གྲངས་འཛིན་ཐོན་རྫས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲངས་འཛིན་ཐོན་རྫས།
གྲངས་འཛིན་ཐོན་རྫས་ཏེ་སྤྱིར་བཏང་དུMP3 Uསྡེར། རིག་ལྡན་ལག་ཁྱེར་ཁ་པར་དང་གྲངས་འཛིན་པར་ཆས། བརྙན་ལེན་འཕྲུལ་ཆས་དང་བཤར་འབེབས་ཆས་སོགས་ཨང་ཀི་དང་སྒྲིག་ཨང་ལ་བརྟེན་ནས་བཀོལ་སྤྱོད་བྱེད་ཆོག་པའི་འཕྲུལ་ཆས་དང་། དེ་མ་ཟད་གློག་ཀླད་དང་སྦྲེལ་ཆོག་པ་ཚང་མར་གྲངས་འཛིན་ཐོན་རྫས་སུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数码产品
ཕྱི་ཡིག་གི་མིང་།
Digital products
འཕེལ་རྒྱས།
སྤྱི་ལོ2008ནས་བཟུང་འཕེལ་རྒྱས་ཆེན་པོ་བྱུང་།
དགོས་པ།
འཚོ་བར་སྟབས་བདེ་བསྐྲུན་པ།
1 ཐོན་རྫས་མཚན་ཉིད།

ང་ཚོས་རྒྱུན་དུ་བཤད་བཞིན་པའི་གྲངས་འཛིན་ནི་གྲངས་འཛིན་ལག་རྩལ་འདུ་བའི་གྲངས་འཛིན་ཐོན་རྫས་ཏེ། དཔེར་ན། གྲངས་འཛིན་པར་ཆས་དང་གྲངས་འཛིན་བརྙན་ལེན་འཕྲུལ་ཆས། གྲངས་འཛིན་སློབ་སྦྱོང་འཕྲུལ་ཆས་སོགས་ཡིན། ཚན་རྩལ་འཕེལ་རྒྱས་སུ་སོང་ཞིང་རྩིས་འཁོར་བྱུང་བ་དང་བསྟུན་ནས། འཕེལ་རྒྱས་ཀྱིས་ཨང་ཀིས་མཚོན་རྟགས་བཀོད་པའི་ཐོན་རྫས་སྐོར་ཞིག་ལ་སྐུལ་ཁྲིད་བྱས་ཏེ། སྲོལ་རྒྱུན་གྱི་སྤྱིན་ཤོག་དང་། བརྙན་ལེན་སྡུད་ཐག་དང་སྒྲ་འབེབས་སྡུད་ཐག་སོགས་ཀྱི་ཚབ་བྱས་པ་དང་། ང་ཚོས་ཐོན་རྫས་འདིའི་རིགས་ལ་གྲངས་འཛིན་ཐོན་རྫས་ཟེར། དཔེར་ན། བརྙན་འཕྲིན། འཕྲིན་སྐྱེལ་ཡོ་བྱད། སྤོ་སྒུལ་ལམ་འཁྱེར་བདེ་བའི་གློག་རྡུལ་ཡོ་བྱད་སོགས་ལ་ཚད་ངེས་ཅན་ནས་ཚང་མར་ཨང་ཀི་ཅན་བེད་སྤྱོད་བྱས་ཡོད་པ་རེད།

2 རིགས་དབྱེ།

བརྙན་མིག བརྙན་ལེན་འཕྲུལ་ཆས། གྲངས་འཛིན་པར་ཆས། སྒྲ་སྒམ། MP3 MP4 MP5ལག་ཁྱེར་ཁ་པར།  སྒྲ་ཕབ་སྨྱུ་གུ བཤར་འབེབས་ཆས། DVDའཕྲུལ་ཆས། གསོག་འཇོག་བྱང་བུ། འཁོར་སྐར་སྡུད་ལེན་སྒྲིག་ཆས། བརྙན་འཕྲིན། གྲངས་འཛིན་ཁྱིམ་སྤྱོད་གློག་ཆས།

1.བཤར་འབེབས་ཆས།

པར་རིས་ལ་བཤར་འབེབས་ཆས་ཀྱིས་བཤར་འབེབས་བྱས་ཏེ་རིས་དབྱིབས་ཡིག་ཆ་ཞིག་ཏུ་གྱུར་ཞིང་། དེ་ཉིད་རྩོམ་སྒྲིག་དང་བཟོ་བཅོས་བྱེད་ཆོག་ལ། པར་འདེབས་པའམ་ཡང་ན་བརྙན་སྐྱེལ་རྣམ་པས་སྐྱེལ་གཏོང་བྱེད་ཆོག བཤར་འབེབས་ཆས་ཀྱི་རིན་གོང་ཇེ་དམའ་རུ་སོང་བ་དང་མི་རྣམས་ཀྱི་གློག་ཀླད་ཀྱིས་པར་རིས་པར་འདེབས་བྱེད་པའི་རེ་བ་ཇེ་མཐོར་སོང་བ་དང་བསྟུན་ནས། མ་གཞིར་དཔེ་སྐྲུན་དང་པར་སྐྲུན། བརྡ་ཁྱབ་ཆེད་ལས་ཁོ་ནར་དབང་བ་ལས་ཁྱིམ་ཚང་དུ་སླེབས་ཤིང་། ཁྱིམ་སྤྱོད་གློག་ཀླད་ཀྱི་རྒྱུན་སྤྱོད་ཀྱི་ཕྱིའི་སྒྲིག་ཆས་ཤིག་ཏུ་གྱུར་བ་དང་། ཚན་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། གྲངས་འཛིན་པར་ཆས་ཀྱི་ལག་རྩལ་ཡང་ཅུང་ཆེ་རུ་ཕྱིན་ཡོད་ལ། བཤར་འབེབས་ཆས་ཀྱི་ལག་རྩལ་ཡང་འཐུས་ཚང་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་རེད།

2.གྲངས་འཛིན་པར་ཆས།

2008ལོར། གྲངས་འཛིན་པར་ཆས་བྱུང་བ་ལས་ང་ཚོས་མིག་དབང་འཕྲོག་པའི་ཐོན་རྫས་གསར་བ་དང་ལག་རྩལ་གསར་བ་བྱུང་ཞིང་། ཚན་རྩལ་གྱི་ཡར་ཐོན་གྱིས་ལས་རིགས་འདི་ལ་ཟུང་ཁྲག་གསར་སྦྱིན་པ་མ་ཟད། དོན་སྤྱི་རིམ་པའི་ཐོན་རྫས་མི་ཉུང་བ་ཞིག་བྱུང་བ་ལས། ང་ཚོས་གྲངས་འཛིན་པར་ཆས་ལས་རིགས་ཀྱི་གསར་བརྗེ་ལ་ཁུངས་སྣེ་ཁ་ཤས་རྙེད་བྱུང་བ་རེད།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-11

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།