རོ་མའི་གནའ་རབས་རིག་གནས་ཀྱི་མགོ་ཁུངས་ནི་དབྱི་ཐ་ལི་རེད། དབྱི་ཐ་ལི་ནི་ས་དབུས་རྒྱ་མཚོའི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། བྱང་ཕྱོགས་ནི་རི་བོ་ཨར་ཕེ་སི་དང་འདབས་འབྲེལ་ཞིང་། ཕྱོགས་གསུམ་རྒྱ་མཚོར་ཁ་གཏད་ནས་ཡོད། གནས་དེའི་མཁའ་དབུགས་དྲོད་འཇམ་དང་ལྡན་ལ། ཆར་ཆུ་དུས་ལྟར་འབབ། ས་གཤིན་ལེགས་ཤིང་། ཞིང་ལས་དང་ཕྱུགས་ལས་འཕེལ་རྒྱས་སུ་སྨན། སྔོན་གྱི་རྡོ་ཆས་དུས་སྐབས་ནས་བཟུང་སྟེ། དབྱི་ཐ་ལིའི་ཕྱེད་གླིང་དུ་མིའི་རིགས་འཚོ་སྡོད་བྱས་མྱོང་ཞིང་། སྤྱི་ལོའི་སྔོན་གྱི་ལོ་ངོ2000ནས་མགོ་ཚུགས་ཏེ། བྱང་ཤར་ཕྱོགས་ཀྱི་ཏོ་ནོ་གཙང་པོའི་འགྲམ་རྒྱུད་ནས་ཡེན་ཨིག་སྐད་རིགས་སྨྲ་བའི་ཚོག་ཁག་ཅིག་རི་བོ་ཨར་ཕེ་སི་བརྒྱུད་ནས་དབྱི་ཐ་ལི་ཕྱེད་གླིང་
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
རྗེ་ཀུན་དགའ་དོན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་རྟ(སྤྱི་ལོ1474ལོར)རྒྱུད་ཀྱི་བཤད་པ་བཙུགས་པ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་གྲགས་པ་འདི་ཉིད་ཆགས་པ་ཡིན། ཕྱག་འདེབས་པོ། རྗེ་ཀུན་དགའ་དོན་གྲུབ། ཕྱག་འདེབས་ལོ། སྤྱི་ལོ1474ལོ། ཕྱག་བཏབ་ཚུལ། རྗེ་ཀུན་དགའ་དོན་གྲུབ་ཀྱི་སྐུ་ཚེའི་སྨད་ཙམ་ལ་ལྷ་སའི་སྐྱིད་ཆུ་རྒྱས་ནས་ཆུ་ལོག་གི་ཉེན་ཁ་ཆེན་པོ་བྱུང་ནས་སྡེ་པ་སྐྱིད་ཤོད་པས་རྗེ་ཀུན་དགའ་དོན་གྲུབ་ཆུ་བཟློག་ཏུ་ཕེབས་དགོས་ཚུལ་ཞུས་པ་ལྟར་ཆུ་བཟློག་མཛད་པར་ཕན་ནུས་མངོན་གསལ་ཐོན་ཏེ་ལྷ་སའི་གྲོང་མི་ཁྲི་སྟོང་མང་པོ་སྲོག་གི་འཇིགས་པ་ལས་སྐྱབས་པའི་ལེགས་འབུལ་དུ་རྒྱུད་སྟོད་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
སྒར་པ་རི་ཁྲོད་དེ་ལྷ་སའི་ཤར་ཕྱོགས་རྔ་ཆེན་ལམ་གྱི་སྒར་པ་གྲོང་ཚོའི་རྒྱབ་རི་ཇོ་མོ་ཟེ་ཟེ་ཡི་གཤམ་དུ་གནས་ཡོད། རྒྱ་ཡིག་གི་མིང་། 噶尔巴日垂 ཆགས་ཡུལ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར ་ཇོ་མོ་ཟེ་ཟེ་ཡི་གཤམ། ཕྱག་འདེབས་པོ། ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། ཕྱག་འདེབས་ལོ། སྤྱི་ལོའི་དུས་རབས19དུས་མགོ་ཙམ། གྲུབ་མཐའ། དགེ་ལུགས་པ། དགོན་བདག གླིང་ཚང་བླ་བྲང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་དགའ་ལྡན་ཁྲི་ཐོག་དོན་ལྔ་པ་གླིང་སྤྲུལ་སྐུ་ཕྲེང་བཞི་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་མཆོག་གིས་ཐོག་མར་ཕྱག་བཏབ།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
