གདོང་སྣའི་གནའ་བོའི་ཅོང་ཆེན།

གདོང་སྣའི་གནའ་བོའི་ཅོང་ཆེན་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ3ཙམ་གྱི་རྒྱ་བྱ་ཚང་སྡེ་བའི་ཡུལ་ལྷའི་ལྷ་ཁང་དུ་ཡོད།

རིགས་དབྱེ།  

ཆུ་སྲིན་མགོ།

ཆུ་སྲིན་མགོ་ནི་སེང་གེའི་སྡེར་མོ་དང་། གླང་པོ་ཆེའི་སྣ། ཆུ་སྲིན་གྱི་མཆེ་བ། སྤྲེའུའི་མིག ཕག་རྒོད་ཀྱི་རྣ་བ། ཉ་ཡི་ལུས་སོགས་རི་མོ་སྣ་ཚོགས་ལས་གྲུབ་པའི་སྲོག་ཆགས་ཤིག་གི་གཟུགས་ཏེ། གཙུག་ལག་ཁང་གི་རྒྱ་ཕིབས་ཟུར་རྒྱན་ལ་གོ །

རིགས་དབྱེ།  

དར་གོས་ཡི་གེ།

དགའ་ལྡན་ཕོ་བྲང་སྐབས་ནས་བཟུང་སྲིད་གཞུང་གི་བཀའ་རྒྱ་སོགས་མཚོན་པའི་དར་གོས་ཡི་གེ་གང་མང་ཞིག་བྱུང་བ་རེད།

རིགས་དབྱེ།  

རུས་ཡིག

​རུས་ཡིག་ནི་སྤྱིར་བཏང་ལུག་གི་སོག་པའི་སྟེང་བྲིས་པའི་ཡིག་རྙིང་གི་རིགས་ཤས་ཆེ།

རིགས་དབྱེ།  

ལྟེབས་ཟུར་མའི་ཡི་གེ།

​ལྟེབས་ཟུར་མ་ཞེས་པའི་ལུས་ནི། གོང་འཁོད་ལྟེབས་མགོ་མ་དང་ཆ་འདྲ་བར་ལྟེབས་མའི་རྣམ་པར་ཡོད་པ་ལ། མགོ་ནས་ལྟེབས་པ་མིན་པར་དཔེ་གཟུགས་ཀྱི་གཡས་ཟུར་ནས་རྒྱུན་བུ་དང་འབྲེང་བུ་སོགས་ཀྱིས་བཙེམས་ཏེ་ཕྱོགས་གཅིག་ཏུ་བསྡེབས་པ་ཞིག་ཡིན།

རིགས་དབྱེ།  

སྡེ་དགེའི་བསྟན་འགྱུར།

《སྡེ་དགེའི་བསྟན་འགྱུར》བོད་རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ(སྤྱི་ལོ1737)ལོར་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་སྦྱིན་བདག་བགྱིས་ཏེ་དཔར་དུ་བརྐོ་བའི་དབུ་བརྩམས། སྤྱི་ལོ1744ལོར་ཞུས་དག་དང་བཅས་བསྒྲུབས།

རིགས་དབྱེ།  

ཡུའེ་ཧྥེ་བང་སོ།

ཧང་ཀྲོའུ་ཞི་ཧུའུ་མཚེའུ་འགྲམ་གྱི་ཆི་ཞ་ལ་ཡི་འདབས་སུ་ཡོད། སྤྱི་ལོ1142ལོའི་མགོར། ཡུའེ་ཧྥེ་བཀྲོངས་རྗེས། བཙོན་སྲུང་བ་ཞིག་གིས་སྲོག་ཉེན་ལ་མ་འཛེམ་པར་ལྐོག་ཏུ་ཡུའེ་ཧྥེ་ཡི་བེམ་པོ་ཧང་ཀྲོའུ་ཆན་ཐང་ཅང་གཙང་པོའི་སྒོའི་ཕྱི་རོལ་གྱི་ཅིའུ་ཆུས་ཚུང་མཚུན་ཁང་གི་འགྲམ་དུ་སྦས། སུང་ཀའོ་ཙུང་འདས་རྗེས། སུང་ལྷོ་མའི་དབང་སྒྱུར་མཁན་གྱིས་ཡུའེ་ཧྥེ་དཀར་འདོན་བྱས་ཏེ། གུས་སྲོལ་གྱི་མཛད་སྒོ་སྤེལ་ནས་ཁོའི་གདུང་རུས་ཆི་ཞ་ལ་ཡི་འདབས་སུ་སྤར་ཏེ་དུར་འཇུག་བྱས་ཤིང་། ཨོ་ཝང་ཞེས་པའི་ཆོ་ལོ་བསྩལ།

