གྲངས་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲངས་འཛིན་རྒྱུད་ཁོངས་སམ་ཡང་ན་ཨང་ཀིའི་རྒྱུད་ཁོངས་ནི་ཁ་ཐོར་རང་བཞིན་ཅན་གྱི0དང་ཡང་ན1གཅིག་གིས་ཆ་འཕྲིན་གྱི་ནང་འཇུག་དང་སྒྲིག་གཅོད། བརྒྱུད་གཏོང་། གསོག་ཉར་སོགས་སྒྲིག་གཅོད་བྱེད་པའི་རྒྱུད་ཁོངས་ཤིག་ཡིན། བལྟོས་བཅས་ཀྱི་གྲངས་འཛིན་མ་ཡིན་པའི་རྒྱུད་ཁོངས་ཀྱིས་རྒྱུན་མཐུད་རང་བཞིན་གྱི་གྲངས་ཐང་གིས་ཆ་འཕྲིན་མཚོན་གྱི་ཡོད་ལ། གྲངས་འཛིན་ཀྱི་མཚོན་ཐབས་རྣམ་པ་ནི་གྱེས་པའི་རང་བཞིན་ཅན་ཡིན་མོད། འོན་ཀྱང་། དེའི་མཚོན་པའི་ཆ་འཕྲིན་ནི་ཁ་ཐོར་དང་ཡང་ན་རྒྱུན་མཐུད་ཅན་ཡིན་ཆོག་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数码
ཕྱི་ཡིག་གི་མིང་།
digital
མིང་གཞན།
གྲངས་འཛིན་རྒྱུད་ཁོངས།
གྲངས་འཛིན་ལག་རྩལ།
Digital tech
1 རྒྱུད་ཁོངས།

གྲངས་འཛིན་ཐོན་རྫས་ཀྱི་མཚོན་ཐབས་རྒྱུན་དུ་རྩིས་འཁོར་ཚན་རིག་དང་གློག་རྡུལ་རིག་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་དངོས་ཡོད་འཇིག་རྟེན་གྱི་ཆ་འཕྲིན་ཏེ་གཉིས་གོང་འགྲིལ་ལུགས་གྲངས་ཀའི་རྣམ་པར་བརྗེ་བསྒྱུར་བྱེད་པ། དཔེར་ན། གྲངས་ཀའི་རྣམ་པའི་སྒྲ་ཟློས་དང་གྲངས་ཀའི་འདྲ་པར་ལྟ་བུ། གཞི་གྲངས་སྐྱེལ་འདྲེན་གྱི་བརྡ་རྟགས་ནི་གློག་རྡུལ་ལམ་ཡང་ན། འོད་རིག་པའི་གློག་རྒྱུན་འཕར་ཆག་ཡིན་ལ། འདར་རྒྱ་རེ་རེ་ཡིས་གཏན་ཚིགས1གམ་ཡང་ན་གཏན་ཚིགས0མཚོན་གྱི་ཡོད་པ་རེད།

2 ལག་རྩལ།

ངོ་སྤྲོད་མདོར་བསྡུས།

གྲངས་འཛིན་ལག་རྩལ་དེར་ཨང་ཀིའི་ལག་རྩལ་ཡང་ཟེར་ཞིང་། རྒྱུ་མཚན། དེའི་ནང་དོན་གཙོ་བོ་ནི་རབ་དང་རིམ་པའི་རྒྱུན་མཐུད་ཀྱི་ཆ་འཕྲིན་ཨང་ཀི་ཅན་ནམ་ཡང་ན་རྒྱུན་མཐུད་མ་ཡིན་པ་ཅན་དུ་བསྒྱུར་བ་དེ་རེད།

