ཀརྨ་དགོན་གསར།

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་ས་ནག་མར་བཏབ་མྱོང་བའི་དགོན་པ་ཞིག་ཡིན།

རིགས་དབྱེ།  

ཀླུ་སྒུག་གཞུང་།

འདི་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་བརྒྱུད་གཡུ་ཐོག་ཟམ་པའི་ཉེ་འདབས་སུ་ཡོད་པའི་ས་ཆ་ཞིག་ཡིན་ལ། ཀླུ་སྒུག་ཞེས་པ་སྒྲ་བསྒྱུར་ནས་ཀླུ་སྦུགས་ཞེས་འབོད་པའང་ཡོད། ཀླུ་སྦུག་ནི་ལྷ་ས་གཙུག་ལག་ཁང་ནས་བྲག་ལྷ་ཀླུ་སྒུག་བར་གྱི་ཐང་ཆེན་ལ་ཟེར།

རིགས་དབྱེ།  

ཇོ་བོའི་དབུ་སྐྲ།

དུས་རབས་བདུན་པའི་ནང་རྒྱ་བཟའ་འུན་ཤིང་ཀོང་ཇོས་བཙུགས་གནང་བར་གྲགས་པའི་ཇོ་བོའི་དབུ་སྐྲ་ཞེས་རྒྱ་ལྕང་སྡོང་པོ་རྐང་གཅིག་ཡོད།

རིགས་དབྱེ།  

ཉང་བྲན་ཆུ་བཟང་རི་ཁྲོད།

ཉང་བྲན་ཆུ་བཟང་རི་ཁྲོད(ཆུ་བཟང་བསམ་གཏན་གླིང)དེ་སེ་ར་དགོན་པའི་ནུབ་ཀྱི་རི་གཤམ་དུ་གནས་ཡོད།

རིགས་དབྱེ།  

ཐལ་ཕུང་སྒང་།

ཐལ་ཕུང་སྒང་དུ་ཁ་ཆེའི་ཕྱག་ཁང་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་བོད་སྡོད་ཁ་ཆེ་བ་ཚོར་འཚོ་སྡོད་བྱེད་པའི་ས་ཆ་ཐལ་ཕུང་སྒང་རྒྱུད་ཝ་གླིང་ཞེས་པ་གནང་བ་དེ་ཡོད།

རིགས་དབྱེ།  

བཀྲ་ཤིས་ཆོས་གླིང་།

བཀྲ་ཤིས་ཆོས་གླིང་གི་རི་ཁྲོད་དེ་ལྷ་ས་ཉང་བྲན་ཕུ་ཡི་ཕ་བོང་ཁའི་རྒྱབ་རི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཡ་གྱལ་དབུ་གདུགས་ཞེས་པའི་ལ་ཉག་རུ་གནས་ཡོད།

རིགས་དབྱེ།  

བདེ་ཆེན་གསང་སྔགས་མཁར།

ལྷ་སའི་ཤར་ཕྱོགས་སྦྲག་ས་གསུམ་གྱི་ས་ན་བདེ་ཆེན་གསང་སྔགས་མཁར་ཞེས་པའི་དགོན་པ་དེ་ཡོད། དེང་སང་སྟག་རྩེའི་རྫོང་གནས་ཡུལ་དུ་ཡིན། སྔར་ཡུལ་དེར་བདེ་ཆེན་ཟེར་བ་དང་། གྲོང་ཚོའི་རྒྱབ་རིའི་སྟེང་དུ་མཁར་ཤུལ་ཡོད་པ་དེ་ཕག་མོ་གྲུབ་པས་བོད་ཀྱི་སྲིད་དབང་འཛིན་པའི་སྐབས་བརྩེགས་པའི་རྫོང་ཆེན་བཅུ་གསུམ་གྱི་གྲས་བདེ་ཆེན་བྲག་དཀར་རྫོང་ཞེས་པ་དེ་ཡིན།

