གྲངས་འཛིན་ཁྱིམ་ཚང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲངས་འཛིན་ཁྱིམ་ཚང་།
གྲངས་འཛིན་ཁྱིམ་ཚང་ནི་རྩིས་འཁོར་དང་དྲ་རྒྱའི་ལག་རྩལ་རྨང་གཞི་རུ་བྱས་ཏེ་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ཕན་ཚུན་སྦྲེལ་མཐུད་ཀྱིས་འཕྲིན་སྤེལ་དང་གཞི་གྲངས་བརྗེ་སྤོར་བྱས་ཏེ། ཁྱིམ་སྤྱོད་གློག་ཆས་བར་དུ་ཕན་ཚུན་སྦྲེལ་མཐུད་མངོན་འགྱུར་སྒོས་ཁྱིམ་ཚང་གི་སྒོར་མ་སོང་བར་ཆ་འཕྲིན་སྣ་ཚོགས་བསྡུ་ལེན་བྱེད་ཐུབ་པས། མིའི་རིགས་ཀྱི་འཚོ་སྡོད་ཀྱི་སྤྲོ་སྐྱིད་དང་རོལ་རྩེད་རང་བཞིན་མཐོར་འདེགས་སུ་བཏང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数字家庭
ཕྱི་ཡིག་གི་མིང་།
home network
རྨང་གཞི།
རྩིས་འཁོར་དང་དྲ་རྒྱའི་ལག་རྩལ།
རིགས་དབྱེ།
ཁྱིམ་ཚང་ཆ་འཕྲིན་ཅན་གྱི་སྟེགས་བུ།
1 ངོ་སྤྲོད། 

གྲངས་འཛིན་ཁྱིམ་ཚང་ནི་རྩིས་འཁོར་དང་དྲ་རྒྱའི་ལག་རྩལ་རྨང་གཞི་རུ་བྱས་ཏེ་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ཕན་ཚུན་སྦྲེལ་མཐུད་ཀྱིས་འཕྲིན་སྤེལ་དང་གཞི་གྲངས་བརྗེ་སྤོར་བྱས་ཏེ། ཁྱིམ་སྤྱོད་གློག་ཆས་བར་དུ་ཕན་ཚུན་སྦྲེལ་མཐུད་མངོན་འགྱུར་སྒོས་ཁྱིམ་ཚང་གི་སྒོར་མ་སོང་བར་ཆ་འཕྲིན་སྣ་ཚོགས་བསྡུ་ལེན་བྱེད་ཐུབ་པས། མིའི་རིགས་ཀྱི་འཚོ་སྡོད་ཀྱི་སྤྲོ་སྐྱིད་དང་རོལ་རྩེད་རང་བཞིན་མཐོར་འདེགས་སུ་བཏང་བ་ཞིག་ཡིན།

ཁྱིམ་ཚང་དྲ་རྒྱ་ལ་དབྱིན་སྐད་དུhome networkཞེས་འབོད་ཅིང་། དེ་ནི་ཁྱིམ་ཚང་གིས་དྲ་རྒྱ་ལ་ཚོད་འཛིན་བྱེད་པ་དང་སྨྱན་མང་གཟུགས་ཆ་འཕྲིན་གཉིས་ཕྱོགས་གཅིག་ཏུ་འདྲེས་པའི་ཁྱིམ་ཚང་ཆ་འཕྲིན་ཅན་གྱི་སྟེགས་བུ་ཞིག་སྟེ། ཁྱིམ་ཚང་གི་ཁྱབ་ཁོངས་སུ་ཆ་འཕྲིན་སྒྲིག་ཆས་དང་། འཕྲིན་གཏོང་སྒྲིག་ཆས། རོལ་རྩེད་སྒྲིག་ཆས། ཁྱིམ་སྤྱོད་གློག་ཆས། རང་འགུལ་ཅན་སྒྲིག་ཆས། གློག་སྒྲོན་སྒྲིག་ཆས། བདེ་སྲུང་སྒྲིག་ཆས་དང་དེ་མིན་ཆུ་ཁོལ་སྒྲིག་ཆས་སོགས་ཕན་ཚུན་སྦྲེལ་བ་དང་དོ་དམ་བྱེད་པ། དེ་མིན་གཞི་གྲངས་དང་སྨྱན་མང་གཟུགས་སྤྱད་དེ་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་མ་ལག་ཅིག་ཡིན། ཁྱིམ་ཚང་གི་དྲ་རྒྱའི་མ་ལག་གིས་རིག་ནུས་ཅན་གྱི་ཁྱིམ་ཚང་གི་སྒྲིག་ཆས་མ་ལག་གྲུབ་ཅིང་། ཁྱིམ་ཚང་གི་འཚོ་བ་དང་། སློབ་སྦྱོང་། རོལ་རྩེད་བཅས་ཀྱི་སྤུས་ཚད་མཐོར་འདེགས་བྱས་ཤིང་། དེ་ནི་གྲངས་འཛིན་ཁྱིམ་ཚང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཏུ་གྱུར་ཡོད།

