གཞི་སོགས་རྣམ་པ་སྣ་ཚོགས་ཚུད་ཡོད། “རེ་ཞུ་ཨང་རིས”བཤེར་འབེབས་སམ་ཡང་ན་ཐོབ་ཐང་ལག་ཁྱེར་ཀློག་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་འབྲེལ་ཡོད་བདེ་ཐང་ཞིབ་བཤེར་དང་གནས་ཡུལ་དུ་མགྱོགས་མྱུར་ཞུགས་ཆོག དབང་ཆ་སྤྲད་པའི་གཉེར་སྐྱོང་ཚན་པས་མཁོ་འདོན་བྱས་པའི་གཞི་གྲངས་ཞབས་ཞུའི་མཐུད་ཁ་དང་འབྲེལ་མཐུད་བྱས་པ་མ་ཟད་གཅིག་གྱུར་གྱི་གཉེར་སྐྱོང་དོ་དམ་ཁྱབ་ཁོངས་ནང་བཅུག་པའི་སྒྲིག་ཆས་ལ་གཞི་ནས“གྲངས་འཛིན་སོ་དམག”གི་སྒྲིག་ཆས་ཞེས་བརྗོད་ཆོག

རིགས་དབྱེ།  

གྲངས་ཆེན་གཏན་སྲོལ།

གྲངས་ཆེན་གཏན་སྲོལ་ནི་སྲིད་ཕྱོད་སྨྲ་བའི་ཁྲོད་སྐབས་བསྟུན་འགྱུར་ཚད་རིམ་སྟར་ལ་གྲོས་བསྡུར་བྱེད་པའི་རྩིས་ཐབས་ཆ་སྙོམས་གྲངས་ཐང་རྒྱུན་གྲངས་ཕྱོགས་སུ་འདུ་འདྲིལ་གྱི་གཏན་སྲོལ་ཡིན། སྲིད་ཕྱོད་སྨྲ་བ་དང་གྲངས་རིག་སྡོམ་རྩིས་རིག་པའི་གཞི་རྩའི་གཏན་སྲོལ་གྱི་གྲས་ཤིག་ཡིན། གྲངས་ཆེན་གཏན་སྲོལ་ལ་གྲངས་ཆེན་གཏན་སྲོལ་དྲག་ཞན་གྱི་དབྱེ་བ་ཡོད།

རིགས་དབྱེ།  

བརྒྱུད་འདྲེན་བར་རྫས།

དྲ་རྒྱའི་བརྒྱུད་གཏོང་བར་རྫས་ནི་དྲ་རྒྱའི་ནང་དུ་ཆ་འཕྲིན་བརྒྱུད་འདྲེན་བྱེད་པའི་གཞི་རྟེན་ལ་ཟེར། རྒྱུན་བཀོལ་གྱི་བརྒྱུད་གཏོང་བར་རྫས་ལ་སྐུད་ཡོད་བརྒྱུད་གཏོང་བར་རྫས་དང་སྐུད་མེད་བརྒྱུད་གཏོང་བར་རྫས་རིགས་གཉིས་སུ་དབྱེ་ཡོད། བརྒྱུད་གཏོང་བར་རྫས་མི་འདྲ་བའི་ཁྱད་ཆོས་ཀྱང་མི་འདྲ་སྟེ། དེ་དག་གི་ཁྱད་ཆོས་མི་འདྲ་བས་དྲ་རྒྱའི་ཁྲོད་ཀྱི་གཞི་གྲངས་འཕྲིན་གཏོང་སྤུས་ཚད་དང་འཕྲིན་གཏོང་མྱུར་ཚད་ལ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས།

རིགས་དབྱེ།  

རྩིས་འཁོར་མ་ལག་གི་རྟོན་རུང་རང་བཞིན།

རྩིས་འཁོར་མ་ལག་གི་རྟོན་རུང་རང་བཞིན་ནི་གཏན་འབེབས་ཀྱི་ཆ་རྐྱེན་འོག་དང་དུས་ཚོད་གཏན་འཁེལ་ནང་དུ་རྩིས་འཁོར་མ་ལག་གི་ཡང་དག་པའི་འཁོར་སྐྱོད(རྩིས་རྒྱག)ཀྱི་ཚོད་དཔག་གྲངས་ཚད་ལ་ཟེར།