རིགས་དབྱེ།  

ཁམས་པའི་པི་ཝང་།

སྤྱིར་ན་པི་ཝང་ནི་བོད་ཤར་ལྷོའི་སྨར་ཁམས་དང་འབའ་ཐང་། བདེ་ཆེན་སོགས་ས་ཁུལ་གྱི་རས་པའམ་འབའ་གཞས་དང་མཉམ་དུ་དར་ཁྱབ་བྱུང་བ་ཞིག་ཡིན།།

རིགས་དབྱེ།  

དགེ་རྒྱལ་ཟླུམ་བྲིས།

ཡིག་གཟུགས་འདིའི་ཁུངས་ནི་ངག་རྒྱུན་དུ་དུས་རབས་བརྒྱད་པའི་སྐབས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་ཏེ་སྤྱི་ལོ790ཡས་མས་སུ་བྱོན་པའི་ལོ་ཙཱ་བ་དང་ཡིག་མཁན་གཉིས་ཀ་ཡིན་པ་ལྡན་མ་རྩེ་མང་ཞུ་བ་དེའི་སློབ་བརྒྱུད་ཡིག་མཁན་མང་པོ་ཞིག་བྲོས་བྱོལ་བྱས་པ་འགའ་ཤས་ཁྱུང་པོ་སྟེང་ཆེན་དང་ནགས་ཤོད་ཀྱི་ཕྱོགས་ལ་བཞུགས་པ་ལས་བྲིས་པ་མང་པོ་བྱུང་བའི་བྲིས་གཟུགས་ཀྱི་རྒྱུན་དེ་ལ་ལྷོ་བྲིས་ཟེར།

རིགས་དབྱེ།  

ཀན་ཆོན་རྫོང་དངོས་མང་བཤམས་སྟོན་ཁང་།

ཀན་ཆོན་རྫོང་དངོས་མང་བཤམས་སྟོན་ཁང་དེ་ཀན་ཆོན་རྫོང་ལྟེ་བའི་ཁྲོམ་གཞུང་གི་ཨང052པར་གནས་ཤིང་། ཀན་ཆོན་རྫོང་རིག་རྫས་ཡུལ་སྐོར་ཅུས་ཀྱི་ཁོངས་སུ་གཏོགས་པ་དང་། རིག་དངོས་ཡུལ་སྐོར་ཅུས་དང་མཉམ་དུ་ཚན་ཁག་གཅིག་ཏུ་བསྒྲིལ་ཏེ་སྒོ་བྱང་གཉིས་བཀལ་ཡོད། བཤམས་སྟོན་ཁང་དེ་ཐོག་ཁང་ཉིས་ལྡན་གྱི་གནའ་བོའི་བཟོ་བཀོད་ཅིག་ཡིན་པར་མ་ཟད། ཤར་སྡོད་ནུབ་གཏད་ཀྱི་རྣམ་པ་དང་། སྒོ་རའི་ནང་ཐང་ཝུའུ་ཏེ་ཁྲི་ལོ་དང་པོར་བསྐྲུན་པའི་ཧྥུ་ལུའུ་གནའ་གྲོང་གྱང་གི་ལྷག་རོ་ཡོད། སྤྱི་ལོ1989ལོར་ཧྥུ་ལུའུ་གནའ་བོའི་མཁར་གྱང་ཀན་ཆོན་རྫོང་གི་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་གྲས་སུ་བཞག་ཅིང་། སྤྱི་ལོ2000ལོའི་ཟླ5པར་དངོས་མང་བཤམས་སྟོན་ཁང་གིས་ཉར་ཚགས་བྱས་པའི་རིག་རྫས་སྤྱད་དེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི“མཛེས་ཆུ་རིག་གནས་འགྲེམས་སྟོན”དང“ཆེད་དོན་འགྲེམས་སྟོན”སྤེལ་བ་རེད།