འཕྲུལ་ཡིག་ཅེས་པ་ནི་བརྡ་ཡིག་དང་གཏེར་ཡིག་ལྟ་བུ་གསང་བར་སྤྱོད་པའི་ཡིག་གཟུགས་ཤིག་ལ་ཟེར། འཕྲུལ་ཞེས་པའི་གོ་དོན། འཕྲུལ་འདི་མཐོ་བོད་བཙན་པའི་རྒྱལ་རབས་སུ་བྱུང་བའི་སྐབས་དེའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ལ་གཞན་གྱི་དོ་ཟླ་བྲལ་བའི་ལེགས་སྐྱེས་དང་ཕན་ནུས་འདོན་ཐུབ་པའི་མིའི་རིག་གནས་ཀྱི་གཞི་འདུས་ཆེ་བའི་བྱ་དངོས་སོགས་གང་རུང་ལ་རང་རང་གི་བབ་དང་བསྟུན་ཏེ་དེའི་ཁྱད་བསྟོད་དུ་སྦྱར་བ་ཞིག་རེད་འདུག དཔེར་ན། འཕྲུལ་གྱི་ལྷ་བཙན་པོ་དང་འཕྲུལ་བློན་མཛངས་མི་བདུན།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
བོད་ཀྱི་གནའ་བོའི་དུས་རབས་མི་འདྲ་བའི་ནང་དུ་བྲིས་བཞེངས་གནང་བའི་ཡིག་ཚགས་དང་གསུང་རབ་ཀྱི་སྟེང་དུ་དུས་རབས་དེའི་ལག་རྩལ་གྱི་ཆུ་ཚད་དང་འབྲེལ་བའི་དམིགས་བསལ་གྱི་རྟགས་དང་དབྱིབས་གཟུགས་མི་འདྲ་བའི་ཐམ་གའི་ཁ་རིས་བཏབ་པའི་ཡིག་ཚགས་མི་ཉུང་བ་ཞིག་བོད་ཡིག་གནའ་དཔེ་ཡོངས་བཤེར་གྱི་སྐབས་སུ་མཇལ་ཐུབ་པ་བྱུང་གཤིས། དེར་བརྟེན་འདིར་ཡིག་ཚགས་དང་འབྲེལ་ཏེ་དམིགས་བསལ་རྟགས་སམ་རྟགས་ཐམ་གྱི་སྐོར་ལ་དཔྱད་པར་བྱའོ།། གནའ་དཔེའི་སྟེང་གི་རྟགས་ཐམ་གྱི་བྱུང་བ། བོད་ཀྱི་ཡིག་ཚགས་སྟེང་དུ་རྟགས་ཐམ་བཀོད་པའི་ལུགས་སྲོལ་དེ་སྤྱི་ལོའི་དུས་རབས་བརྒྱད་པ་ནས་བྱུང་ཡོད་པ་ཞིག་ཡིན་སྟེ། དཔེར་ན་ཏུང་ཧོང་ནས་ཐོན་པའི་ཡིག་རྙིང་སྟེང་དུ་ཕྱག་བཏབ་པ་དང་སུག་རྒྱས་བཏབ་ཅེས་པ་དང་ལྷག་དོན་དུ་ཏུན་ཧོང་གི་ཡིག་རྙིངpt1083རྒྱ་ཤ་བཅུ་པའི་བུ་མོ་འཕྲོག་མི་ཆོག་པའི་ཡིག་ཚགས་
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
བོད་ཀྱི་གནའ་དཔེ་དེ་ཡང་མི་རིགས་གཞན་གྱི་གནའ་དཔེ་དང་འདྲ་བར་འབྲི་རྫས་རིགས་མི་འདྲ་བ་བེད་སྤྱོད་གནང་ནས་བྲིས་པ་སྟེ་བོད་ཀྱི་དགོན་སྡེ་ཁག་དང་མི་སྒེར་གྱི་ཕྱག་ཏུ་ཉར་ཚགས་གནང་ཡོད་པ་མི་ཉུང་བ་ཞིག་ད་ལྟའང་མཇལ་རྒྱུ་འདུག་ལ། མི་དབང་སངས་རྒྱས་ཚོས་ཀྱང་གྲོ་ག་ཤིང་ཤུན་རས་དང་ཤོག་བུ་སོགས་དཀར་པོའམ་ཚོས་མ་ཞེས་པས་ཀྱང་གནའ་དཔེའི་འབྲི་རྫས་ཤིང་ཤུན་དང་རས། རྡོ་ལེབ་དང་ཅོང་། སེམས་ཅན་གྱི་རུས་པ་དང་པགས་པ་བཅས་ཡོད་པ་སོགས་སྒྲའི་ནང་དུ་བསྡུས། སེམས་ཅན་གྱི་པགས་རུས། སེམས་ཅན་གྱི་པགས་པ་དང་རུས་པའི་སྟེང་དུ་ཡི་གེ་འབྲི་བའི་སྲོལ་དེ་ནི་གདོད་མའི་དུས་ཀྱི་ཟིན་ཐོ་བཀོད་སྟངས་ཞིག་ཡིན།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
ཐེམ་བྱང་ཞེས་པ་ནི་སྤྱིར་ཡི་གེ་རང་གི་དག་ཆའི་ཐོག་ནས་འགྲེལ་ན། ཐེམ་ཞེས་པ་ནི་སྒོ་ཡི་ཐེམ་པ་དང་། བྱང་ཞེས་པ་ནི་དེ་དག་ལ་ཁ་ཡིག་བྲིས་ནས་བཞག་པ་ལ་ཐེམ་བྱང་ཟེར། དེས་ན་ཐོག་མར་ཐེམ་བྱང་ཞེས་པའི་ཚིག་འདི་དུས་ཚོད་ནམ་ཞིག་ལ་བྱུང་བའི་ཚིག་ཡིན་ནམ་ཞེ་ན། དེ་ནི་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བྱུང་བའི་ཚིག་ཅིག་ཡིན་ཞིང་། ཐེམ་བྱང་དང་ཐེམ་སྤངས་མ། ཐེང་དཔང་མ་སོགས་སྔོན་འབྲི་སྲོལ་ཁག་མི་འདྲ་བ་བྱུང་ཡོད། བྱུང་བ། དཀར་ཆག་ཇི་ལྟར་བསྒྲིགས་པའི་ཚུལ་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་གསུང་ལ་ཁུངས་བཅོལ་ཏེ་ཞུས་ན། བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་མུ་ནེ་བཙན་པོའམ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཆོས་ཀྱི་སྙིང་པོ་དང་། དེ་བེནྲེའ་རཀྴ་ཏ་དཔལ་གྱི་ལྷུན་པོ་སོགས་ཀྱིས་སྔོན་གྱི་ཆོས་རྒྱལ་ལོ་པཎ་