རིགས་དབྱེ།  

རྒྱུ་ཕུང་རང་འགུལ་འཕྲུལ་འཁོར།

རྒྱུ་ཕུང་རང་འགུལ་འཕྲུལ་འཁོར(cellular automata,CA)ནི་དུས་ཚོད་དང་བར་སྟོང་། གནས་སྟངས་བཅས་ཚང་མ་ཁ་ཐོར་ཡིན་པ་དང་། བར་སྟོང་ཕན་ཚུན་བྱེད་ནུས་དང་དུས་ཚོད་རྒྱུ་འབྲས་འབྲེལ་བ་ནི་ཆ་ཤས་ཀྱི་དྲ་བའི་སྒུལ་ཤུགས་རིག་པའི་དཔེ་དབྱིབས་སུ་བྱེད་ཅིང་། རྙོག་འཛིང་ཆེ་བའི་མ་ལག་གི་དུས་དང་བར་སྟོང་རིམ་འགྱུར་བརྒྱུད་རིམ་ལ་ལད་ཟློས་བྱེད་པའི་ནུས་པ་ལྡན།

རིགས་དབྱེ།  

སྒྲིག་གཞི་ཅན་གྱི་ཐབས་ཤེས།

སྒྲིག་གཞི་ཅན་གྱི་ཐབས་ཤེས་ནི་མ་ལག་ཅན་དང་རིམ་དབྱེ་དབྱེ་འབྱེད་ལྟེ་བར་བྱས་པའི་དབྱེ་ཞིབ་དང་ཇུས་འགོད་བྱེད་ཐབས་ཤིག་ཡིན། གཙོ་བོ་མཉེན་ཆས་གསར་སྤེལ་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། དེས་རིས་དབྱིབས་ཅན་གྱི་ལག་ཆ་དང་གཏན་ཚིགས་དཔེ་དབྱིབས་བརྒྱུད་ནས་མ་ལག་སྒྲིག་གཞིའི་ལུགས་མཐུན་རང་བཞིན་མཐོར་འདེགས་གཏོང་དགོས་པར་ནན་བཤད་བྱས་ཡོད།

རིགས་དབྱེ།  

གཞི་གྲངས་སྒྲིག་གཞི་ལ་ཕྱོགས་པའི་ཐབས་ཤེས།

གཞི་གྲངས་སྒྲིག་གཞི་ལ་ཕྱོགས་པའི་ཐབས་ཤེས་ནི་གཞི་གྲངས་སྒྲིག་གཞིའི་ཕྱོགས་ནས་མཉེན་ཆས་ཀྱི་དགོས་མཁོར་དབྱེ་ཞིབ་དང་མཚོན་པར་བྱས་ཏེ་མཉེན་ཆས་ཇུས་འགོད་བྱེད་པའི་གསར་སྤེལ་བྱེད་ཐབས་ཤིག་ཡིན། བྱེད་ཐབས་འདིས་གཞི་གྲངས་ཀྱི་སྒྲིག་གཞི་ནས་འགོ་བརྩམས་ཏེ། ཆ་འཕྲིན་གྱི་སྒྲིག་གཞི་ལ་དབྱེ་ཞིབ་བྱེད་པ་མ་ཟད། གཞི་གྲངས་སྒྲིག་གཞིའི་རི་མོ(ལྷག་པར་དུ་ཐབས་འདིའི་རིགས་ལ་བཀོལ་བའི་རིས་དབྱིབས་ཞིབ་བརྗོད་ཡོ་བྱད་སྟེ། དཔེར་ནJacksonསྒྲིག་གཞིའི་རི་མོ་དངWarnierརི་མོ་ལྟ་བུ)སྤྱད་དེ་མཚོན་པ་དང་། དེ་རྨང་གཞིའི་སྟེང་དུ་དགོས་མཁོ་དབྱེ་ཞིབ་བྱས་ཏེ། མཉེན་ཆས་ཀྱི་སྒྲིག་གཞི་ཕྱིར་འདྲེན་བྱེད་དགོས།