གྲངས་འཛིན་ཁྱིམ་ཚང་ལ་བྱེད་ནུས་བཞི་ཡོད་དེ། ཆ་འཕྲིན་དང་། འཕྲིན་གཏོང་། རོལ་རྩེད། འཚོ་བ། བཅས་ཕྱོགས་བཞི་རུ་གོ་ཆོད་ཀྱིན་ཡོད། རྩིས་འཁོར་དང་། བརྙན་འཕྲིན། ཁ་པར་བཅས་འཆར་ངོས་གཅིག་ཏུ་སྦྲེལ་ཡོད་པས། འཆར་ངོས་རིགས་གསུམ་གྱི་འཆར་བྱ་གང་ལེགས་ཀྱིས་མཉམ་སྤྱོད་ཐུབ་པ་བྱུང་ཡོད། མཉམ་སྦྲེལ་དྲ་རྒྱའི་གཞི་གྲངས་ལྟེ་གནས(IDC)ནས་གྲངས་འཛིན་ཁྱིམ་ཚང་ནི་ཁྱིམ་ཚང་ནང་ཁུལ་དུ་སྒྲིག་ཆས་ཡོད་ཚད་ལ་ཚོད་འཛིན་གྱིས་ཕྱིར་ལན་རྙེད་ཐུབ་པ་ཞིག་ཡིན་པར་ངོས་འཛིན་གྱིན་ཡོད། སྒྲ་དང་། ཡི་གེ། པར་རིས་ཆ་འཕྲིན་བཅས་ཁྱིམ་སྤྱོད་སྒྲིག་ཆས་མི་འདྲ་བའི་སྟེང་ནས་མཉམ་སྤྱོད་བྱས་ཆོག་ལ། དུས་དང་གནས་ངེས་མེད་ཀྱིས་ཆ་འཕྲིན་མཉམ་སྤྱོད་དང་ཚོད་འཛིན་བྱས་ཆོག ཕན་ཚུན་སྦྲེལ་བའི་དྲ་རྒྱའི་བརྙན་འཕྲིན(IPTV)དང་། སྐུད་ལྡན་གྲངས་འཛིན་བརྙན་འཕྲིན། འཕྲིན་ལམ་སྒྱུར་སྒམ། གློག་ཀླད་རོལ་རྩེད་ལྟེ་གནས། དྲ་བའི་ཁ་པར། དྲ་བའི་ཁྱིམ་ཆས། ཆ་འཕྲིན་ཅན་གྱི་ཁྱིམ་སྤྱོད་གློག་ཆས་དང་དེ་མིན་རིག་ནུས་ཁྱིམ་སྡོད་སོགས་ཚང་མ་གྲངས་འཛིན་ཁྱིམ་ཚང་གི་མཚོན་ཚུལ་དུ་གྱུར་ཡོད།

