གྲངས་འཛིན་འདྲ་པར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲངས་འཛིན་འདྲ་པར།
གྲངས་འཛིན་འདྲ་པར་ནི་གྲངས་འཛིན་ལག་རྩལ་དང་པར་ལེན་ལག་རྩལ་གཉིས་ཀྱི་མཉམ་སྦྱོར་གཟུགས་ཤིག་ཡིན། གྲངས་འཛིན་མཚོན་ཐབས་ཞེས་པ་ནི་རྒྱུན་དུ་རྩིས་འཁོར་ཚན་རིག་དང་གློག་རྡུལ་རིག་པར་སྤྱོད་པ་དང་། ལྷག་པར་དུ་འཛམ་གླིང་གི་ཆ་འཕྲིན་ངོ་མ་དེ་ཉིས་གྲངས་འཛིན་རྣམ་པར་བསྒྱུར་བ་སྟེ། དཔེར་ན་གྲངས་འཛིན་སྒྲ་ཟློས་དང་གྲངས་འཛིན་འདྲ་པར་ལྟ་བུ་ཡིན། གཞི་གྲངས་སྐྱེལ་འདྲེན་གྱི་བརྡ་རྟགས་ནི་གློག་རྡུལ་དང་ཡང་ན་ཐིག་ལེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数码照片
ཕྱི་ཡིག་གི་མིང་།
digital photograph
བཀོལ་སྤྱོད་བྱེད་པའི་ལག་རྩལ།
གྲངས་འཛིན་ལག་རྩལ།
བཀོལ་སྤྱོད་ཀྱི་ཁྱབ་ཁོངས།
རྩིས་འཁོར་ཚན་རིག་དང་གློག་རྡུལ་རིག་པ།
1 ངོ་སྤྲོད་མདོར་བསྡུས།

གྲངས་འཛིན་འདྲ་པར་ནི་གྲངས་འཛིན་ཅན་གྱི་པར་ལེན་བརྩམས་ཆོས་ཤིག་ཡིན་ཞིང་། རྒྱུན་པར་གྲངས་འཛིན་པར་ཆས་སྤྱད་དེ་གསར་རྩོམ་བྱས་པའི་པར་ལེན་བརྩམས་ཆོས་ལ་ཟེར། གྲངས་འཛིན་ལག་རྩལ་ལ་གྲངས་འཛིན་ལག་རྩལ་ཡང་ཟེར། གང་ལགས་ཤེ་ན། དེའི་ལྟེ་བའི་ནང་དོན་ནི་རྒྱུན་མཐུད་ཀྱི་ཆ་འཕྲིན་རབ་དང་རིམ་པ་གྲངས་ཀ་ཅན་དུ་བསྒྱུར་བའམ་ཡང་ན་རྒྱུན་མཐུད་ཅན་དུ་བསྒྱུར་རྒྱུ་དེ་ཡིན།

གློག་རྡུལ་ལག་རྩལ་ཁྲོད་བརྒྱུད་སྤྲོད་དང་ལས་སྣོན། ཐག་གཅོད་བཅས་ཀྱི་བརྡ་རྟགས་གཉིས་སུ་དབྱེ་ཆོག་པ་སྟེ། རིགས་དང་པོའི་བརྡ་རྟགས་ནི་ལད་ཟློས་བརྡ་རྟགས་ཡིན་པ་དང་། བརྡ་རྟགས་འདིའི་རིགས་ཀྱི་ཁྱད་ཆོས་ནི་དུས་ཚོད་དང་ཡང་ན་བརྡ་རྟགས་ཀྱི་ཆེ་ཆུང་གང་རུང་གི་སྟེང་ནས་མུ་མཐུད་དུ་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ལད་ཟློས་བརྡ་རྟགས་བརྒྱུད་སྤྲོད་དང་ལས་སྣོན། ཐག་གཅོད་བཅས་བྱེད་པའི་ལག་རྩལ་ལ་ལད་ཟློས་ལག་རྩལ་ཟེར།

