PDFརྣམ་པའི་གློག་རྡུལ་དཔེ་དེབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

PDFརྣམ་པའི་གློག་རྡུལ་དཔེ་དེབ།
PDFརྣམ་པའི་གློག་རྡུལ་དཔེ་དེབ་ནི་བཟོ་སྐྲུན་གྱི་གོ་རིམ་ཅུང་སྟབས་བདེ་བའི་གྲས་ཤིག་ཡིན་ཁར་དུས་རྒྱུན་འཚོ་བའི་ཁྲོད་བེད་སྤྱོད་མང་བ་དང་དྲ་ཐོག་དུ་ཁྱབ་རྒྱ་ཆེ་བའི་གློག་རྡུལ་དཔེ་དེབ་ཀྱི་རྣམ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
PDF形式的电子书
1 ​གློག་རྡུལ་དཔེ་དེབ་ཀྱི་བྱུང་བ།

དེ་ཡང་གློག་རྡུལ་དཔེ་དེབ་ཞེས་པ་དབྱིན་སྐད་དུElectronic Bookབསྡུས་འབྲི་བྱས་ཚེE-bookལྟ་བུའོ།། དེ་ནི་ཐོག་མར་སྤྱི་ལོ1971ལོར་ཨ་རིའི་དབྱི་ལི་ནུའོ་དབྱི(伊利诺伊大学) སློབ་ཆེན་གྱི་སྐུ་ཞབས་མའེ་ཁུ་ཨེར•ཧྭ་ཐུ(Michael Hart)ལགས་ཀྱིས་མིའི་རིགས་ཀྱི་གྲགས་ཅན་དཔེ་ཆ་རྣམས་གློག་ཀླད་ནང་འབྲི་རྒྱུའི་འཆར་གཞི་གླེང་ཞིང་ཐེངས་དང་པོར་སྲོལ་རྒྱུན་ཤོག་ངོས་ཀྱི་དཔེ་ཆ་གློག་རྡུལ་པར་གཞི་ལ་གཏགས་ཡོད། དེ་མིན་སྤྱི་ལོ2001ལོའི་ཟླ3ཚེས14ཉིན་གྲགས་ཅན་བརྩམས་སྒྲུང་མཁས་ཅན་སི་ཏི་ཧྥུན•ཨའེ་ཏུ་ཝུན•ཅིན་ལགས་ཀྱིས་རང་ཉིད་ཀྱི་ཆེས་གསར་པའི་སྒྲུང་གཏམ《Riding the Bullet》ཞེས་པ་ཤོག་གྲངས60ལ་ཉེ་བ་དེ་དྲ་རྒྱ་བརྒྱུད་ནས་འདྲེན་སྤེལ་གནང་བར་དུས་ཐུང་ནང་ཨ་སྒོར་བྱེ་བ་ཡི་དཔལ་འབྱོར་ཁེ་ཕན་ཐོབ་ཡོད་པས་དེ་ནས་བཟུང་གློག་རྡུལ་དཔེ་ཆའི་བཟོ་སྐྲུན་གྱི་མཐོ་རླབས་གསར་པ་ཞིག་འཕྱུར་བྱུང་བ་རེད།

དེང་གི་དུས་སུ། གློག་རྡུལ་དཔེ་དེབ་ནི་དྲ་རྒྱའི་ཐོག་གི་གལ་འགངས་ཆེ་བའི་གྲུབ་ཆ་ཞིག་ཡིན། དེར་རྣམ་པ་ཤིན་དུ་མང་ཞིང་རྣམ་པ་མི་འདྲ་བའི་གློག་རྡུལ་དཔེ་དེབ་ལ་བལྟ་ཀློག་གི་ཐབས་ལམ་ཡང་མི་འདྲ་བ་ཡོད་དེ་སྒོ་ལྕགས་མི་འདྲ་བར་ལྡེ་མིག་མི་འདྲ་བ་རེ་ཡོད་པ་དང་མཚུངས་སོ།། གློག་རྡུལ་དཔེ་དེབ་ལ་སྤྱིར་དབྱེ་བ་ཆེ་བ་གཉིས་སུ་དབྱེ་ཆོག་སྟེPCགློག་རྡུལ་དཔེ་དེབ་དང་ཁ་པར་གློག་རྡུལ་དཔེ་དེབ་གཉིས་ཡིན། PCགློག་རྡུལ་དཔེ་དེབ་ཀྱི་རྣམ་པ་ལEXE PDF PDG TXT HTML HLPསོགས་ཡོད་པ་དང་། ཁ་པར་གྱི་གློག་རྡུལ་དཔེ་དེབ་ཀྱི་རྣམ་པརUMD TXT JARསོགས་མང་ངོ་།།

གློག་རྡུལ་དཔེ་དེབ་ཀྱི་བྱེད་ནུས་ཇི་ཙམ་ཀྱིས་མང་ན་བཟོ་བསྐྲུན་ཀྱི་ལས་ཀ་དེ་ཙམ་ཀྱིས་རྙོག་འཛིང་ཆེ་བ་ཡོད་པས་དེ་མི་སུས་ཀྱང་སྒྲུབ་ཐུབ་པའི་ལས་ཞིག་མིན་ནོ།།