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
གླེགས་ཤིང་ནི་བོད་ཀྱི་གསུང་རབ་གླེགས་བམ་མམ་པོ་ཏིའི་རིགས་ལ་བསྒྲོན་པའི་ཕྱི་ཤུན་ནམ་དཔེ་ཆ་དཀྱིལ་དུ་བཞག་ནས་ཕྱོགས་གཉིས་ནས་སྡོམ་བྱེད་ཀྱི་ཤིང་ལེབ་སྟེ། གླེགས་ཤིང་དེས་གླེགས་བམ་དེའི་གཞུང་དངོས་ཀྱི་ཤོག་ལྡེབ་སྔ་ཕྱི་མི་འཁྲུག་པ་དང་རྡུལ་དྲེགས་འགོག་པ། ལྟེབས་སྙིགས་མི་ཡོང་བ། གླེགས་བམ་དེར་འབུ་སྲིན་དང་བརླན་གཤེར་སོགས་ཀྱི་གནོད་པ་འགོག་པ། ཀུན་དགའ་ར་བར་འཇོག་སྒྲིག་བདེ་བ་སོགས་ཀྱི་དགོས་པ་མང་པོ་ཡོད། བྱུང་བ། བོད་ཀྱི་གནའ་དཔེར་གླེགས་ཤིང་བསྒྲོན་རྒྱུ་དེ་དུས་རབས་ཅི་ཙམ་ཞིག་ལ་འགོ་ཚུགས་པ་ཡིན་ནམ་ཞེ་ན།དེ་ནི་དུས་རབས8-9པའི་སྔོན་ནས་ཡོད་པ་ཞིག་རེད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་དེ་དག་ནི་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་སྨྲ་བ་དག་གིས་དུས་རབས8-9བར་གྱི་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
དེ་ཡང་གསུང་རབ་ཀྱི་ལྡེབ་གྲངས་ཞེས་པ་ནི་བོད་སྐད་དཔེ་རྙིང་གི་ཤོག་ལྡེབ་རྒྱབ་མདུན་གཉིས་མཉམ་དུ་སྡེབ་ནས་ཤོག་ངོས་གཅིག་ཏུ་བརྩིས་པ་དེ་ལ་གསུང་རབ་ཀྱི་ལྡེབ་གྲངས་ཞེས་བརྗོད་པ་ཡིན། གསུང་རབ་ཀྱི་སྟེང་དུ་ལྡེབ་གྲངས་འབྲི་བའི་སྲོལ་དེ་ནི་དུས་ནམ་ཞིག་ལ་དར་བ་ཡིན་ནམ་ཞེ་ན། གསུང་རབ་ཀྱི་སྟེང་དུ་ལྡེབ་གྲངས་འགོད་པའི་སྲོལ་དེ་མ་བྱུང་བའི་ཡར་སྔོན་དུ་གསུང་རབ་ཀྱི་ལྡེབ་གྲངས་ཀྱི་བྱེད་ནུས་དེ་ཡང་གསུང་རབ་བྲིས་མའི་སྟེང་དུ་གསལ་བའི་སྒོར་ཐིག་གི་མིག་ཕུའི་ནང་དུ་བརྒྱུས་པའི་རྒྱུན་བུ་ དེས་བཟུང་ཡོད། བྱུང་བ། དེ་ཡང་གསུང་རབ་ཀྱི་ལྡེབ་གྲངས་ཞེས་པ་ནི་བོད་སྐད་དཔེ་རྙིང་གི་ཤོག་ལྡེབ་རྒྱབ་མདུན་གཉིས་མཉམ་དུ་སྡེབ་ནས་ཤོག་ངོས་གཅིག་ཏུ་བརྩིས་པ་དེ་ལ་གསུང་རབ་ཀྱི་ལྡེབ་གྲངས་ཞེས་བརྗོད་ཀྱི་ཡོད། གསུང་རབ་ཀྱི་སྟེང་དུ་ལྡེབ་གྲངས་འབྲི་བའི་སྲོལ་དེ་ནི་དུས་ནམ་ཞིག་ལ་དར་བ་ཡིན་ནམ་ཞེ་ན། གསུང་རབ་ཀྱི་སྟེང་དུ་ལྡེབ་གྲངས་འགོད་པའི་སྲོལ་དེ་མ་བྱུང་བའི་ཡར་སྔོན་དུ་གསུང་རབ་ཀྱི་ལྡེབ་གྲངས་ཀྱི་བྱེད་ནུས་དེ་ཡང་གསུང་རབ་བྲིས་མའི་སྟེང་དུ་གསལ་བའི་སྒོར་ཐིག་
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
