ཁ་པར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཁ་པར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ལག་རྩལ། )

ཁ་པར།
ཁ་པར་ནི་དབྱིན་སྐད་དུTelephoneཟེར་ཞིང་། ཞི་ལའི་སྐད་ལས་བྱུང་པ་དང་། རྒྱང་རིང་གི་སྐད་སྒྲ་ཞེས་པའི་དོན་ཡིན་ཞིང་། དེ་ནི་སྐད་སྒྲ་བརྒྱུད་སྐྱེལ་དང་བསྡུ་ལེན་བྱེད་པའི་རྒྱང་རིང་འཕྲིན་གཏོང་སྒྲིག་ཆས་ཤིག་ཡིན། སྔོན་གྱི་དུས་རབས་བཅོ་བརྒྱད་པའི་སྐབས་སུ་ཡོ་རོབ་གླིང་ལ“ཁ་པར”ཞེས་པའི་ཐ་སྙད་འདི་བྱུང་ཞིང་། སྐུད་ཕྲེང་ལས་གྲུབ་པའི་སྐད་སྦུག་ལ་སྤྱོད་བཞིན་ཡོད་པ་རེད། ཁ་པར་བྱུང་བ་དེ་ཡཱ་ལི་ཧྲན་ཏཱ•ཀུ་ལཱ་ཧན་མུའུ•པེ་ཨེར་ལ་རག་ལས་ཡོད་པ་དང་། ཐོག་མའི་ཁ་པར་གྱི་རྩ་བའི་རིགས་པ་སྐད་ཆའི་སྒྲ་དེ་མཁའ་དབུགས་ཁྲོད་ཀྱི་མཉམ་འདུས་འདར་འགུལ་བྱས་པ་བརྒྱུད། སྲ་གཟུགས་སྟེང་བརྒྱུད་གཏོང་བྱས་པ་དང་། གློག་རྩ་འཕར་བ་ལས་གློག་འདྲེན་ལྕགས་རིགས་སྟེང་དུ་བརྒྱུད་སྤྲོད་བྱས་པ་རེད། པེ་ཨེར་གྱིས1876ལོའི་ཟླ3པར་ཁ་པར་གྱི་ཆེད་ཁེའི་དབང་ཆ་སྙན་ཞུ་བྱས་པ་རེད། ཨ་རིའི་རྒྱལ་ཚོགས་ཀྱིས2002ལོའི་ཟླ6པའི་ཚེས15ཉིན་གྱི་གྲོས་ཆོད་ཨང269པའི་སྟེང་ཨན་ཏུང་ཉི་ཨའོ•མུའུ་ཆི་ཁ་པར་གསར་གཏོད་མཁན་ཡིན་པ་གཏན་འཁེལ་བྱས་པ་དང་། མུའུ་ཆི་ཡིས1860ལོར་ཐེངས་དང་པོར་སྤྱི་དམངས་ལ་ཁོང་གི་གསར་གཏོད་འགྲེམས་སྟོན་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་གསར་གཏོད་རྣམ་གྲངས་འདིའི་ངོ་སྤྲོད་ཉིག་ཡོའི་དབྱི་ཐ་ལིའི་ཚགས་པར་སྟེང་དུ་སྤེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电话
ཕྱི་ཡིག་གི་མིང་།
telephone
གསར་གཏོད་པ།
ཨན་ཏུང་ཉི་ཨའོ•མུའུ་ཆི།
རིགས་དབྱེ།
གཏན་འཇགས་ཁ་པར་དང་སྤོ་སྒུལ་ཁ་པར་རིགས་གཉིས་ཡོད།
1 གོ་དོན།

གློག་གི་འཕྲིན་བརྡ་ལ་བརྟེན་ནས་ཕན་ཚུན་སྐད་ཆ་བཤད་སྤྱད་ཀྱི་སྒྲིག་ཆས་ཤིག་གི་མིང་།

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  གློག་སྐད་ཀྱི་མིང་གཞན།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  གློག་ཤུགས་དང་གློག་འཕྲིན་རྒྱུད་ཁོངས་ལ་བརྟེན་ནས་ཕན་ཚུན་སྐད་ཆ་བཤད་རུང་བའི་འཕྲུལ་ཆས་ཞིག ཁ་པར་དང་། ལག་ཁྱེར་ཁ་པར།  གཟུགས་མཐོང་ཁ་པར་བཅས་ཡོད།  དབྱིན་སྐད་དུphone ཟེར།

3 གཞི་རྩའི་གྲུབ་ཚུལ།

ཁ་པར་ནི་གློག་གི་བརྡ་རྟགས་ལ་བརྟེན་ནས་ཕྱོགས་གཉིས་སུ་སྐད་ཆ་བརྒྱུད་གཏོང་བྱེད་པའི་མཐའ་སྣེའི་སྒྲིག་ཆས་ཡིན།