བརྡ་རྟགས་གཞན་ཞིག་ནི་གྲངས་འཛིན་བརྡ་རྟགས་ཡིན་པ་དང་། གྲངས་འཛིན་བརྡ་རྟགས་ཀྱི་ཁྱད་ཆོས་ནི་དུས་ཚོད་དང་ཆེ་ཆུང་གང་ཡིན་རུང་ཚང་མ་ཁ་ཐོར་ཡིན་པའམ་ཡང་ན་ཚང་མ་མུ་འབྲེལ་མིན་པ་དང་གྲངས་འཛིན་བརྡ་རྟགས་བརྒྱུད་སྤྲོད་དང་ལས་སྣོན། ཐག་གཅོད་བཅས་བྱེད་པ་ལ་གྲངས་འཛིན་ལག་རྩལ་ཟེར།

2 དགེ་མཚན་དང་ཞན་ཆ།
2_1 དགེ་མཚན།

1.འདྲ་པར་གྱི་ཁ་དོག་དང་། གསལ་ཚད། རྣོ་ཚད། ཐ་ན་དམིགས་བསལ་གྱི་ཕན་འབྲས་བཅས་ཐག་གཅོད་བྱེད་བདེ་བ།

2.འདྲ་བཟོ་དང་། བརྒྱུད་འདྲེན། མཉམ་སྤྱོད་བཅས་བྱེད་བདེ་བ་དང་། མཉམ་སྤྱོད་ཁྱབ་ཁོངས་དང་མི་ཚོགས་ནི་སྲོལ་རྒྱུན་གྱི་སྤྱིན་ཤོག་ལས་ཆེ་བ་ཡོད།

3.དོན་དངོས་ཀྱི་དགོས་མཁོ་ལྟར་འདྲ་པར་ཆེ་ཆུང་བཀོད་སྒྲིག་བྱེད་དགོས།

2_2 ཞན་ཆ།

1.པར་ཆས་ཀྱི་སྤུས་ཚད་ལ་རེ་བ་མཐོ་བ་དང་བརྙན་རྒྱུ་མཐོ་བའི་བར་སྟོང་ཆེ་བ།

2.ཆེ་རུ་གཏོང་བའི་རང་བཞིན་དེ་སྲོལ་རྒྱུན་གྱི་སྤྱིན་ཤོག་དང་བསྡུར་ཐབས་མེད།

3.གསོག་འཇོག་གི་ཚེ་ཐག་གཏན་འཇགས་མིན་པ། དཔེར་ནUསྡེར་སོགས་ཀྱི་ཚེ་ཚད་ལ་ཚད་ཡོད་པས། ཉར་ཚགས་ཀྱི་ཉེན་ཁ་ཆེ་བ།

4.འདྲ་བཟོ་བྱེད་སླ་བ་དང་ལྐོག་གྱུར་གྱི་རང་བཞིན་ཞན་པ།

3 རྒྱུན་སྤྱོད་ཀྱི་སྒྲིག་གཅོད་མཉེན་ཆས།
3_1  འོད་གྲིབ་སྒྱུ་འཕྲུལ།

འོད་གྲིབ་སྒྱུ་འཕྲུལ། nEOiMAGINGསྟབས་བདེ་དང་བཀོལ་སྤྱོད་བྱེད་བདེ་བས་ཆེད་ལས་ཀྱི་པར་རིས་ལག་རྩལ་གང་ཡང་མི་དགོས་པར་ཆེད་ལས་སྤྱིན་ཤོག་པར་ལེན་གྱི་ཚོན་མདོག་ཕན་འབྲས་ཐོན་ཐུབ།

ToboPhotoནི་གྲངས་འཛིན་པར་ལེན་རྒྱབ་ལྗོངས་སུ་བྱས་ཏེ་གྲངས་འཛིན་པར་ཆས་སྤྱོད་མཁན་དཀྱུས་མ་དང་ཚད་ལྡན་ཆེད་ལས་སྤྱོད་མཁན་ལ་ཕྱོགས་ནས་ཇུས་འགོད་བྱས་པའི་པར་རིས་དོ་དམ་དང་། རགས་ལྟ། ཐག་གཅོད་ཤུགས་ཆེར་གཏོང་། དེ་བཞིན་ཕྱིར་གཏོང་བཅས་ནི་རང་རྒྱལ་ནས་ཐོན་པའི་མཉེན་ཆས་མ་ལག་ཆ་ཚང་ཞིག་རེད།