བདག་ཅག་གི་སྟོན་པ་སྐུ་མྱ་ལས་འདས་ནས་ལོ་ངོ་དུ་མའི་རྗེས་སུ་རྒྱལ་ཚབ་དམ་པ་འོད་སྲུང་ཆེན་པོ་ལ་སོགས་པའི་དགྲ་བཅོམ་པ་མང་བོས་བཀའ་བསྡུ་རིམ་པར་མཛད་ཅིང་། ཁོང་གི་གསུང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་གླེགས་བམ་སོགས་སུ་ཕབ། དེ་ནས་རི་བོ་གངས་ཅན་པར་གྲགས་པའི་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་མཁྱེན་དཔྱོད་དང་མཐུ་སྟོབས་སོགས་ལྡན་པའི་ཆོས་རྒྱལ་ལོ་པཎ་རིམ་བྱོན་གྱིས་བོད་ཡིག་གསར་དུ་བཟོས་ཤིང་། འཕཊ་ཡུལ་སོགས་ན་བཞུགས་པའི་བཀའ་རྣམས་ཕྱོགས་གཅིག་ཏུ་བསྡུས།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
དམག་ར་ཞེས་པ་ནི་གནའ་བོའི་མཁར་ཤུལ་ཞིག་སྟེ། མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ4ཙམ་གྱིས་ཆོད་པའི་ཧོ་སྦྱོར་སྡེ་བའི་གོང་ཕྱོགས་སུ་ཡོད། རྒྱ་ཡིག་གི་མིང་། 玛禾热 ལ་ཏིང་གི་མིང་། dmag ra སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ། གནས་ཡུལ། འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་ཀྱི་ཧོ་སྦྱོར་སྡེ་བའི་གོང་ཕྱོགས་སུ་ཡོད། ངོ་སྤྲོད། དམག་ར་ཞེས་པ་ནི་གནའ་བོའི་མཁར་ཤུལ་ཞིག་སྟེ། མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ4ཙམ་གྱིས་ཆོད་པའི་ཧོ་སྦྱོར་སྡེ་བའི་གོང་ཕྱོགས་སུ་ཡོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
སྟག་རྫོང༌ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མངའ་ཁོངས་ཀྱི་མཁར་ཤུལ་ཞིག་སྟེ། རྐ་འབའ་སུམ་མདོ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ8ཀྱི་མཚམས་ཏེ། རྐ་རྒན་གྲམ་པའི་བྱང་རྒྱུད་དུ་ཡོད། རྒྱ་ཡིག་གི་མིང་། 德禾宗 ལ་ཏིང་གི་མིང་། stag rdzong སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ། རིང་ཚད། སྨི790 རྒྱ་ཁྱོན། སྨི་གྲུ་བཞི་མ5900 གནས་ཡུལ། རྐ་འབའ་སུམ་མདོ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་ཀྱི་རྐ་རྒན་གྲམ་པའི་བྱང་རྒྱུད་དུ་ཡོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
ཚེ་མགུ་མཁར་ཐོག་ཅེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་མངའ་ཁོངས་ཀྱི་མཁར་རྙིང་ཞིག་སྟེ། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ8ཙམ་གྱི་མཚམས་ན་ཡོད། དབྱིབས་ནི་གྲུ་བཞི་སྣ་རིང་ཡིན་ཞིང་ས་དམར་གྱིས་བརྡུངས་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 千户城 ལ་ཏིང་གི་མིང་། tshe mgu mkhar thog སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ། གནས་ཡུལ། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད། ངོ་སྤྲོད། ཚེ་མགུ་མཁར་ཐོག་ཅེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་མངའ་ཁོངས་ཀྱི་མཁར་རྙིང་ཞིག་སྟེ། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ8ཙམ་གྱི་མཚམས་ན་ཡོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