རིགས་དབྱེ།  

རྙོག་འཛིང་འཕྲོད་བསྟུན་མ་ལག་གཞུང་ལུགས།

རྙོག་འཛིང་འཕྲོད་བསྟུན་མ་ལག(Complex Adaptive System,CAS)གཞུང་ལུགས་ཀྱིས་ངོས་འཛིན་བྱས་པ་ལྟར་ན། མ་ལག་རིམ་འགྱུར་གྱི་སྒུལ་ཤུགས་ནི་ངོ་བོའི་ཐོག་ནས་མ་ལག་ནང་ཁུལ་ནས་བྱུང་བ་དང་། ཕྲ་མཐོང་གཙོ་གཟུགས་ཀྱི་ཕན་ཚུན་བྱེད་ནུས་ཀྱིས་སྤྱི་ཁོག་གི་རྙོག་འཛིང་རང་བཞིན་གྱི་སྣང་ཚུལ་གྲུབ་པ་དང་། དེའི་ཞིབ་འཇུག་གི་རིག་ལམ་ནི་མ་ལག་ནང་གི་རྒྱུ་རྐྱེན་གཙོ་བོའི་ཕན་ཚུན་བྱེད་ནུས་ལ་དམིགས་པ་ཡིན་པས། དེས“འོག་ནས་གོང་ལ”ཞིབ་འཇུག་གི་ལམ་ཐིག་སྤྱོད་ཀྱིན་ཡོད། དེའི་ཞིབ་འཇུག་གཏིང་ཟབ་ཚད་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཞིབ་བརྗོད་བྱེད་པ་ཙམ་མ་ཡིན་པར། ཕྱི་རོལ་ཡུལ་གྱི་བྱ་དངོས་གྲུབ་པའི་རྒྱུ་རྐྱེན་དང་དེའི་འཕེལ་འགྱུར་གྱི་བརྒྱུད་རིམ་གསལ་སྟོན་བྱ་རྒྱུར་དེ་བས་གཙོ་གནད་དུ་འཛིན་གྱིན་ཡོད།

རིགས་དབྱེ།  

མཉེན་ཆས་ཚེ་སྲོག་གི་དུས་འཁོར།

མཉེན་ཆས་ཚེ་སྲོག་གི་དུས་འཁོར(Software Life Cycle,SLC)ནི་མཉེན་ཆས་བྱུང་བ་ནས་བེད་མེད་དུ་གཏོང་བའམ་བཀོལ་སྤྱོད་མཚམས་འཇོག་པའི་བར་གྱི་ཚེ་སྲོག་གི་འཁོར་ཡུན་ལ་ཟེར། མཉེན་ཆས་ཀྱི་ཚེ་སྲོག་གི་དུས་འཁོར་ནང་གནད་དོན་གྱི་མཚན་ཉིད་དང་། ལག་བསྟར་བྱེད་འཐུས་རང་བཞིན་གྱི་དབྱེ་ཞིབ། སྤྱིའི་ཞིབ་བཤད། མ་ལག་ཇུས་འགོད། ཨང་སྒྲིག སྐྱོན་སེལ་དང་ཚོད་ལྟ། ཞིབ་བཤེར་རྩིས་ལེན་དང་འཁོར་སྐྱོད། སྲུང་སྐྱོང་རིམ་སྤར་དང་བེད་མེད་དུ་གཏོང་རྒྱུ་སོགས་ཀྱི་དུས་རིམ་ཡོད་ལ། གོང་གི་དུས་རིམ་གྱི་བྱེད་སྒོ་སྡེབ་སྒྲིག་དུ་ཚུད་པའི་རིམ་འཇུག་དུས་རིམ་ཡང་ཡོད་པ་སྟེ། རིམ་འཇུག་དེ་ཚེ་སྲོག་གི་དུས་འཁོར་དུ་བརྩི་བའི་དུས་རིམ་ཡིན།

རིགས་དབྱེ།  

འབུར་ཐོན།

འབུར་ཐོན་ནི་རིམ་པ་དམའ་བ་ནས་རིམ་པ་མཐོ་བའི་བར་གྱི་བར་བརྒལ་ཞིག་ཡིན་པ་དང་། ཕྲ་མཐོང་གཙོ་གཟུགས་འཕེལ་འགྱུར་གྱི་རྨང་གཞིའི་སྟེང་སྤྱི་ཁོག་མ་ལག་གི་གཤིས་ནུས་དང་སྒྲིག་གཞིའི་སྟེང་གི་ཐོལ་འགྱུར་ཞིག་ཡིན། གོ་རིམ་འདིའི་ཁྲོད་དུ་ནུས་ཤུགས་རྙིང་པའི་ཁྲོད་ནས་ནུས་ཤུགས་གསར་བ་འབྱུང་ཐུབ། ​

རིགས་དབྱེ།  

མཉེན་ཆས་ཇུས་འགོད་དཔེ་དབྱིབས།

མཉེན་ཆས་ཇུས་འགོད་པས་ཞབས་ཞུ་བྱ་ཡུལ་ལ་ཕྱོགས་ནས་ཇུས་འགོད་བྱས་པའི་སྤྱི་མཚན་མཉེན་ཆས་ཇུས་འགོད་མ་ལག་སྤྱད་དེ་དགོས་མཁོར་དབྱེ་ཞིབ་བྱས་པས་དོན་སྤྱི་དཔེ་དབྱིབས་བྱུང་བ་རེད།

