སྲེག་ཕབ་འཕྲུལ་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲེག་ཕབ་འཕྲུལ་ཆས།
སྲེག་ཕབ་འཕྲུལ་ཆས་ལ་བྱ་རིམ་སྒྲིག་ཆས་ཟེར་ཞིང་། ཐའེ་ཝན་ཀྱི་གློག་འདྲེན་ཕྱེད་གཟུགས་ཐོན་ལས་འཕེལ་རྒྱས་སུ་སོང་བ་སྔ་བས། སྐམ་ས་ཆེན་མོ་རུ་སླེབས་དུས། སྤྱོད་མཁན་གྱིས་དེ་ལ་བྱ་རིམ་སྒྲིག་ཆས་ཟེར་བ་དང་། དེའི་རྒྱུ་མཚན་ནི་ད་ལྟའི་དབྱིན་ཇིའི་མིང་ནིPROGRAMMERཡིན་ལ། དབྱིན་ཇིའི་མིང་དེ་དང་སྤྱིར་བཏང་གི་རྩོམ་སྒྲིག་མཉེན་ཆས་འབྲི་སྲོལ་ཇུས་འགོད་པ་ནི་མིང་མཚུངས་ཡིན། དེ་བས་བྱ་རིམ་སྒྲིག་ཆས་ཞེས་བརྗོད་པ་རེད། སྲེག་ཕབ་འཕྲུལ་ཆས་ནི་དོན་དངོས་སུ་སྒྲིག་རུང་བྱ་རིམ་གྱི་འདུས་གྲུབ་གློག་ལམ་ལ་གཞི་གྲངས་འབྲི་བྱེད་ཀྱི་ཡོ་བྱད་ཅིག་ཡིན། དེ་གཙོ་བོ་རྐྱང་ལྷེབ་འཕྲུལ་ཆས་དང་གསོག་འཇོག་ཆས་རིགས་ཀྱི་ཉིང་ལྷེབ་ཀྱི་བྱ་རིམ་སྒྲིག་པར་སྤྱོད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང།
烧录器
ཕྱི་ཡིག་གི་མིང་།
programming device
གཞི་རྩའི་གཏོགས་གཤིས།
བྱ་རིམ་རྩོམ་སྒྲིག་ཡོ་བྱད།
བཀོལ་སྤྱོད་བྱ་ཡུལ།
རྐྱང་ལྷེབ་འཕྲུལ་ཆས་དང་གསོག་འཇོག་ཆས་སོགས་སུ་སྤྱོད་པ་ཡིན།
གཞི་རྩའི་རྩ་བའི་རིགས་པ།
སྒྲིག་རུང་བྱ་རིམ་གྱི་འདུས་གྲུབ་གློག་ལམ་ལ་གཞི་གྲངས་འབྲི་བ།
1 རིགས་དབྱེ།

སྲེག་ཕབ་འཕྲུལ་ཆས་བེད་སྤྱོད་ཀྱི་དགོས་མཁོ་ལྟར་དབྱེ་ཚེ། ཞིབ་འཇུག་གསར་སྤེལ་གྱི་བེད་སྤྱོད་དང་ཐོན་སྐྱེད་འབོར་ཆེན་གྱི་བེད་སྤྱོད་དེ་ཕལ་ཆེར་རིགས་ཆེན་པོ་གཉིས་ཡོད། བེད་སྤྱོད་ཀྱི་དམིགས་ཡུལ་མི་འདྲ་བའི་དབང་གིས་ཇུས་འགོད་ཀྱི་འདུ་ཤེས་དང་ཁྱད་གཤིས་མི་འདྲ་བ་བསྐྲུན་ཡོད།

1.ཞིབ་འཇུག་གསར་སྤེལ་གྱི་བེད་སྤྱོད།

སྒྲིག་གཅོད་ལྷུ་ལག་གི་རིགས་དབྱེ་དང་བྱེད་ནུས་ལ་གཞིགས་ནས། ཞིབ་འཇུག་གསར་སྤེལ་གྱི་བེད་སྤྱོད་ཡང་བསྐྱར་ཞིབ་དབྱེ་བྱས་ཏེ། རྐྱང་ནུས་ཅན་དང་ཀུན་ནུས་ཅན་ལ་དབྱེ་ཆོག