ཁེ་རབ་ཆགས་སྡིང་མཁར་ཤུལ་འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་མངའ་ཁོངས་ཏེ། ཁེ་རབ་གསེར་གཞོང་གི་དཀྱིལ་དབུས་ཁེ་རབ་ཆགས་སྡིང་ཞེས་པའི་གནས་དེར་ཡོད་ལ། ཁུ་རེ་ཆགས་ཐོག་དང་ཁུ་རེ་ཆགས་སྡིང་ཞེས་པའི་འབྲི་ཚུལ་གཞན་ཡང་ཡོད། མཚོ་ངོས་ལས་མཐོ་ཚད་སྨི3679.12ཡོད་པ་དང་། གནས་འདིར་མཁར་ཤུལ་རྙིང་བ་ཞིག་ཡོད་པས་ས་མིང་མཁར་མིང་ལ་ཐོགས་པར་བཤད། རྒྱ་ཡིག་གི་མིང་། 堪日恰当古城
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
མཁར་ལུང་མཁར་ཤུལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་མཁར་ལུང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3938.6ཡོད་པ་དང་། དབྱིབས་གྲུ་བཞི་ཅན་གྱི་མཁར་ཤུལ་ཞིག་ཡིན་ལ། མཐའ་བཞི་བོར་ཆ་སྙོམས་ཀྱིས་སྨི13ཡོད་པ་དང་། ལྷོ་ཕྱོགས་སུ་མཁར་སྒོ་གཅིག་ཡོད། མཁར་ཤུལ་གྱི་མཐོ་ཚད་ལ་སྨི0.5དང་། ཞེང་ལ་སྨི4ཡོད། རྒྱ་ཡིག་གི་མིང་། 夸日龙古城 ལ་ཏིང་གི་མིང་། mkar lung mkhar shul རིགས་དབྱེ། ལོ་རྒྱུས་གནའ་ཤུལ།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
མཛོད་སྲུང་གེ་སར་ཞབས་རྗེས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དཔྱི་ས་ཡུལ་ཚོ་སྲིད་གཞུང་ནས་ལྷོ་ཕྱོགས་སུ་སྤྱི་ལེ17ཙམ་ཕྱིན་པའི་མཚམས་ཏེ། ད་ལྟའི་གསེར་དེའུ་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3769ཡོད། རྒྱ་ཡིག་གི་མིང་། 作宋格萨尔夏布杰 ལ་ཏིང་གི་མིང་། mdzod srung ge sar zhabs rjes རིགས་དབྱེ། ལོ་རྒྱུས་གནའ་ཤུལ། མཚོ་འཕགས། སྨི3769 གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དཔྱི་ས་ཡུལ་ཚོ་གསེར་དེའུ་སྡེ་བའི་མངའ་ཁོངས།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
རྫོང་དམར་གྲུབ་གནས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3494ཡོད། གནས་འདིའི་ཆགས་དབྱིབས་ནི་བྲག་དམར་པོ་ཁེར་སྐྱེས་ཕྱི་དབྱིབས་ཟླ་གམ་གྱི་ཚུལ་དུ་ཡོད་པ། ནང་དབྱིབས་ཆོས་འབྱུང་གི་རྣམ་པ་ཅན། མདོག་པདྨ་རཱ་ག་ལྟར་དམར་ཞིང་། ཕྱོགས་བཞི་ནས་དཀར་སེར་དམར་སྔོའི་མདོག་ཅན་གྱི་སིནྡྷུ་རའི་རྒྱུན་བཟང་འབབ་པ་སོགས་དཔའ་བོ་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་ཡིན་པས། ལས་བཞི་སྤྱི་དང་ཁྱད་པར་དུ་དབང་གི་ལས་མངོན་སུམ་གྱིས་གྲུབ་པའི་རྟགས་མཚན་མངའ།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
པཎ་ཆེན་བློ་བཟང་ཆོས་ཀྱི་ཉི་མའི་བཞུགས་ཁྲི་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ནུབ་བྱང་ཕྱོགས་སུ་སྤྱི་ལེ20ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3670དང་། སའི་གོ་ལའི་འཕྲེད་ཐིག34°48'དང་གཞུང་ཐིག101°22'སྟེང་ན་ཡོད། རྒྱ་ཡིག་གི་མིང་། 班禅洛桑确吉尼玛宝座 ལ་ཏིང་གི་མིང་། pan chen blo bzang chos kyi nyi mvi bshugs khri རིགས་དབྱེ། ཆོས་ལུགས་གནའ་ཤུལ། མཚོ་འཕགས། སྨི3670ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ནུབ་བྱང་ཕྱོགས་སུ་ཡོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