རིགས་དབྱེ།  

བོད་ཀྱི་ཐོག་མའི་གློག་ཁང་།

བོད་ཀྱི་ཐོག་མའི་གློག་ཁང་ནི(སྤྱི་ལོ1928ལོར)ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་དངོས་སུ་བཙུགས་པ་དང་།དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆུ་ཤུགས་གློག་འདོན་འཕྲུལ་འཁོར་མ་ལག་ཆ་ཚང་བ་ཐོག་མར་བཙུགས་པ་དེ་རེད།

རིགས་དབྱེ།  

བྲག་རི་རི་ཁྲོད།

བྲག་རི་རི་ཁྲོད་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སེ་ར་དགོན་པའི་ཉེ་འགྲམ་དུ་གནས་ཡོད།

རིགས་དབྱེ།  

རག་རི་ཁྲོད།

རག་རི་ཁྲོད་དེ་ལྷ་སའི་རྔ་ཆེན་རི་ལྡེབས་སུ་གནས་ཡོད།

རིགས་དབྱེ།  

རག་རི་བཙུན་དགོན།

རག་རི་བཙུན་དགོན་དེ་ལྷ་སའི་ཤར་ཕྱོགས་རི་ཆེན་ཇོ་མོ་ཟེ་ཟེ་ཡི་རི་གཤམ་དུ་གནས་ཡོད། དེ་ཡང་དུས་རབས་བཅོ་བརྒྱད་པའི་ནང་སྡེ་དཔོན་མདོ་མཁར(རག་ཤག)བའི་མི་ངོ་བཙུན་མ་ཞིག་གིས་ཐོག་མར་ཕྱག་བཏབ།

རིགས་དབྱེ།  

རི་སྐྱ་བསམ་གཏན་གླིང་།

རི་སྐྱ་བསམ་གཏན་གླིང་དེ་ནི་ལྷ་སའི་ཤར་བྱང་གཙང་རལ་གྲོང་ཚོའི་རི་ལྡེབས་སུ་གནས་ཡོད། དུས་རབས་བཅོ་བརྒྱད་པའི་ནང་རི་སྐྱ་སྤྲུལ་སྐུ་སྐུ་ཕྲེང་དང་པོ་མངའ་རིས་བློ་བཟང་རྣམ་རྒྱལ་མཆོག་གིས་ཐོག་མར་ཕྱག་བཏབ།

རིགས་དབྱེ།  

རྒྱུད་སྨད་གྲྭ་ཚང་།

རྒྱུད་སྨད་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་གཉིས་སུ་དབྱེ་བའི་རྒྱུད་སྨད་གྲྭ་ཚང་དེ་ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཡོད། རྒྱུད་གྲྭ་བྱ་བའི་གོ་དོན་ནི་མདོ་སྔགས་ཟུང་དུ་འབྲེལ་བའི་རྒྱལ་བསྟན་འཛིན་པའི་གོ་དོན་ནོ།། རྒྱུད་སྨད་གྲྭ་ཚང་དེ་ཐོག་མར་རབ་བྱུང་བདུན་པའི་ཆུ་གླང(སྤྱི་ལོ1433ལོར)རྒྱལ་བ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྗེ་ཤེས་རབ་སེང་གེས་བཞེངས།

རིགས་དབྱེ།  

རྒྱུད་སྟོད་གྲྭ་ཚང་།

རྗེ་ཀུན་དགའ་དོན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་རྟ(སྤྱི་ལོ1474ལོར)རྒྱུད་ཀྱི་བཤད་པ་བཙུགས་པ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་གྲགས་པ་འདི་ཉིད་ཆགས་པ་ཡིན།

རིགས་དབྱེ།  

རྟག་བརྟན་གཟིམ་ཕུག་རི་ཁྲོད།

རྟག་བརྟན་གཟིམ་ཕུག་རི་ཁྲོད་དེ་ཕ་བོང་ཁའི་གདུགས་ཡུ་ཞེས་པའི་རི་ཁུག་ཏུ་ཡོད། གནས་དེར་ན་རོ་མཁའ་སྤྱོད་མའི་སྒྲུབ་ཆུ་ཤིན་ཏུ་ངོ་མཚར་ཆེ་བ་དང་། སྟེང་དུ་ཆོས་བྱུང་རང་བྱོན། བྲག་ཕུག་ནང་བདེ་མཆོག་གི་སྤྱན་འབུར་ཚུགས་སུ་ཡོད་པའི་རང་བྱོན་སོགས་མཇལ་རྒྱུ་ཡོད་པའི་གནས་ཤིན་ཏུ་དབེན་པ་ཞིག་ཡོད།