2 PDF

PDFརྣམ་པའི་གློག་རྡུལ་དཔེ་དེབ་ནི་བཟོ་སྐྲུན་གྱི་གོ་རིམ་ཅུང་སྟབས་བདེ་བའི་གྲས་ཤིག་ཡིན་ཁར་དུས་རྒྱུན་འཚོ་བའི་ཁྲོད་བེད་སྤྱོད་མང་བ་དང་དྲ་ཐོག་དུ་ཁྱབ་རྒྱ་ཆེ་བའི་གློག་རྡུལ་དཔེ་དེབ་ཀྱི་རྣམ་པ་ཞིག་ཡིན། དེང་གི་དུས་ལ་གློག་རྡུལ་དཔེ་དེབ་ནི་ང་ཚོའི་འཚོ་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་འདིར་དེའི་སྐོར་གྱི་ཤེས་བྱ་ཉུང་ཙམ་ཞིག་ངོ་སྤྲོད་བྱ།

3 doPDF

PDFརྣམ་པའི་ཡིག་ཆ་སྤྱིར་གློག་ཀླད་ལ་བརྒྱུད་མངའ་ཡོད་པའི་གྲོགས་པོ་ཕལ་ཆེ་བས་གཟིགས་མྱོང་ཡོད། ཡིན་ཡང་དེ་ཉིད་བཟོ་སྐྲུན་གྱི་ལག་ལེན་བྱེད་མྱོང་བ་ཅུང་དཀོན། དོན་དངོས་ཐོགPDFཡིག་ཆ་ནིWord Doc RTF TXT Excel XLS PowerPoint PPTསོགས་ཀྱི་ཡིག་ཆ་རྣམས་ཆེད་སྤྱོད་ཀྱི་རྣམ་པ་ཕབ་འགྱུར་མཉེན་ཆས(格式转换器 )ལ་བརྟེན་ནས་ནསPDFརྣམ་པར་ཕབ་འགྱུར་བྱས་པ་ཞིག་ཡིན་ནོ།། PDFཕབ་འགྱུར་ཀྱི་མཉེན་ཆས་སྣ་ཚོགས་ཡོད་པ་ལས་འདིར“doPDFརྣམ་པ་འགྱུར་ཆས”ཀྱི་བེད་སྤྱོད་མདོར་བསྡུས་བཤད་པར་བྱའོ།།

གོ་རིམ་ནི་གཤམ་གསལ་ལྟར། 

1.ཐོག་མར་ཁྱོད་ཀྱི་རྩིས་འཁོར་ནངdoPDFམཉེན་ཆས་ཕབ་ལེན་དང་སྒྲིག་འཇུག་བྱེད་དགོས།

ཕབ་ལེན་དྲ་གནས།http://www.onlinedown.net/softdown/55591_2.htm

དེ་མིན་ཐད་ཀར་དྲ་ཐོག་ནསdoPDFཞེས་བཤེར་འཚོལ་བྱས་ཏེ་ཕབ་ལེན་བྱས་ཀྱང་ཆོག

སྒྲིག་འཇུག་གི་གོ་རིམ་འདིར་རྒྱས་བཤད་མི་བྱ་བས་སྤྱོད་པ་པོ་རང་ཉིད་ནས་ལག་ལེན་ཡོད་པ་མཁྱེན།

2.ཕབ་ལེན་གྱི་གོ་རིམ་ཤིན་ཏུ་སླ་སྟེ་གཤམ་གསལ་རི་མོ་ལྟར་མཉེན་ཆས་ཁ་ཕྱེ་བ།

1.jpg.jpg

3.གཤམ་གྱི་རི་མོ་ལྟར་ཆིག་རྡེབ་བྱོས།

2.jpg.jpg

4.ཡིག་ཆ་གདམ་སའི་སྒེ་ཁུང་ཁ་ཕྱེ་སྲིད་པས་འདི་ནས་ཁྱེད་ཀྱི་ཡིག་ཆ་འདེམས་རོགས།

3.jpg.jpg

5.“create”ཐོག་ཆིག་རྡེབ་བྱོས།

4.jpg.jpg

6.གཤམ་གྱི་རི་མོ་ལྟར་ཆིག་རྡེབ་བྱོས། དེ་རྗེས་གལ་ཏེ་ཁྱོད་ཀྱི་ཡིག་ཆའི་བོངས་ཚད་ཆེན་པོ་ཡོད་པའམ་ཡང་ན་གློག་ཀླད་ཀྱི་འཚོར་ཤེས་འགོར་པོ་ཡོད་ཚེ་དུས་ཚོད་ཅུང་ཟད་འགོར་ངེས་ཡིན།

5.jpg.jpg

7.མཐའ་མཇུག་ཏུ་གཤམ་གསལ་གྱི་རི་མོ་ལྟར་ཁྱོད་ཀྱི་ཡིག་ཆpdfརྣམ་པའི་ཐོག་ནས་འཆར་ངེས་ཡིན་པས་ལས་འགན་ཡོངས་སུ་འགྲུབ་བོ།།

6.jpg.jpgསྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-14

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།