1_1 དོན་སྤྱིའི་བྱུང་ཁུངས།

ས་ཆ་མ་གཅིག་ན་གྲངས་འཛིན་ཁྱིམ་ཚང་གི་མིང་གི་འབོད་སྟངས་ཀྱང་མི་འདྲ་བར་གནས།

ཨ་རི་རྒྱལ་ཁབ་ལ་མཚོན་ན་ཡང་གྲངས་འཛིན་ཁྱིམ་ཚང་དང་འབྲེལ་བའི་ཐོན་རྫས་མང་ཞིང་། HAIདང་། Crestron AMXལྟ་བུ་ནི་ཚབ་མཚོན་རང་བཞིན་གྱི་ཐོན་རྫས་ཡིན། རིག་ནུས་ཁྱིམ་སྡོད་ཀྱི་དོན་སྤྱི་བྱུང་སྔ་མོད། བྱེ་བྲག་གི་དཔེ་མཚོན་བཟོ་སྐྲུན་ཡུན་རིང་ཞིག་ལ་བྱུང་མེད་དེ། སྤྱི་ལོ1984ལོར་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཚན་རྩལ་ཀུང་སིས་བཟོ་སྐྲུན་སྒྲིག་ཆས་འཕྲིན་ཅན་དང་གཅིག་འདུས་ཅན་ཞེས་པ་ཨ་རིའི་ཁཱང་ནེ་ཏི་ཁོ་ཀྲོའུ་ཡི་ཧྭ་ཐེ་ཧྥོ་གྲོང་ཁྱེར་དུ་སྤྱད་པས། རིག་ནུས་ཅན་གྱི་བཟོ་སྐྲུན་ཐོག་མར་བྱུང་། རིག་ནུས་ཁྱིམ་སྡོད་ཅེས་པ་དང་ཧ་ལམ་འདྲ་བ་ལ་ཁྱིམ་ཚང་རང་འགུལ་ཅན་དང་། གློག་རྡུལ་ཁྱིམ་ཚང་། གྲངས་འཛིན་ཁྱིམ་གཞིས། ཁྱིམ་ཚང་དྲ་རྒྱ། དྲ་བའི་ཁྱིམ་སྡོད། རིག་ནུས་ཁྱིམ་ཚང་། རིག་ནུས་བཟོ་སྐྲུན་བཅས་ཡོད།

2 སྐུད་ལྡན་གྲངས་འཛིན་ཁྱིམ་ཚང་། 
2_1  གནས་ཚུལ་རགས་བསྡུས།

དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་དང་གྲངས་འཛིན་ཅན་ཟུང་འབྲེལ་བྱས་ཏེ། ཁྱིམ་རྒྱུད་དྲ་བས་དྲ་བར་ཞུགས་ཡོད་པའི་ཁྱིམ་ཚང་ཞེས་པའི་དོན་སྤྱི་བཏོན་ཞིང་། ཁྱིམ་རྒྱུད་ལྗོན་པ(དྲ་ཞུགས་ཁྱིམ་རབས)དང་འཚོ་བའི་ཉེར་སྤྱོད་སྣ་ཚོགས་ལ་བརྟེན་ནས་ཉེ་དུའི་འབྲེལ་བའི་ཚོམས་འཐུས་ཚང་དུ་གཏོང་བ་མ་ཟད། སྣ་མང་ཅན་གྱི་ཁྱིམ་ཚང་བར་གྱི་འབྲེལ་འདྲིས་དང་ཕྱོགས་ཡོངས་ཅན་གྱི་ཁྱིམ་ཚང་འཚོ་བའི་ཞབས་ཞུ་ཡང་མཁོ་འདོན་བྱེད།  དྲ་ཞུགས་ཁྱིམ་ཚང་ནི་སྔོན་ལ་མེད་པའི་ཁྱིམ་ཚང་གི་འཚོ་བ་རོལ་སྟངས་ཤིག་ཡིན་ལ། ཁྱིམ་ཚང་གི་ཁོངས་མི་དང་ཤ་ཉེ་རིང་། གྲོགས་བཟང་སའི་བར་དུ་ཁྱིམ་རྒྱུད་ལྗོན་པར་བརྟེན་ནས་གྲངས་འཛིན་བྱ་འགུལ་རབ་དང་རིམ་པ་སྤེལ་ཆོག་ལ། དེར་ཁྱིམ་རྒྱུད་ལྗོན་པ་འཛུགས་པ་དང་གསོ་སྐྱོང་བྱེད་པའི་གོ་རིམ་འདུས་ཤིང་། རང་གི་འབྱུང་རྩ་འཚོལ་བ་དང་། ཁྱིམ་ཚང་གི་གཏམ་རྒྱུད་འབྲི་བ། ཁྱིམ་ཚང་དྲན་གསོ་དེབ་ཆུང་སྒྲིག་བཟོ། དུས་ཚོད་འཁོར་མདའ་སྤྱད་དེ་ཁྱིམ་རྒྱུད་ལོ་རྒྱུས་བྲི་བ་སོགས་བྱས་ཆོག