ToboPhotoཡིས་གྲངས་འཛིན་པར་ལེན་དང་འབྲེལ་བ་ཡོད་པའི་དུས་མཇུག་གི་ལས་དོན་མང་ཆེ་བ་བསྒྲུབས་ནས་གྲངས་འཛིན་པར་ལེན་གྱི་གསར་རྩོམ་བྱ་ཐབས་རྒྱ་ཆེར་བཏང་སྟེ་གྲངས་འཛིན་པར་ཆས་བེད་སྤྱོད་གཏིང་ཟབ་ཏུ་བཏང་སྟེ་ཁྱེད་ཀྱི་འཚོ་བར་སྤྲོ་སྣང་ཚད་མེད་སྦྱིན་ནས་ཁྱེད་ཀྱི་ལས་དོན་ལ་དེ་བས་སྟབས་བདེ་བསྐྲུན་ཡོད།

དམིགས་བསལ་ནུས་པ་ལེགས་འདེམས་གནད་དོན་སྒོ་བསྟེན་སྨན་བཅོས་ཁང་དང་རང་འགུལ་ཐག་གཅོད་སོགས་ཀྱི་ལམ་ཁྲིད་པས་ཁྱེད་ལ་རིམ་བཞིན་ཕུན་སུམ་ཚོགས་པའི་པར་རིས་ཐོབ་རྒྱུར་ཁྲིད་སྟོན་བྱེད་ཐུབ། ཕྱོགས་ཡོངས་ནས་མཁོ་སྤྲོད་བྱས་པ་སྟེ། སྟབས་བདེ་ནས་ཆེད་ལས་བར་གྱི་དམར་འདོན་དང་ཚོན་མདོག་ཚོད་འཛིན་བྱེད་པའི་ལག་ཆ། ལྷག་པར་དུ་ལག་སྒུལ་དམར་འདོན་ལེགས་སྒྲིག་དངHSBའཁྱོག་ཐིག་མཚམས་སྦྱོར་བྱས། ཚོན་མདོག་གི་སློབ་དཔོན་དང་དེ་བཞིན་སྤྱིན་ཤོག་གི་པར་གཞི་ལེགས་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་པའམ་ཡང་ན་ལག་པས་མཐའ་སྒྲོམ་དང་། ཡི་གེlogoཁ་སྣོན། མིང་རྟགས་བཀོད་ནས་འཛེར་སྒྲ་དང་། སྨུག་པ། མུན་ནག སྨུག་པོ། མིག་དམར། ཁྲ་ཐིག་སོགས་པར་རིས་སྣ་ཚོགས་ལ་བརྟེན་ནས་ལམ་ཁྲིད་པའམ་ཡང་ན་ལག་སྒུལ་རྣམ་པའི་ཨང་ཀི་དང་། པགས་པ་བརྡར་ནས་ཤ་མདོག་ལེགས་སྒྲིག་བྱེད་པ། མི་པར་གྱི་པར་རིས་དངོས་ནསLOMOབར་འདེམས་པ། དམིགས་བསལ་གྱི་ཕན་འབྲས་སྣ་མང་ཕྱོགས་ཡོངས་ནས་ཚོད་འཛིན་དང་། གཅོད་པ་སོགས་དབྱིབས་རྩིས་དབྱིབས་འགྱུར་བ་བཅས་བྱེད་ཀྱིན་ཡོད། མཐའ་ཡས་པའི་ཟུར་ཞིག་ཡོ་བསྲང་བྱེད་པ་དང་། བརྙན་འཕྲིན་ངོ་མ་ཤོར་བ། རང་མོས་ཀྱིས་གདོང་གི་གཟུགས་བྱད་ལ་ཚོད་འཛིན་བྱེད་དགོས། Pichaདེ་སྔའི་རང་ཚུགས་ཀྱི་གྲོན་བསྡུའི་པར་རིས་དོ་དམ་དང་། ཐག་གཅོད་མཉེན་ཆས་དང་། དེའི་མཐུད་མཚམས་བཀྲག་མདངས་འཚེར་བ་དང་། བྱེད་ལས་དངོས་སྤྱོད་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་ད་ལྟGoogleཡིས་ཉོས་ཟིན་པ་མ་ཟད། རིན་མེད་མཉེན་ཆས་སུ་བསྒྱུར་ནསGoogleཡི་ཆ་ཤས་ཤིག་ཏུ་གྱུར། Picuaཡོད་ན་ཁྱོད་ཀྱིས་གང་འདོད་དུ་ཁྱོད་ཀྱི་གྲངས་འཛིན་འདྲ་པར་ལ་མྱོང་རོལ་བྱས་ཆོག  རང་འགུལ་གྱིས་ཁྱོད་ཀྱི་འདྲ་པར་ཁྱོད་ཀྱི་གྲངས་འཛིན་པར་ཆས་ནས་ཁྱོད་ཀྱི་གློག་ཀླད་སྟེང་ལ་བསྐུར་ཆོག   པར་རིས་ལ་དོ་དམ་བྱེད་པ་མ་ཟད་ཁྱོད་ཀྱིས་སྐར་ཆ་འགའི་ནང་དུ་མཁོ་བའི་པར་རིས་འཚོལ་དུ་བཅུག་ནས། ཁྱོད་ཀྱིས་བག་ཕེབས་ཀྱི་སྒོ་ནས་རྩོམ་སྒྲིག་བྱེད་དུ་འཇུག་པ་དང་། འདྲ་པར་དཔར་རྒྱག་པ། མཉམ་སྤྱོད་ཀྱི་སྒྲོན་བརྙན་པར་ཤེལ་བཟོ་བ། མངག་ཉོ་དང་ལྕགས་པར་རྒྱག་པ། དེ་མིན་དེ་ལས་མང་།