རྒྱ་གར་གྲུབ་གནས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཁོངས་སུ་ཡོད་པའི་སྒྲུབ་གནས་བྱིན་ཅན་ཞིག་ཡིན། རྒྱ་ཡིག་གི་མིང་། 印度成就地 ལ་ཏིང་གི་མིང་། rgya gar grub gnas རིགས་དབྱེ། ཆོས་ལུགས་གནའ་ཤུལ། མཚོ་འཕགས། སྨི3125 གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་དམེ་ཤུལ་གྲོང་རྡལ་གྱི་མངའ་ཁོངས། ངོ་སྤྲོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
མ་ཅིག་ལབ་སྒྲོན་གྱི་སྒྲུབ་ཕུག་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ལུང་བཟང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3229ཡོད། རྒྱ་ཡིག་གི་མིང་། 玛久拉卓知谱 ལ་ཏིང་གི་མིང་། ma cig lab sgron gyi sgrub phug རིགས་དབྱེ། ཆོས་ལུགས་གནའ་ཤུལ། མཚོ་འཕགས། སྨི3229 གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ལུང་བཟང་སྡེ་བའི་མངའ་ཁོངས།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
གསང་བདག་འཁོར་ཆེན་འབུམ་ཁང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་རྫོང་དམར་དགོན་པའི་གཡས་ལོགས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི2953ཡོད་པ་དང་། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་ལྔ་ཆུ་ཕོ་འབྲུག་ལོའི་ཡས་མས་སུ་ཨ་ལགས་རྫོང་སྔོན་ཚང་སྐུ་གོང་མས་བཞེངས་པ་ཡིན། རྒྱ་ཡིག་གི་མིང་། 桑达合考青本康 ལ་ཏིང་གི་མིང་། gsang bdag vkhor chen vbum khang བཞེངས་ལོ། སྤྱི་ལོ1952ལོ་ཡས་མས་སུ། རིགས་དབྱེ། ཆོས་ལུགས་གནའ་ཤུལ། མཚོ་འཕགས། སྨི2953 གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་རྫོང་དམར་དགོན་པའི་གཡས་ལོགས།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
ཨུརྒེའི་མགོན་ཁང་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ལྷོ་ཕྱོགས་སུ་སྤྱི་ལེ8ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3560དང་། སའི་གོ་ལའི་འཕྲེད་ཐིག34°39'དང་གཞུང་ཐིག101°37'སྟེང་ན་ཡོད། རྒྱ་ཡིག་གི་མིང་། 亲王怙主殿 ལ་ཏིང་གི་མིང་། aurgevi mgon khang རིགས་དབྱེ། ཆོས་ལུགས་གནའ་ཤུལ། མཚོ་འཕགས། སྨི3560ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་གྱི་ལྷོ་ཕྱོགས་སུ་ཡོད། ངོ་སྤྲོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