རིགས་དབྱེ།  

ཀྲའོ་དབྱི་མན་དྲན་གསོ་ཁང་།

ཀྲའོ་དབྱི་མན་དྲན་གསོ་ཁང་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཚའེ་ཕིང་ཧྲན་དུ་གནས་པ་དང་། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་འཇའ་འགོག་མི་རིགས་དཔའ་བོ་བློ་མཐུན་ཀྲའོ་དབྱི་མན་དྲན་གསོ་ཁང་དེ་སྤྱི་ལོ1960ལོར་བསྐྲུན་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5500དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1650ཟིན་ཡོད།

རིགས་དབྱེ།  

ཧོང་ཅི་ཀོང་དྲན་གསོ་ཁང་།

ཧོང་ཅི་ཀོང་དྲན་གསོ་ཁང་ནི་ཀྲུང་གོ་མི་དམངས་དང་བླངས་དམག་གི“དམིགས་བསལ་རིམ་པའི་དཔའ་བོ”ཧོང་ཅི་ཀོང་ལ་དྲན་གསོ་ཞུ་ཆེད་བཙུགས་པའི་དྲན་གསོ་ཁང་ཞིག་ཡིན་ལ། སྤྱི་ལོ1962ལོར་ཧོང་ཅི་ཀོང་གི་ཕ་ཡུལ་སི་ཁྲོན་ཞིང་ཆེན་ཀྲུང་ཅང་རྫོང་ཝུན་མོའི་རུ་བཙུགས་པ་དང་སྤྱི་ལོ1962ལོའི་ཟླ10བའི་ཚེས20ཉིན་དངོས་སུ་སྒོ་ཕྱེས།

རིགས་དབྱེ།  

ཐི་བའི་གཙུག་ལག་ཁང་།

ཐི་བའི་གཙུག་ལག་ཁང་གི་གནས་ཡུལ་ལ་དེང་བི་ཧཱར་ཟེར་ཞིང་། དབང་པོའི་བྲག་ཕུག་གི་རི་བོའི་ཤར་ཕྱོགས་སུ་ལེ་དབར་བརྒྱ་དང་ལྔ་བཅུ་དྲུག་ཅུ་ལྷག་སོང་མཚམས་ན་ཐམས་ཅད་ཡོད་སྨྲའི་དགེ་འདུན་ཉིས་བརྒྱ་ལྷག་བཞུགས་པའི་ཀ་པུ་ཏ་ཀ་སྟེ་ཐི་བའི་གཙུག་ལག་ཁང་ཡོད་དོ།།

རིགས་དབྱེ།  

ཧྲེན་ཧྥུ་གསར་བརྗེའི་གནས་གཞིའི་ས་ཁུལ།

ཧྲེན་ཧྥུ་གསར་བརྗེའི་གནས་གཞིའི་ས་ཁུལ་ནི་ཧྲན་པེའི་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་གྲུབ་ཆ་གལ་ཆེ་ཞིང་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། རང་ཚུགས་སུ་འཚར་ལོངས་བྱུང་ཞིང་། ས་ཞིང་གསར་བརྗེ་ནས་བཟུང་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་བརྒྱུད། མཐར་རང་རེའི་ཏང་གི་ལག་མཐིལ་དུ་དམ་པོར་བཟུང་བའི་གནས་གཞིའི་ས་ཁུལ་ཞིག་ཏུ་གྱུར་བར་མ་ཟད། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གོ་གནས་གལ་ཆེན་བཟུང་ཡོད།

རིགས་དབྱེ།  

ཁྱོ་གའི་མཐུན་ཚོགས།

མིང་ཆ་ཚང་ལ་རྒྱལ་ཡོངས་སྐྱེས་པ་རིང་ལུགས་ཀྱི་ཁྱོ་གའི་མཐུན་ཚོགས་ཞེས་པ་ནི་འཇའ་པན་གྱི་དུས་དེབ་རྩོམ་སྒྲིག་པ་ཞིག་གིས་འཇའ་པན་གྱི་སྐྱེས་པས་རང་གི་ཆུང་མའི་སྤྱོད་སྟངས་ལ་འཛིན་པའི་བྱེད་ཐབས་བསྒྱུར་བ་ལ་བརྟེན་ནས་གྲུབ་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་རེད།