AaSeeProPhotoManagerནི་མིག་སྔར་ཆེས་རྒྱུགས་ཆེ་བའི་གྲངས་ཀའི་འདྲ་རིས་སྒྲིག་གཅོད་མཉེན་ཆས་ཡིན་ཞིང་། དེ་ནི་པར་རིས་ཀྱི་ཐོབ་ལེན་དང་དོ་དམ། རགས་ལྟ། ལེགས་འགྱུར་དང་ཐ་ན་མི་གཞན་དང་མཉམ་སྤྱོད་བྱེད་པར་རྒྱ་ཁྱབ་ཏུ་སྤྱོད་ཐུབ།

AuSeeབེད་སྤྱོད་བཏང་ན། ཁྱོད་ཀྱིས་གྲངས་འཛིན་པར་ཆས་དང་བཤར་འབེབས་ཆས་ནས་ཕན་ནུས་ཆེ་བའི་སྒོ་ནས་པར་རིས་ལེན་ཐུབ་པ་མ་ཟད། སྟབས་བདེའི་འཚོལ་ཞིབ་དང་། རྩ་འཛུགས། སྔོན་ལྟ་བཅས་བྱེད་ཐུབ། རྒྱུན་སྤྱོད་ཀྱི་རྣམ་པ50ལས་བརྒལ་བ་རེད། རིམ་པ་མཐོ་ཤོས་ཀྱི་རི་མོའི་མཉེན་ཆས་ཤིག་ཡིན་པའི་ངོས་ནས་དེས་མགྱོགས་མྱུར་དང་སྤུས་ཚད་མཐོ་བའི་སྒོ་ནས་ཁྱེད་ཀྱི་པར་རིས་མངོན་པ་དང་། དེ་ནས་ནང་སྒྲིག་བྱས་པའི་སྒྲ་ཟློས་གཏོང་ཆས་སྒྲིག་སྦྱོར་བྱས་ཚེ་ང་ཚོས་དེས་བསྟན་པའི་ངོ་མཚར་ཆེ་བའི་སྒྲོན་བརྙན་བརྙན་པར་ལེན་ཐུབ།   AaSee8ནས་འགོ་བརྩམས་ཏེ། སྲོལ་རྒྱུན་གྱི་རིས་དབྱིབས་རགས་ལྟ་མཉེན་ཆས་དེ་དངོས་སུ“AaSee8PhotoManager”ཞེས་པར་བསྒྱུར་བ་དང་། དེའི་བྱེད་ནུས་དང་ཐོག་མའི་མཐོང་རིས་རྐྱང་པ་ནས་ཕྱོགས་ཡོངས་ཀྱི་རིས་དབྱིབས་དོ་དམ་དུ་བར་བརྒལ་བྱུང་བ་མཚོན།དེ་བས། Acdseeཡིས་ད་དུངMpegལྟ་བུའི་རྒྱུན་སྤྱོད་ཀྱི་བརྙན་ལམ་ཡིག་ཆ་ཐག་གཅོད་བྱེད་ཐུབ། photoshopསོགས་ཀྱིས་གྲངས་འཛིན་འདྲ་པར་གྱི་ཐག་གཅོད་བྱེད་ནུས་ཅུང་ཆེ། དེས་ཁ་དོག་ལེགས་སྒྲིག་དང་བཙོག་འདོར་སོགས་བྱེད་ཐུབ་ལ། འདྲ་པར་སྟེང་ང་ཚོ་དགའ་བའི་ཡི་གེ་བསྣན་ནས་ཡང་བསྐྱར་འབྲི་ཐུབ། གྲགས་ཅན་བརྙན་རིས་ཐག་གཅོད་མཉེན་ཆས་PhotoshopCS2སྟོབས་ལྡན་དང་ཞིབ་ཅིང་དག་པའི་ཚད་གཞི་གསར་པ་ནང་འདྲེན་བྱས་ནས་གྲངས་འཛིན་ཅན་གྱི་རིས་དབྱིབས་གསར་རྩོམ་དང་ཚོད་འཛིན་ཉམས་ལེན་མཁོ་འདོན་བྱས་ཡོད།    