རྨ་ཆུའི་ཤིང་ཟམ་ཆེན་མོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ38ཆོད་པའི་མཚམས་ཀྱི་གཙང་ཨ་རིག་གི་བྱིའུ་མགོ་ཞེས་པའི་ས་ཆའི་རྨ་ཆུའི་འགག་འཕྲང་ན་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3246དང་། སའི་གོ་ལའི་འཕྲེད་ཐིག34°33'དང་གཞུང་ཐིག101°55'སྟེང་ན་ཡོད། རྒྱ་ཡིག་གི་མིང་། 黄河木头吊桥遗址 ལ་ཏིང་གི་མིང་། rma chuvi shing zam chen movi shul རིགས་དབྱེ། གནའ་ཤུལ་གྲགས་ཅན། མཚོ་འཕགས། སྨི3246ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་ཡོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
རྫོང་དཀར་ཚང་གི་གདུགས་དཀར་སྐུ་ཁང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུལ་ཚོ་སྲིད་གཞུང་ནས་ནུབ་ཕྱོགས་སུ་སྤྱི་ལེ0.3ཙམ་ཕྱིན་པའི་མཚམས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3376ཡོད། སྐུ་ཁང་འདིའི་རྨང་གཞི་ནི་གྲུ་བཞི་ཁ་གང་མའི་དབྱིབས་ཏེ། མཐའ་རེ་རེའི་རིང་ཚད་ལ་སྨི5.8ཡོད་ཅིང་། མཐོ་ལ་སྨི9དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ33.64ཡོད། རྒྱ་ཡིག་གི་མིང་། 宗尕仓斗尕格康 ལ་ཏིང་གི་མིང་། rdzong dkar thsang gi gdugs
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
སྒར་ཆག་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུལ་ཚོ་སྲིད་གཞུང་ནས་ལྷོ་ཕྱོགས་སུ་སྤྱི་ལེ7ཙམ་ཕྱིན་པའི་མཚམས་ཀྱི་མགོ་དགེ་དགོན་པའི་ཤར་ཕྱོགས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3529ཡོད་པ་དང་། ཧོར་གཏེར་སྟོན་ཆོས་སྒར་ཐེག་མཆོག་འོད་གསལ་ཆོས་འཁོར་གླིང་ཐོག་མར་ཆགས་སའི་གནས་ཡིན་ཞིང་། ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་། དེའང་སྤྱི་ལོ1831ལོར་ཧོར་དཔོན་པོ་དབང་ཆེན་རྡོ་རྗེ་ཡིས་རྒྱུ་ཡོན་ཕུན་སུམ་ཚོགས་པ་སྦྱར་ཏེ་གཏེར་ཆེན་སྐུ་ཕྲེང་དང་པོ་འགྲོ་འདུལ་གླིང་པའམ་འཇིགས་མེད་སྣ་ཚོགས་རང་གྲོལ་གྱིས་ཧོར་གཏེར་སྟོན་ཆོས་སྒར་གྱི་ཐོག་མ་སྒར་ཆག་གི་གནས་འདི་ནས་ཕྱག་བཏབ་པ་ཡིན། རྒྱ་ཡིག་
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
སྟག་ལོའི་ཟམ་པ་ཉིས་འཐུད་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྫོང་དམར་དགོན་པ་ནས་ལྷོ་ཕྱོགས་སུ་སྤྱི་ལེ10ཙམ་ཡོད་པའི་ལུང་བཟང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3428ཡོད། རྒྱ་ཡིག་གི་མིང་། 德洛三巴尼太 ལ་ཏིང་གི་མིང་། stag lovi zam pa nyis vthud རིགས་དབྱེ། ལོ་རྒྱུས་གནའ་ཤུལ། མཚོ་འཕགས། སྨི3428 གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ལུང་བཟང་སྡེ་བའི་མངའ་ཁོངས།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