2_2 ཞབས་ཞུའི་མ་ལག

ཁྱིམ་ཚང་དྲ་རྒྱའི་ཐོན་རྫས་གཙོ་བོར་གྱུར་བ་ནི་ཁྱིམ་རྒྱུད་མཚོན་པའི་ལྗོན་པ་དེ་ཡིན་ཞིང་། ཁྱིམ་ཚང་གི་ཁོངས་མི་རེ་རེ་གཙོ་བྱས་ཏེ། དེ་དག་གནས་པའི་ཁྱིམ་ཚང་གི་དྲ་རྒྱ་ཕྱིར་མངོན་པ་ནི་ལྗོན་པའི་ཡལ་ག་ཕྱོགས་བཞིར་བརྐྱངས་པ་དང་འདྲ། དེས་ཀྲུང་ཧྭ་མི་རིགས་ཀྱི་བུ་རབས་ནས་བུ་རབས་བྱས་ཏེ་བརྒྱུད་པའི་ཁྲག་རྒྱུད་ཀྱི་འབྲེལ་བ་མཚོན་ཞིང་། ཀྲུང་ཧྭའི་མི་བུ་རེ་རེའི་ཡབ་མེས་འཚོལ་བྱེད་ཀྱི་རྗེས་ཤུལ་ལྟ་བུ་ཡིན། ཁྱིམ་ཚང་དྲ་རྒྱར་ཞུགས་པའི་ཁྱིམ་ཚང་གི་ཁོངས་མི་རེ་རེས་ཁྱིམ་རྒྱུད་མཚོན་པའི་ལྗོན་པ་དེ་ལས་རང་རང་གི་གནས་ས་རྙེད་ཐུབ་ཅིང་། རང་དང་གཞན་གྱི་ཁྲག་རྒྱུད་ཀྱི་འབྲེལ་བ་གསལ་བོར་ཤེས་ཐུབ་པ་མ་ཟད། ཁྱིམ་རྒྱུད་མཚོན་པའི་ལྗོན་པར་བརྟེན་ཏེ་བཙུགས་པའི་ཡན་ལག་གིས་ཁྱིམ་མི་གཞན་པ་ཚོའི་བར་དུ་འབྲེལ་བ་དམ་ཟབ་ཡོང་བར་ཤུགས་སྣོན་གྱིན་ཡོད།