4 པར་འཁྲུད་དང་པར་འདེབས།

གྲངས་འཛིན་འཁྲུད་དཔར་ཞེས་པ་ནི་གྲངས་འཛིན་གཟུགས་བརྙན་དམར་འདོན་གྱི་སྒུལ་བྱེད་འཕྲུལ་འཁོར་བརྒྱུད་དེ་དངུལ་ཚྭའི་ཚོན་ལྡན་འོད་ཚོར་རྒྱུ་ཆའི་ཐོག་དམར་འདོན་བྱས་རྗེས་རྫས་འགྱུར་འཁྲུད་རྩལ་ལ་བརྟེན་ནས་བཟོས་པའི་པར་ལ་ཟེར། འོན་ཀྱང་། འདྲ་པར་ནི་བརྙན་པར་གྱིས་སྣག་གཏོར་པར་འཁོར་ལ་བརྟེན་ནས་པར་ཤོག་གྲུབ་པ་དང་། དེ་གཉིས་ཀྱི་རྩ་བའི་རིགས་པ་ལས་བལྟས་ན་ཁྱད་པར་ཆེན་པོ་ཡོད་པ་སྟེ། པར་འཁྲུད་ནི་རྫས་འགྱུར་འགྱུར་འབྱུང་གི་གོ་རིམ་ཡིན་པ་དང་། པར་འདེབས་ནི་དངོས་ལུགས་འགྱུར་འབྱུང་གི་གོ་རིམ་ཡིན་ལ། དེ་གཉིས་ལ་ངོ་བོའི་ཁྱད་པར་ཡོད། གཤམ་གསལ་ནི་ཁོ་ཚོའི་དཔྱད་བསྡུར་ཡིན།