ལོ་རྒྱུས་སྟེང་དུ་ཁ་པར་ལ་ལེགས་བཅོས་དང་གསར་གཏོད་བྱས་པའི་ནང་དུ། ཐན་ཕྱེ་སྐད་སྦུག ཁ་པར་མི་བཟོས་བརྗེ་རེས་པང་ལེབ། ཨང་འབོད་གཞོང་། རང་འགུལ་ཁ་པར་སྒྱུར་ཆས། བྱ་རིམ་ཚོད་འཛིན་ཁ་པར་སྒྱུར་ཆས། སྐད་གཉིས་ཟློས་མང་ཨང་འབོད། སྐད་གདངས་ཨང་ཀིའི་དཔེ་དབྱིབས་བསྡུ་བ་སོགས་ཡོད། ལག་རྩལ་གསར་བ་ལ། ISDN DSLདང་ལད་ཟློས་སྤོ་སྒུལ་ཁ་པར་དང་ཨང་ཀིའི་སྤོ་སྒུལ་ཁ་པར་སོགས་ཡོད།

4 གཞི་རྩའི་མཐེབ་གནོན།

ཁ་པར་གྱི་གློག་ཁུངས་སྐུད་པ། ཁ་པར་སྐུད་པ། སྡུད་སྐུད་གློག་སྒོ། སྐད་བསྡུ་ཆས། སྒྲ་སྐྱེད་གཅུས་སྒོ། གཏམ་སྐྱེལ་ཆས། རང་སའི་ཁ་པར་ཨང་གྲངས་ལྷེབ། དྲིལ་སྒྲ་དང་དུང་སྒྲ། དྲན་ཤེས་ཚབ་ཨང་མཐེབ། དྲན་ཤེས་ཨང་གྲངས་ལྷེབ། ཨང་ཀིའི་མཐེབ་གནོན། དྲན་ཤེས་ཕྱིར་འདོན་མཐེབ། དྲན་ཤེས་གསོག་འཇོག་མཐེབ། ཨང་འབོད་བསྐྱར་མཐེབ། ལས་ཀའི་བརྡ་སྒྲོན། རྒྱང་ཉན་མཐེབ། Rམཐེབ། རྒྱང་ཉན་གཏམ་སྐྱེལ་ཆས། དྲིལ་སྒྲའི་སྙོམས་སྒྲིག་གློག་སྒོ། P/Tགློག་སྒོ། རྒྱང་ཉན་བསྡུ་ལེན་སྒྲ་ཚད་སྙོམས་སྒྲིག་གཅུས་སྒོ།

5 ལས་ཀའི་རྩ་བའི་རིགས་པ།

ཁ་པར་འཕྲིན་གཏོང་ནི་སྒྲ་ནུས་དང་གློག་ནུས་ཕན་ཚུན་བརྗེ་སྒྱུར་བརྒྱུད་པ་མ་ཟད། གློག་གི་བར་རྫས་འདི་བེད་སྤྱོད་བྱས་ཏེ་སྐད་ཆ་བརྒྱུད་གཏོང་བྱེད་པའི་འཕྲིན་གཏོང་ལག་རྩལ་ཞིག་ཡིན། སྤྱོད་མཁན་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་གཏོང་བྱེད་དགོས་པ་དང་། ཆེས་སྟབས་བདེ་བའི་རྣམ་པ་ནི་ཁ་པར་གཉིས་ཀ་གློག་སྐུད་གཅིག་གིས་སྦྲེལ་མཐུད་བྱེད་པ་དེ་ཡིན།

1.ཁ་པར་གཏོང་མཁན་གྱིས་ཁ་པར་བཟུང་ནས་གཏམ་སྐྱེལ་ཆས་ལ་སྐད་ཆ་བཤད་སྐབས། གྲེ་བའི་འདར་འགུལ་གྱིས་མཁའ་རླུང་ལ་འདར་འགུལ་ཐེབས་ཏེ། སྒྲ་རླབས་འབྱུང་བ་ཡིན།

2.སྒྲ་རླབས་ཀྱིས་གཏམ་སྐྱེལ་ཆས་ནུས་པ་བྱུང་པར་བརྟེན། གློག་རྒྱུན་བྱུང་པ་དང་དེར་སྐད་གདངས་གློག་རྒྱུན་ཟེར།

3.སྐད་གདངས་གློག་རྒྱུན་སྐུད་ལམ་བརྒྱུད་དེ་ཕ་རོལ་པོའི་ཁ་པར་གྱི་སྐད་བསྡུ་ཆས་ནང་བརྒྱུད་སྐྱེལ་བྱེད་པ་རེད།

4.སྐད་བསྡུ་ཆས་ཀྱི་བྱེད་ནུས་ནི་གཏམ་སྐྱེལ་ཆས་དང་ཏག་ཏག་ལྡོག་ཟླ་ཡིན་ལ། གློག་རྒྱུན་དེ་སྒྲ་རླབས་སུ་བསྒྱུར་ཏེ། མཁའ་དབུགས་བརྒྱུད་ནས་མིའི་སྣ་རུ་སྐྱེལ་བར་བྱེད་པ་ཡིན།

5.འདིར་ལྟར། ཆེས་སྟབས་བདེ་བའི་འཕྲིན་གཏོང་གོ་རིམ་ཞིག་ལེགས་འགྲུབ་བྱུང་སོང་བ་རེད།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-19

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།