རིགས་དབྱེ།  

ཁྱུ་ཚོགས་གསར་གཏོད།

ཁྱུ་ཚོགས་གསར་གཏོད(cluster innovation)ནི་སྤྱི་ལོ2016ལོར་ཁྱབ་བསྒྲགས་བྱས་པའི་དོ་དམ་ཚན་རིག་ལག་རྩལ་གྱི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

སྡོང་བོ་བརྒྱུད་པ།

སྡོང་བོ་བརྒྱུད་པ། གོ་རིམ་ག་གེ་མོ་ཞིག་ལྟར་སྡོང་བོའི་སྟེང་གི་མདུད་གནས་ཡོད་ཚད་ལ་འཚོལ་བཤེར་བྱས་པར་གོ་བ་དང་སྡོང་བོའི་བཀོལ་སྤྱོད་གལ་ཆེན་ཞིག་རེད། དེ་ལ་ཐབས་གསུམ་ཡོད་པ་སྟེ། སྔོན་རིམ་ཀུན་བརྒྱུད་དང་རྗེས་རིམ་ཀུན་བརྒྱུད་། བང་རིམ་ཀུན་བརྒྱུད་བཅས་ཡིན། སྔོན་གྱི་གོ་རིམ་བརྒྱུད་ནས། སྔོན་ལ་རྩ་བའི་མདུད་གནས་ལ་འཚོལ་བཤེར་བྱེད་པ་དང་། དེ་ནས་སྡོང་བོ་རེ་རེ་སྔོན་གྱི་གོ་རིམ་བརྒྱུད་པར་བྱེད་པ། རྗེས་རིམ་ཁྱབ་བསྐྱོད། སྔ་རྗེས་གོ་རིམ་གྱིས་སྡོང་བོ་རེ་རེ་བརྒྱུད་པ། ཡང་བསྐྱར་རྩ་བའི་མདུད་གནས་ལ་འཚོལ་བཤེར་བྱེད་པ། བང་རིམ་ཁྱབ་བརྒྱུད་ནི་བང་རིམ་ལྟར་མདུད་གནས་ལ་འཚོལ་བཤེར་བྱེད་པ། སྔོན་ལ་བང་རིམ་དང་པོའི་མདུད་གནས་ལ་འཚོལ་བཤེར་བྱེད་པ་དང་དེ་ནས་རྩ་བར་འཚོལ་བཤེར་བྱེད་པ། ཡང་བསྐྱར་རིམ་པ་གཉིས་པའི་མདུད་གནས་ཚང་མར་འཚོལ་བཤེར་བྱེད་ཅིང་། དེ་ནས་བང་རིམ་གསུམ་པའི་མདུད་གནས་ཡོད་ཚད་ལ་འཚོལ་བཤེར་བྱེད། དེ་ལྟར་རིགས་འདེད་བྱེད།

རིགས་དབྱེ།  

དགོས་མཁོ་དབྱེ་ཞིབ།

དགོས་མཁོའི་དབྱེ་ཞིབ་ལ་མཉེན་ཆས་ཀྱི་དགོས་མཁོ་དབྱེ་ཞིབ་དང་། མ་ལག་གི་དགོས་མཁོ་དབྱེ་ཞིབ། དགོས་མཁོ་དབྱེ་ཞིབ་ལས་གཞི་སོགས་ཀྱང་ཟེར། དེ་ནི་གསར་སྤེལ་མི་སྣས་གཏིང་ཟབ་དང་ཞིབ་ཚགས་པའི་བརྟག་དཔྱད་དང་དབྱེ་ཞིབ་བྱས་པ་བརྒྱུད་ནས་སྤྱོད་མཁན་དང་རྣམ་གྲངས་ཀྱི་བྱེད་ནུས་དང་། ནུས་པ། བློ་འཁེལ་ཚད་སོགས་ཀྱི་ཞིབ་ཕྲའི་བླང་བྱ་ལ་རྒྱུས་ལོན་ཡང་དག་བྱས་ཏེ། སྤྱོད་མཁན་གྱི་རྣམ་པ་མིན་པའི་དགོས་མཁོའི་ཞིབ་བརྗོད་དེ་དགོས་མཁོའི་མཚན་ཉིད་ཆ་ཚང་དུ་བསྒྱུར་ནས་མ་ལག་གིས་ངེས་པར་དུ་ཅི་ཞིག་སྒྲུབ་དགོས་པ་གཏན་འཁེལ་བྱེད་པའི་བརྒྱུད་རིམ་ཞིག་ཡིན།

རིགས་དབྱེ།