2.ཐོན་སྐྱེད་འབོར་ཆེན་གྱི་བེད་སྤྱོད།

རིགས་འདིའི་སྲེག་ཕབ་འཕྲུལ་ཆས་རྒྱུན་དུ་སྒྲིག་ཆས་ཐོན་སྐྱེད་ཀྱི་ཁྱབ་ཁོངས་སུ་གཏོགས། རིན་གོང་གཙོ་བོ་མིན་པར། ཕྱོད་བཟང་། གཏན་འཇགས། ཐོན་ནུས་དང་ཞབས་ཞུ་ནི་ཆེས་གལ་ཆེ་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན། ལྷུ་ལག་སྲེག་ཕབ་ཕྱོད་བཟང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་གསུམ་ནི། སྲེག་ཕབ་འཕྲུལ་ཆས་དངICཡི་བྱ་རིམ་ཚོད་བཟོ། བཀོལ་སྤྱོད་བྱེད་མཁན་བཅས་ཡིན།

2 སྔོན་འགྲོའི་ཞིབ་བཤེར།

ICདེSocketསྟེང་སྒྲིག་འཇུག་བྱེད་དུས། སྲེག་ཕབ་འཕྲུལ་ཆས་ཀྱིས་གོ་རིམ་དྲུག་གི་ར་སྤྲོད་བྱས་པ་བརྒྱུད་དེ། སྲེག་ཕབ་ཀྱི་གཏན་འཇགས་རང་བཞིན་ལ་ཁག་ཐེག་བྱ་དགོས།

གོམ་རིམ་དང་པོ། inertioncheck(ICསྒྲིག་འཇུག་ཚད་ལེན)

གོམ་རིམ་གཉིས་པ། checked ID(གནས་ཡུལ་ཞིབ་བཤེར)

གོམ་རིམ་གསུམ་པ། EraseifbalankcheckFail(ཉིང་ལྷེབ་ནང་གི་ནང་དོན་ལག་བསྟར་བྱས་ཏེ་བསུབ་པ)

གོམ་རིམ་བཞི་བ། programསྲེག་ཕབ།

གོམ་པ་ལྔ་བ། Venfyཞུ་དག་ཞིབ་བཤེར།

གོམ་པ་དྲུག་པ། checksumཐོག་མའི་སྲེག་ཕབ་ཡིག་ཆའི་ནང་གསོག་གི་ཆེ་ཆུང་དང་བསྡུར་ནས་སྲེག་ཕབ་གཏན་ཁེལ་བྱེད་པ།

མིས་བཟོས་འཐུས་ཤོར་མི་འབྱུང་བའི་ཕྱིར་དུ། བེད་སྤྱོད་བྱེད་མཁན་གྱིསICདེSocketསྟེང་སྒྲིག་འཇུག་བྱེད་དུས། སྲེག་ཕབ་འཕྲུལ་ཆས་ཀྱིསICཡིPinརེ་རེ་ཐུག་འཕྲད་ཞིབ་བཤེར་བྱེད་ཆོག་པ་དང་། ལྷུ་ལག་གི་ཁ་ཕྱོགས་དང་གནས་ནོར་བའམ་ཡང་ན། ICཡི་མཐུན་སྣེ་ཁ་གྲངས་ནོར་བ་བཟོ་བཅོས་བྱེད་ཆོག ཐུག་འཕྲད་ཞིབ་བཤེར་བྱས་པར་བརྟེན་ད་གཟོད་ལྷུ་ལག་གིID Codeངོས་འཛིན་དངICཚོང་རྟགས་དང་བཟོ་དབྱིབས་ནོར་མེད་པ་ངོས་འཛིན་བྱེད་དགོས།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-17

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།