རིགས་དབྱེ།  

རྨེ་རུ་དགོན་པ།

ལྷ་ས་གྲོང་ནང་གི་རྨེ་རུ་དགོན་ནི་རྒྱུད་སྨད་ཀྱི་ཤར་དུ་གནས་ཡོད། མ་དགོན་ནི་ལྷ་ས་གཙུག་ལག་ཁང་གི་ཤར་སྒོ་སེ་ར་ལྟག་སྒོའི་འགྲམ་དུ་ཡོད་པའི་རྨེ་རུ་རྙིང་པ་ཞེས་པ་དེ་ཡིན།

རིགས་དབྱེ།  

ལྷ་གདོང་ཤན་ཁ།

ཚལ་གུང་ཐང་དོན་གཅོད་ཁང་ཁོངས་ལྷ་མཐོང་ཤན་ཁ་ནི་དེ་སྔ་ལྷ་ས་སྐྱིད་ཆུའི་ལྷོ་བྱང་བར་འགྲུལ་པ་སྐྱེལ་སྒྲོལ་བྱ་སའི་གྲུ་ཁ་གཙོ་བོ་ཞིག་ཡིན་ཅིང་།​དབྱར་དུས་ཟླ་བ་བདུན་རིང་ཀོ་བ་གཏོང་བ་དང་། དགུན་དུས་ཟླ་བ་ལྔའི་རིང་ཤིང་གྲུ་རྟ་མགོ་ཅན་གཏོང་གི་ཡོད།

རིགས་དབྱེ།  

ལྷ་ལུང་རི་ཁྲོད།

ལྷ་ལུང་རི་ཁྲོད་དེ་ལྷ་སའི་བྱང་ངོས་འདམ་རའི་ནུབ་ཀྱི་བྲག་རིའི་ཁུག་ཏུ་ཡོད།

རིགས་དབྱེ།  

དངོས་གྲུབ་ཆུ་མགོ

ལྷ་སའི་དངོས་གྲུབ་ཆུ་མགོ་དེ་ལྷ་སའི་ཤར་ངོས་རག་གྲོང་ཚོའི་མདུན་ངོས་སུ་ཡོད། ཆུ་དེ་དཔལ་རོང་གྲོང་ཚོར་བབས་རྗེས་ཆུ་མདའ་མ་རྡོ་བཤགས། བྲག་ཉ་མགོ་གཟུགས་ཟེར་བ་ནས་ཆུ་ཡུར་གསུམ་དུ་ཁ་གྱེས་ནས་བྱང་རྒྱུད་འདམ་རར་བབས་པ་དང་དབུས་རྒྱུད་ནོར་གླིང་དུ་འགྲོ་བ། ལྷོ་རྒྱུད་སྐུ་འབུམ་ཐང་རྒྱུད་ནས་འགྲོ་བ་ཡིན།

རིགས་དབྱེ།  

སྦྲ་ནག་ཞོལ།

སྔར་འདིར་ལྷ་སའི་མཐའ་རུ་ཡིན་པས་ས་སྟེང་རྒྱ་ཆེ་བས་ཁམས་པ་ཇ་ཚོང་པ་དང་། འབྲོག་པ་སོགས་ཚོང་ལ་ཡོང་ནས་སྦྲ་གུར་ཕུབ་སྟེ་སྡོད་ཀྱི་ཡོད་པས་སྦྲ་ཞོལ་ཞེས་གྲགས།