4_1  ཕྱིར་འདོན་སྤུས་ཚད།

ཆེད་ལས་ཀྱི་གྲངས་འཛིན་པར་འཁྲུད་ནི་གཙོ་བོ་ཁོ་ཏའམ་ཧྥུ་ཧྲིའི་སྐུལ་འོད་ཀྱི་པར་ཆས་ཆེ་གྲས་བེད་སྤྱོད་ཀྱི་ཡོད་པ་དང་། སྒྲིག་ཆས་ཆེ་གྲས་དེ་དག་གིས་པར་བརྒྱབ་པའི་པར་ནི་ཚོན་མདོག་གི་ཚད་དང་། གསལ་ཚད། རིམ་པའི་ཚོར་བ་བཅས་གང་གི་ཐད་ནས་ཀྱང་ཧ་ཅང་འདྲ་པོ་ཡོད། འདྲ་པར་དཔར་བའི་ལག་རྩལ་ནི་རྒྱུན་མི་ཆད་པར་འཕེལ་རྒྱས་དང་འཐུས་ཚང་དུ་འགྲོ་བཞིན་ཡོད་ལ། ད་ལྟ་དཔར་བའི་ཕན་འབྲས་ཀྱང་སྐུལ་འོད་ཀྱིས་དཔར་བའི་ཕན་འབྲས་ཆེན་པོ་དང་ཕལ་ཆེར་འདྲ་ལ། ལྷག་པར་དུ་ཆེད་ལས་ཀྱི་པར་དཔར་ཆས་ཁ་ཤས་ཀྱང་ཁོ་ཚོའི་བར་གྱི་ཁྱད་པར་ལ་ཞིབ་ཏུ་བརྟག་དགོས། ཕྱོགས་བསྡོམས་ནི། འོད་ཟེར་གྲངས་འཛིན་རྡེབ་དཔར་གྱི་ཕན་འབྲས་ནི་འདྲ་པར་པར་འཁོར་ལས་ཅུང་ལེགས་མོད། འོན་ཀྱང་སྤྱིར་བཏང་གི་མིས་རྡེབ་དཔར་དང་སྤུས་ཚད་མཐོ་བའི་པར་འདེབས་བྱེད་མི་ཐུབ།

4_2   རྒྱུ་ཆ་མི་འདྲ་བ།

ཤོག་བུའི་རྒྱུ་ཆ་མི་འདྲ་བ་སྟེ། པར་བཤུས་བྱས་པའི་ཤོག་བུའི་ཕྱི་ངོས་ནི་དམར་པོ་དང་ལྗང་ཁུ། སྔོན་པོ་བཅས་གསུམ་གྱིས་ཚོན་རྩི་བྱུགས་པ་ལས་གྲུབ་པ་དང་། དམར་པོ་བཏོན་རྗེས་མངོན་གཟུགས་དང་ཆུ་ཁར་གཡེང་བ། བརྟན་པོ། སྲོ་སྐམ་བཅས་བྱས་པ་བརྒྱུད་མཐར་གཏན་འཇགས་ཀྱི་པར་རིས་གྲུབ་པ་རེད། པར་དུ་བཏབ་པའི་པར་ཤོག་གི་རྨང་གཞི་ནི་དཀར་པོ་ཡིན། འདྲ་པར་དཔར་བའི་རྒྱུ་ཆ་ཅུང་མང་། སྤྱིར་བཏང་གི་འདྲ་པར་ཤོག་བུ་ཡིན་ཆོག་ལ། གསེར་ཤོག་དང་དངུལ་ཤོག་སོགས་ལྕགས་རིགས་ཤོག་བུ་ཡིན་ཆོག  ད་དུང་རས་སོགས་རྒྱུ་ཆའི་སྟེང་དུ་དཔར་ཆོག

4_3   རྒྱ་ཁྱོན་ཆེ་ཆུང་།

པར་འཁྲུད་འདྲ་པར་གྱི་ཆེ་ཆུང་ནི་ཚུན5ནས48ཡས་མས་ཡིན་པ་དང་། ཤོག་བུའི་ཆེ་ཆུང་ཚུན50ཡས་མས་ཡིན་ཞིང་། ཆེས་རིང་ན་སྨི2ཡིན། ལྕགས་པར་གྱི་ཁྱབ་ཁོངས་དེ་བས་ཆེ་བ་དང་ཞེང་ཚད་ཆེ་ཤོས་སྨི2~3བར་ཡིན་པ་དང་རིང་ཚད་ལ་ཚད་མེད།