གློག་རྡུལ་ལག་རྩལ་ཁྲོད་དུ། བརྒྱུད་སྤྲོད་དང་ལས་སྣོན། སྒྲིག་གཅོད་བྱེད་པའི་བརྡ་རྟགས་ལ་རིགས་ཆེན་པོ་གཉིས་ཡོད་དེ། རིགས་གཅིག་ནི་ལད་ཟློས་བརྡ་རྟགས་ཡིན་ལ། དེའི་རིགས་ཀྱི་ཁྱད་ཆོས་ནི་དུས་ཚོད་དང་། ཡང་ན། བརྡ་རྟགས་ཀྱི་ཆེ་ཆུང་གི་སྟེང་སོགས་གང་དུའང་རྒྱུན་མཐུད་ཅན་ཡིན་པ་དང་། བརྒྱུད་སྤྲོད་དང་ལས་སྣོན། སྒྲིག་གཅོད་ལ་སྤྱོད་པའི་ལད་ཟློས་བརྡ་རྟགས་ཀྱི་ལག་རྩལ་དེར་ལད་ཟློས་ལག་རྩལ་ཟེར། བརྡ་རྟགས་གཞན་ཞིག་ནི་གྲངས་འཛིན་བརྡ་རྟགས་རེད། དེའི་ཁྱད་ཆོས་ནི་དུས་ཚོད་དང་ཡང་ན། ཆེ་ཆུང་གང་གི་ཐད་ནས་ཀྱང་ཁ་ཐོར་དང་ཡང་ན། རྒྱུན་མཐུད་མིན། བརྒྱུད་སྤྲོད་དང་ལས་སྣོན། གྲངས་འཛིན་བརྡ་རྟགས་ལག་རྩལ་སྒྲིག་གཅོད་བྱེད་པ་ལ་གྲངས་འཛིན་ལག་རྩལ་ཟེར།

ཁྱད་ཆོས།

ལད་ཟློས་ལག་རྩལ་དང་བསྡུར་ཚེ། གྲངས་འཛིན་ལག་རྩལ་ལ་གཤམ་གྱི་ཁྱད་ཆོས་འགའ་ལྡན་པ་རེད།

1.གྲངས་འཛིན་ལག་རྩལ་ཁྲོད་སྤྱིར་བཏང་དུ་གཉིས་གོང་འགྲིལ་ལུགས་བེད་སྤྱོད་གཏོང་གི་ཡོད་པ་དང་། དེའི་ཕྱིར་ལྷུ་ཆས་ལ་གཏན་འཇགས་རྣམ་པ་གཉིས་ལྡན་ཚེ་གཉིས་གོང་འགྲིལ་ལུགས་ཀྱིས་མཚོན་ཆོག་པ་རེད། 0 1 རྒྱུ་མཚན་ནི་དེའི་གཞི་རྩའི་སྡེ་ཚན་གྱི་གློག་ལམ་སྟབས་བདེ་ཡིན་ལ། གློག་ལམ་ཁྲོད་ཀྱི་ལྷུ་ཆས་སོ་སོའི་ཞིབ་ཚད་བླང་བྱ་དེ་འདྲའི་ནན་མོ་མིན་པ་དང་། ལྷུ་ཆས་ཞུགས་གྲངས་ལ་ཅུང་ཆེ་བའི་ཐར་ཐོར་གྱི་རང་བཞིན་ཡོད་ཆོག་པ་དང་། གཏན་ནས་མི་འདྲ་བའི་རྣམ་པ་གཉིས་སུ་དབྱེ་བས་ཆོག ཁྱད་ཆོས་འདི་ཡིས་གྲངས་ཀའི་གློག་ལམ་འདུས་གྲུབ་ཅན་མངོན་འགྱུར་ཡོང་བར་ཧ་ཅང་ཕན་པ་རེད།

2. འགོག་རྐྱེན་འགོག་པའི་ནུས་པ་ཆེ་བ་ཞིང་ཞིབ་ཚད་མཐོ་བ། གཞན། གཉིས་གོང་འགྲིལ་ལུགས་ཀྱི་གྲངས་གནས་འཕར་སྣོན་བྱས་ཏེ་ཞིབ་ཚད་མཐོ་རུ་གཏོང་ཆོག

3.གྲངས་འཛིན་བརྡ་རྟགས་ཀྱིས་ཡུན་རིང་གསོག་འཇོག་བྱེད་བདེ་བས། རྩ་ཆེ་བའི་ཆ་འཕྲིན་ཐོན་ཁུངས་འབོར་ཆེན་གསོག་འཇོག་བྱེད་ཐུབ།

4.གསང་རྒྱ་རང་བཞིན་བཟང་བ། གྲངས་འཛིན་ལག་རྩལ་ཁྲོད་དུ་གསང་སྡོམ་སྒྲིག་གཅོད་སྤྱད་ནས་རྩ་ཆེ་བའི་ཆ་འཕྲིན་ཐོན་ཁུངས་ཁ་ཤས་གཡོ་ལེན་བྱེད་མི་ཐུབ་པ་བཟོ་ཆོག

5.གཅིག་སྤྱོད་རང་བཞིན་ཆེ་བ། ཚད་ལྡན་ཅན་གྱི་གཏན་ཚིགས་ལྷུ་ལག་བེད་སྤྱད་ནས་རྣམ་པ་སྣ་ཚོགས་ཀྱི་གྲངས་འཛིན་རྒྱུད་ཁོངས་བཟོ་ཆོག



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-11

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།