གེ་སར་རྟ་ཕུར་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ལུང་བཟང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3935ཡོད་པ་དང་། སྙན་རིའི་ལུང་བའི་ནང་དུ་ཡོད་པའི་ཕ་བོང་ཕུར་བའི་དབྱིབས་དང་འདྲ་བ་ཞིག་ཡོད་པ་དེ་ལ་ཟེར། རྒྱ་ཡིག་གི་མིང་། 格萨尔拴马石 ལ་ཏིང་གི་མིང་། ge sar rta phur རིགས་དབྱེ། ལོ་རྒྱུས་གནའ་ཤུལ། མཚོ་འཕགས། སྨི3935 གནས་ཡུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་ལུང་བཟང་སྡེ་བའི་མངའ་ཁོངས།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
འོབས་དམར་ལྡང་གི་བཞུགས་ཁྲི་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གི་རྒྱབ་ཕྱོགས་སུ་སྤྱི་ལེ1ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3510དང་། སའི་གོ་ལའི་འཕྲེད་ཐིག34°44'དང་གཞུང་ཐིག101°36'སྟེང་ན་ཡོད། རྒྱ་ཡིག་གི་མིང་། 玛尔挡宝座 ལ་ཏིང་གི་མིང་། vobs dmar ldng gi bshugs khri རིགས་དབྱེ། ཆོས་ལུགས་གནའ་ཤུལ། མཚོ་འཕགས། སྨི3510ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གི་རྒྱབ་ཕྱོགས་སུ་ཡོད། ངོ་སྤྲོད། འོབས་དམར་ལྡང་གི་བཞུགས་ཁྲི་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གི་རྒྱབ་ཕྱོགས་སུ་སྤྱི་ལེ1ཆོད་པའི་མཚམས་སུ་ཡོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
ནཱ་ཏམ་བསང་ཁྲི་ཆེན་མོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གི་མདུན་ཕྱོགས་སུ་སྤྱི་ལེ3ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3525དང་། སའི་གོ་ལའི་འཕྲེད་ཐིག34°43'དང་གཞུང་ཐིག101°36'སྟེང་ན་ཡོད། རྒྱ་ཡིག་གི་མིང་། 那达慕节庆煨桑台 ལ་ཏིང་གི་མིང་། na tam bsang khri chen mo རིགས་དབྱེ། ཆོས་ལུགས་གནའ་ཤུལ། མཚོ་འཕགས། སྨི3525ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གི་མདུན་ཕྱོགས་སུ་ཡོད། ངོ་སྤྲོད། ནཱ་ཏམ་བསང་ཁྲི་ཆེན་མོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གི་མདུན་ཕྱོགས་སུ་སྤྱི་ལེ3ཆོད་པའི་མཚམས་སུ་ཡོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
གུང་ཐང་སྐུ་ཕྲེང་དྲུག་པའི་བཞུགས་ཁྲི་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ1ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3461དང་། སའི་གོ་ལའི་འཕྲེད་ཐིག34°35'དང་གཞུང་ཐིག101°20'སྟེང་ན་ཡོད། རྒྱ་ཡིག་གི་མིང་། 六世贡唐宝座 ལ་ཏིང་གི་མིང་། gimg thang sku phreng drug pvi bshugs khri རིགས་དབྱེ། ཆོས་ལུགས་གནའ་ཤུལ། མཚོ་འཕགས། སྨི3461ཡོད། གནས་ཡུལ། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ཤར་ཕྱོགས་སུ་ཡོད།
རིགས་དབྱེ། རིག་གནས།• རིག་དངོས་རྟེན་ཤུལ།
རིག་དངོས་རྟེན་ཤུལ། བརྡ་འགྲེལ 759 ཡོད། |