རིགས་དབྱེ།  

ལྷ་སའི་སྐྱེད་མོས་ཚལ།

ལྷ་སའི་མཐའ་སྐོར་དུ་ལྗོན་ཤིང་སྣ་ཚོགས་ཀྱི་སྐྱེད་མོས་ཚལ་དང་། གླིང་ཁ་མང་པོ་ཡོད།

རིགས་དབྱེ།  

སྒར་པ་རི་ཁྲོད།

སྒར་པ་རི་ཁྲོད་དེ་ལྷ་སའི་ཤར་ཕྱོགས་རྔ་ཆེན་ལམ་གྱི་སྒར་པ་གྲོང་ཚོའི་རྒྱབ་རི་ཇོ་མོ་ཟེ་ཟེ་ཡི་གཤམ་དུ་གནས་ཡོད།

རིགས་དབྱེ།  

ལྷ་སའི་ས་དབྱིབས།

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཀེ་ལ་ཤ་ཡིས་ཡོངས་སུ་བསྐོར་བའི་ཞིང་ཁམས་ཀྱི་དབུས་སུ་འཛམ་གླིང་གཙུག་ཕུད་ངོ་མཚར་རྨད་དུ་བྱུང་བའི་གནའ་བོའི་གྲོང་ཁྱེར་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་ཡུལ་གྲུ་ཀུན་ཏུ་གྲགས་པའི་བསོད་ནམས་ཞིང་མཆོག་དེ་ཡི་བྱུང་བ་བརྗོད་པ་ལ་སྤྲོ་བས་སྐལ་ལྡན་ལས་འཕྲོ་ཅན་ལ་སྨན་པའི་བདུད་རྩིར་གྱུར་ཅིག་ཅེས་ངག་གི་འདུན་པས་ཡོལ་བ་ཕྱེ་སྟེ་སོར་མོའི་ཟློས་གར་རྩེད་ལ་རོལ་བས། ཀུན་གྱི་ཡིད་ལ་བདེ་བ་ཐོབ་པ་ཤོག་ཅེས་སྔོན་འགྲོ་ཙམ་དང་། དེ་ཡང་བགྲང་བྱ་འབུམ་ཕྲག་གི་སྔོན་དུ་ལྷ་ས་ནི་མཚོ་མོ་ཡིན་པ་དང་ད་ལྟ་ཚན་རིག་པ་རྣམས་ཀྱིས་ཀྱང་བརྗོད་ཀྱིན་ཡོད་ལ། བོད་མི་རྣམས་ཀྱི་ཁ་རྒྱུན་དུའང་ལྷ་ས་མ་ཆགས་ལྷ་ས་ཆགས། ལྷ་ས་མཚོ་མོའི་སྟེང་དུ་ཆགས་ཞེས་བརྗོད་སྲོལ་ཡོད་པ་དང་། ས་དོང་མི་ཚད་ཙམ་ལས་མ་འདྲུས་ན་ཡང་ཆུ་དོན་གྱི་ཡོད། ལོ་ངོ་སྟོང་གི་སྔོན་དུ་ལྷ་ས་ནི་གླ་བའི་ཚལ་དང་། ཆུ་ཤིང་འོམ་བུ་སོགས་ཀྱི་ཚང་ཚིང་དང་། འོ་ཐང་མཚོ་སོགས་མཚེའུ་ཡོད་པར་གྲགས།

རིགས་དབྱེ།  

སེ་ར་ཆོས་སྡིངས།

སྒྲུབ་ཁང་དེ་སེ་ར་དགོན་པའི་ཤར་ངོས་སུ་ཡོད། གནས་དེ་ནི་སེ་ར་དགོན་པ་ཕྱག་མ་བཏབ་གོང་ནས་རྗེ་ཙོང་ཁ་པ་ཆེན་པོའི་སྒྲུབ་ཁང་ཡིན་ཅིང་།

རིགས་དབྱེ།  

སེ་ར་རྩེ་སྒྲུབ་ཁང་།

སེ་ར་རྩེ་སྒྲུབ་ཁང་དེ་སེ་ར་དགོན་པའི་སྟེང་གི་རི་ལྡེབས་སུ་ཡོད་པས་སེ་ར་དབུ་རྩེ་ཡང་ཟེར།