ཁྱིམ་རྒྱུད་ལྗོན་པ་དེ་ནི་དྲ་ཚིགས་ཡོངས་ཀྱི་ལྟེ་བ་དང་། དྲ་ཚིགས་དང་འབྲེལ་བའི་བྱ་འགུལ་གྲུབ་པའི་ལྟེ་བའི་ཚོགས་པར་གྱུར་ཡོད། ཁྱིམ་ཚང་འདྲ་པར་ཁུག་མ་དང་ཁྱིམ་ཚང་བརྙན་རིས་སོགས་ཀྱི་ཉེར་སྤྱོད་ནང་དོན་དང་ཁྱིམ་ཚང་གི་མི་ཕན་ཚུན་བར་ཐད་ཀར་འབྲེལ་བ་བྱུང་བཞིན་ཡོད། ཁྱིམ་རྒྱུད་མཚོན་པའི་ལྗོན་པའི་ཁོངས་མི་དག་ལ་ཐུན་མོང་གི་ཕྱིར་དྲན་མངའ་བས། ཁྱིམ་ཚང་གི་འདྲ་པར་ཁུག་མ་དང་ཉིན་ཐོ་ལ་ཁ་གསབ་དང་བཟོ་བཅོས་བྱེད་པའི་དབང་ཆ་ཡོད། ཁོངས་མི་མི་གཅིག་པའི་བར་གྱི་ཞིབ་བརྗོད་དང་ཟིན་འགོད་བྱས་པས་ཐུན་མོང་ལ་དབང་བའི་ཁྱིམ་ཚང་གི་ཕྱིར་དྲན་ཞིག་གྲུབ།

2_3 ཁྱིམ་ཚང་དང་ཞབས་ཞུ།

ཁྱིམ་ཚང་དྲ་བས་ཟུར་ཚད་དང་ཐབས་ལམ་སྣ་མང་གིས་ཁྱིམ་ཚང་ནང་ཁུལ་དུ་འབྲེལ་འདྲིས་བྱེད་པའི་སྟེགས་བུ་བསྐྲུན་པར་རམ་འདེགས་བྱེད་ཀྱིན་ཡོད་ཅིང་། ཁྱིམ་ཚང་གི་དྲ་བ་ཡོད་པའི་དབང་གིས་ཁྱིམ་ཚང་གི་ཁོངས་མི་རེ་རེའི་བར་ཐག་ཇེ་ཉེ་རུ་སོང་ཡོད་ལ། ཁྱིམ་ཚང་ལ་ངོས་འཛིན་ཚུལ་ཡང་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད། ཁྱིམ་ཚང་གི་དྲ་བ་བེད་སྤྱོད་པ་ནི་ཆེས་སྟབས་བདེ་བའི་ཐབས་ལམ་ཞིག་ལ་བརྟེན་ནས་མི་རབས་མི་འདྲ་བའི་བར་དུ་འདྲ་མཉམ་གྱིས་འབྲེལ་འདྲིས་ཐུབ་པ་བྱུང་ཞིང་། བདེ་སྐྱིད་དང་འཆམ་མཐུན་གྱི་ཁྱིམ་གཞིས་ཤིག་ཆགས་པར་ཡང་རམ་འདེགས་བྱེད་ཀྱིན་ཡོད།  མ་འོངས་པར་ཁྱིམ་རྒྱུད་དྲ་བས་ཕན་ཚུན་གྱི་བར་ཐག་ཅི་ཙམ་རིང་ཡང་ཁྱིམ་གཞིས་ནམ་ཡང་རང་དང་མཉམ་དུ་ཡོད་པ་མངོན་འགྱུར་བྱ་ངེས།

3 ལས་རིགས་ཀྱི་གནས་ཚུལ།

མཁོ་འདོན་གྱི་འབྲེལ་བ་ནི་ལས་རིགས་ཤིག་འཕེལ་རྒྱས་འགྲོ་མིན་གྱི་སྔོན་འགྲོ་ལྟ་བུ་ཡིན། མིག་སྔའི་གནས་ཚུལ་ལ་གཞིགས་ན། ཁྲོམ་རའི་དགོས་མཁོ་ཤིན་ཏུ་ཆེ་མོད། འདོན་སྤྲོད་ཕྱོགས་ཅུང་ཞན་པའི་ཚུལ་དུ་ཡོད། ལྷག་པར་ཤེས་བྱའི་བདག་དབང་མངའ་ཞིང་། ལག་རྩལ་གྱི་ཐད་ནས་ཀྱང་རྩེར་སོན་པའི་ཁེ་ལས་ཉུང་བའི་ཚད་དུ་གནས་ཤིང་། སྤུས་རྟགས་ཀྱི་བྱེད་ནུས་འདོན་ཐུབ་ཀྱིན་མེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-07

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།