4_4 ​  བརྙན་གྲུབ་ཞིབ་ཚད།

གྲངས་འཛིན་པར་འཁྲུད་འདྲ་པར་གྱི་དབྱེ་འབྱེད་ཚད་ནི200~600dpiཡས་མས་ཡིན། དཔེར་ན་སྐུལ་འོད་ཀྱིས་པར་ཚོན5ནས6བར་གྱི་དབྱེ་འབྱེད་ཚད་ནི300dpi~400dpiཡིན་པ་དང་། ཁ་ཞེང་ཆེ་བའི་ཚུན24~300dpiལྟ་ཞིབ་བྱས་པ་དང་། ཤ་མིག་གིས་འདྲ་པར་ཞིབ་ཅིང་ཕྲ་བ་ཡིན། པར་འཁོར་གྱི་དབྱེ་འབྱེད་ཚད་ཚང་མར1200dpiཡོད་པ་དང་། ཐ་ན2800~5000dpiམང་མོད། འོན་ཀྱང་པར་འཁོར་གྱི་དབྱེ་འབྱེད་ཚད་ནི་དབྱིན་ཚུན་རེའི་སྣག་ཚའི་གྲངས་ལྟར་བརྩི་བ་དང་། པར་འཁྲུད་ཀྱི་དབྱེ་འབྱེད་ཚད་ནི་ཉིན་རེའི་བརྙན་རྒྱུ་ལྟར་བརྩི་བ་ཡིན། པར་འཁོར་སྣག་སྒམ་གྱི་ཁ་དོག་ཇི་ལྟར་མང་ན་དབྱེ་འབྱེད་ཚད་དེ་ལྟར་མཐོ་བ་དང་། གཞུང་ལུགས་འབྱེད་ཕྱོད་ནི300dpiཡས་མས་ཡིན་དགོས། འོན་ཀྱང་སྣག་ཚེག་གི་སིམ་འཛུལ་ནུས་པ་དང་དཔར་རྒྱག་ཤོག་འདྲེན་གྱི་ཧེ་བག་གི་དབང་གིས་དབྱེ་འབྱེད་ཕྱོད་དངོས་ནི250dpiཡས་མས་ཡིན།

4_5  ཚོན་མདོག་ཕྱིར་ལོག་པ།

པར་འཁྲུད་དང་པར་འདེབས་ཀྱིས་ཚོན་མདོག་རྣམ་པར་བཀྲ་བའི་གྲངས་འཛིན་འདྲ་པར་ཕྱིར་གཏོང་བྱེད་ཐུབ་མོད། འོན་ཀྱང་པར་འདེབས་འཕྲུལ་ཆས་ཀྱི་མ་གཞིའི་སྣག་བུམ་གྱི་རིན་གོང་ཧ་ཅང་མཐོ་བས་མང་ཆེ་བས་སྣག་སྒམ་གྱི་ཚབ་བྱེད་ཀྱི་ཡོད་པ་དང་། སྣག་སྒམ་གྱིས་འགུལ་རྣམ་ཁྱབ་ཁོངས་དང་མདོག་ཁོངས་བར་སྟོང་གི་ཚབ་བྱེད་ཀྱི་ཡོད་ཅེས་བཤད་ཆོག

4_6 སྒྲིག་ཆས་ཀྱི་ལས་ཕྱོད།

གྲངས་འཛིན་རྡེབ་དཔར་སྒྲིག་ཆས་ཚང་མ་ཐོན་སྐྱེད་འབོར་ཆེན་དང་འཚམ་པའི་ཚོང་སྤྱོད་སྒྲིག་ཆས་ཡིན་པ་དང་། གཞན་ཡང་ཆེད་ལས་ཀྱི་པར་རྒྱག་ལག་རྩལ་པས་བཀོལ་སྤྱོད་དང་སྲུང་སྐྱོང་བྱེད་ཀྱིན་ཡོད། འདྲ་པར་དཔར་ན་ཁྱིམ་དུ་བཞག་ན་ཆོག་མོད། འོན་ཀྱང་དཔར་ཚད་ཧ་ཅང་ཆེ་ན་གཏག་པའི་འགྲོས་ཚད་ལ་བསམ་བློ་གཏོང་དགོས། བདེ་འཇགས་ཀྱི་ཐད་ནས་བཤད་ན། འདྲ་པར་དེ་བས་བདེ་འཇགས་དང་བློས་འགེལ་ཆོག་པ་ཞིག་རེད། འོན་ཀྱང་ཁྱོད་ལ་དམིགས་བསལ་གྱི་དགོས་མཁོ་ཡོད་ན་མ་གཏོགས་། དེ་ལྟར་མ་བྱས་ན། སྤྱིར་བཏང་གི་མི་ཞིག་གི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་མེད་། ཚད་ཧ་ཅང་དམའ་བའི་གསང་དོན་གྱི་བདེ་འཇགས་གནད་དོན་འབྱུང་ངེས།    


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-11

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།