རིགས་དབྱེ།  

སྐྱོར་མོ་ལུང་དགོན།

སྐྱོར་མོ་ལུང་དགོན་དེ་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་བརྡལ་གྱི་ཁོངས་སུ་ཡོད། ཐོག་མར་བཀའ་གདམས་ཆོས་རྒྱུན་གྱི་མཆོད་རྟེན་སྟར་ཕྲེང་གི་ར་བས་སྐྱོར་བ་ལྟ་བུ་ཡོད་པས་སྐྱོར་མོ་ལུང་ཞེས་འབོད།

རིགས་དབྱེ།  

ཨ་ཎིའི་མཚམས་ཁུང་།

མཚམས་ཁུང་དགོན་པ་ནི་གྲོང་ཁྱེར་ལྷ་སའི་ལྷོ་ཕྱོགས་རབ་གསལ་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་སུ་ཡོད་ལ། ལྷ་སའི་གླིང་སྐོར་ལམ་དུ་གནས་ཡོད། སྤྱི་ལོའི་དུས་རབས་བདུན་པར་གནས་དེར་རང་བྱུང་གི་ས་ཁུང་ཞིག་ཡོད་པ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དེར་སྐུ་མཚམས་མཛད་ནས་ལྷ་ས་སྐྱིད་ཆུའི་འཇིགས་པ་ལས་ལྡོག་པར་མཛད་པས་མཚམས་ཁུང་ཞེས་མིང་དུ་འབོད།

རིགས་དབྱེ།  

དན་བག་རིན་ཆེན་སྒང་།

གནས་ཆུང་སྒྲ་དབྱངས་གླིང་གི་འོག་ཙམ་ན་དན་བག་རིན་ཆེན་སྒང་གི་གྲོང་སྡེ་ཡོད་པ་དང་། གྲོང་སྡེ་དེའི་ནང་སྐད་གྲགས་ཆེ་ཤོས་ནི་བསྟན་མའི་གཟིམ་ཁང་ཞེས་ལྷ་ཕེབས་མཁན་གྱི་གཟིམ་ཤག་གཅིག་ཡོད།

རིགས་དབྱེ།  

ཚེ་སྨོན་གླིང་།

ཚེ་སྨོན་གླིང་དགོན་པ་དེ་ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཡོད་ཅིང་། དེ་ནི་ལྷ་སའི་གླིང་བཞིའི་ཡ་གྱལ་ཡིན།

རིགས་དབྱེ།  

བྱེ་མ་ལ་བདུན།

གནས་མཆོག་བྱེ་མ་ལ་བདུན་འདི་མཚོ་སྔོན་པོའི་ཤར་ཕྱོགས་སུ་གླང་ཆེན་འཕྲེད་ལ་ཉལ་བ་ལྟར་ཡོད་ལ། གནས་འདི་ལ་བྱེ་མ་ལ་བདུན་ནམ་གླིང་སྒྲུང་ལས་ལ་བདུན་ནོར་བུ་ཆ་བདུན་ཡང་ཟེར་ལ། གནའ་མཁར་ཟི་ལིང་ནས་ནུབ་ལ་སྤྱི་ལེ་བརྒྱ་དང་སོ་ལྔར་བསྐྱོད་པའི་ས་ན་ཡོད་ལ། མཚོ་ངོས་ལས་རྨིས3196-4200ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ58.4ཡོད། ཤར་དུ་རི་བོ་ཉི་ཟླ་དང་འོ་ལུང་རི་བདུན། ཤར་ལྷོའི་མཚམས་སུ་ཙོང་ལ་རིང་མོ།ལྷོ་རི་ཨ་མ་ཟོ་དགུ། གཡས་རི་གསེར་ཆེན་དང་གཡོན་རི་སྨོན་ལམ་མཐོན་པོ། ནུབ་ན་མགོན་པོ་གདོང་དང་ལྷ་མོ་དྲེལ། གློ་བ་རི་དང་མཚེར་བ་རི། འདྲེ་མོ་བྲག་དཀར་དང་མཚོ་སྙིང་མ་ཧཱ་དེ་ཝ་སོགས་ཀྱི་དབུས་ན་ལྷང་ངེར་གནས་ཡོད།

རིགས་དབྱེ།