mp4(ཡིག་ཆའི་རྣམ་གཞག)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

mp4(ཡིག་ཆའི་རྣམ་གཞག)
mp4ནི་སྒྲ་ཟློས་དང་བརྙན་ཟློས་ཆ་འཕྲིན་ལ་སྤྱོད་པའི་ཆ་ཚང་བའི་གནོན་སྐྱུང་ཨང་སྒྲིག་ཚད་གཞི་ཞིག་སྟེ། རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས(ISO)དང་རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཚོགས(IEC)ཁོངས་གཏོགས་ཀྱི“འགུལ་རྣམ་བརྙན་རིས་ཆེད་མཁས་ཚོགས་པ”(Moving Picture Experts Groupསྟེ། MPEG)ཡིས་གཏན་འབེབས་བྱས་ཤིང་། པར་གཞི་དང་པོ་སྤྱི་ལོ1998ལོའི་ཟླ10པར་ཐོབ་པ་དང་པར་གཞི་གཉིས་པ་སྤྱི་ལོ1999ལོའི་ཟླ12པར་ཐོབ་པ་རེད། MPEG-4ནང་དུMPEG-1དངMPEG-2འདུས་པའི་བྱེད་ལས་མང་ཆེ་ཤོས་དང་དེ་བཞིན་རྣམ་གཞག་གཞན་གྱི་དགེ་མཚན་ལྡན་པ་དང་། དེ་མ་ཟད་ནང་ཞུགས་དང་རྒྱ་བསྐྱེད་ཀྱིས་རྟོག་བཟོས་དཔེ་དབྱིབས་སྐད་བརྡ་མངོན་འགྱུར་ལ་རམ་འདེགས་བྱེད་པ་དང་། བྱ་ཡུལ་ལ་ཁ་ཕྱོགས་པའི་ཡིག་ཚགས་འདྲེས་སྦྱོར་བྱེད་པ་དང་དེ་བཞིན་གྲངས་འཛིན་པར་དབང་དོ་དམ། དེ་མིན་ཕན་ཚུན་མཉམ་འགུལ་བྱེད་ལས་བཅས་ལྡན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
动态图像专家组
ཕྱི་ཡིག་གི་མིང་།
Moving Picture Experts Group 4
སྤྱོད་ཡུལ།
སྐད་གདངས་སྐྱེལ་བ་དང་བརྙན་འཕྲིན་རྒྱང་བསྒྲགས་སོགས།
གཏན་འཁེལ་ཚད་གཞི།
ISO IEC
1 ཁྱད་ཆོས།

1.བྱ་ཡུལ་མི་མཐུན་པར་ཨང་སྒྲིག་རྩི་ཐབས་མི་འདྲ་བ་སྤྱོད་ཅིང་། དེ་བས་རིམ་བཞིན་གནོན་སྐྱུང་ལས་ཕྱོད་མཐོར་འདེགས་བྱེད་པ་རེད།

2.བྱ་ཡུལ་སོ་སོ་བལྟོས་བཅས་ཀྱིས་རང་ཚུགས་ཡིན་པས། སྨྱན་མང་གཟུགས་ཀྱི་བསྐྱར་བཀོལ་རང་བཞིན་ཇེ་མཐོར་བཏང་ཡོད།

3.སྤྱོད་མཁན་གྱིས་བྱ་ཡུལ་ཁེར་རྐྱང་བཀོལ་སྤྱོད་བྱེད་ཆོག་པས། སྔར་བྱུང་མ་མྱོང་བའི་སྤེལ་རེས་རང་བཞིན་འདོན་སྤྲོད་བྱས་ཡོད།

4.བྱ་ཡུལ་མི་མཐུན་པའི་བར་སྐབས་བསྟུན་གྱིས་ཨང་ཕྱོད་བགོ་བཤའ་བྱེད་ཆོག་པ་དང་། བྱ་ཡུལ་གལ་ཆེན་ལ་ཡིག་ཚིགས་ཅུང་མང་པོ་བགོ་བཤའ་བྱེད་པ་དང་བྱ་ཡུལ་ཕལ་བར་ཡིག་ཚིགས་ཅུང་ཉུང་ཙམ་བགོ་བཤའ་བྱེད་པ་རེད། དེ་བས་ཨང་ཕྱོད་དམའ་བའི་འོག་ཏུ་ཅུང་ལེགས་པའི་ཕན་འབྲས་ཐོབ་ཐུབ་པ་ཡིན།

5.སྟབས་བདེ་སྒོས་རང་བྱུང་སྒྲ་བརྙན་ཟློས་བྱ་ཡུལ་དང་འདྲེས་སྦྱོར་སྒྲ་བརྙན་ཟློས་བྱ་ཡུལ་འདུས་གྲུབ་བྱེད་ཆོག

2 ཉེར་སྤྱོད།

MPEG-4ནི་སྒོ་འབྱེད་ཀྱི་ལས་སྟེགས་ཤིག་དང་ཀུང་སི་སོ་སོ་དང་། སྡེ་ཁག་གིསMPEG-4ཚད་གཞིར་གཞིགས་ནས་རྣམ་གཞག་མི་འདྲ་བ་གསར་སྤེལ་བྱེད་ཆོག དེའི་ཕྱིར། ཁྲོམ་རའི་ནང་དུMPEG-4ལག་རྩལ་ལ་གཞི་བཅོལ་བའི་བརྙན་རིས་རྣམ་གཞག་མང་པོ་བྱུང་ཞིང་། དཔེར་ན། WMV 9དངQuick Timeདང་། DivXདངXvidསོགས་ལྟ་བུའོ།། MPEG-4ཡི་བྱེད་ལས་མང་ཆེ་ཤོས་ཤིག་གསར་སྤེལ་བྱེད་མཁན་གྱིས་བེད་སྤྱོད་ཐག་གཅོད་ཡིན་མིན་ལ་བལྟ་དགོས། འདི་ལས་མཚོན་པ་ནི་རྣམ་གཞག་ཡོངས་ཀྱི་བྱེད་ལས་བྱ་རིམ་ཞིག་གིས་མཚོན་ཐུབ་པའི་ངེས་པ་མེད་པ་རེད། དེ་བས། རྣམ་གཞག་འདི་ལ་བཀོད་སྒྲིག་དང་རིམ་པ་ལྡན་ཞིང་། MPEG-4ལས་སྟེགས་མི་མཐུན་པར་བེད་སྤྱོད་བྱེད་སྐབས་ཀྱི་བྱེད་ལས་འདུས་འགྲུབ་ལ་མཚན་ཉིད་བཞག་ཡོད་པ་རེད།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།