རིགས་དབྱེ།  

ཅིའུ་ཆོན་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་།

ཅིའུ་ཆོན་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་ནི་ཅིའུ་ཆོན་གྲོང་ཁྱེར་སུའུ་ཀྲོའུ་ཁུལ་ནུབ་ལམ་སྒོ་རྟགས་ཨང10པར་གནས་ཤིང་། ཅིའུ་ཆོན་གྲོང་ཁྱེར་གྱི་གྲོང་ཁྱེར་ལོ་རྒྱུས་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་དང་པོ་དེ་ཡིན་ལ། ཀན་སུའུ་ཞིང་ཆེན་གྱི་གཞི་ཁྱོན་ཅུང་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་དངོས་མང་བཤམས་སྟོན་ཁང་གི་གྲས་ཀྱང་ཡིན།

རིགས་དབྱེ།  

ཏེང་ཧྲི་ཁྲང་དྲན་གསོ་ཁང་།

ཏེང་ཧྲི་ཁྲང་དྲན་གསོ་ཁང་དེ་ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཁུལ་ཏེང་ཚང་མེས་པོའི་མཆོད་ཁང་དུ་གནས་ཤིང་། ཀྲོང་ངེར་ལངས་པའི་ལིན་ནན་མཚུན་ཁང་གི་བཟོ་སྐྲུན་དངོས་ལ་སྨི་གྲུ་བཞི་མ4700ཡོད་པ་དང་། གྱང་སྔོན་གྱི་རྫ་གཡམ་སོགས་རྒྱུན་གཏན་གྱི་སྲང་ལམ་གྲིབ་བསིལ་ཁྲོད་གནས་ཡོད།

རིགས་དབྱེ།  

སྟོན་བསྡུའི་འོས་ལངས་ཝུན་ཅཱ་གྲོང་ཁྱེར་གྱི་དམག་དཔུང་མཉམ་འཛོམས་ཀྱི་གཞིས་རྙིང་།

སྟོན་བསྡུའི་འོས་ལངས་ཝུན་ཅཱ་གྲོང་ཁྱེར་གྱི་དམག་དཔུང་མཉམ་འཛོམས་ཀྱི་གཞིས་རྙིང་ནི་ཧུའུ་ནན་ཞིང་ཆེན་ལིའུ་དབྱང་རྫོང་ཝུན་ཅཱ་གྲོང་རྡལ་མི་དམངས་ལམ་ཨང33པར་གནས་པ་དང་། གཞིས་རྙིང་ནི་སྔོན་ཆད་གནའ་བོའི་དཔེ་ཁང་ཞིག་ཡིན་པ་དང་། ཆིང་ཏའོ་ཀོང་ལོ་ཉེར་གཅིག་པར(སྤྱི་ལོ1841ལོར)བཙུགས་པ་དང་། མིང་ལ་ཝུན་ཧྭ་དཔེ་ཁང་ཞེས་བཏགས་པ་དང་། སྤྱི་ལོ1908ལོར་ལི་རེན་སློབ་གྲྭར་བསྒྱུར།

རིགས་དབྱེ།  

ལའེ་ཝུའུ་གཡུལ་འགྱེད་དྲན་གསོ་ཁང་།

ལའེ་ཝུའུ་གཡུལ་འགྱེད་དྲན་གསོ་ཁང(LaiwuBattle Memorial Hall)ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་སུ་གནས་ཤིང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4.5དང་། བཟོ་བཀོད་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ8000ལྷག་ཡོད་ལ། ལའེ་ཝུའུ་གཡུལ་འགྱེད་དྲན་གསོ་ཁང་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་དང་། འགྲེམས་སྟོན་ཁང་། ཡུལ་ལྗོངས་ཡོངས་ཀྱི་རི་མོའི་ཁང་བཅས་གསུམ་ལས་གྲུབ་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མཐོ་ཚད་ལ་སྨི19དང་བྲག་རྡོ་བརྩིགས་ཡོད་པས་རྒྱལ་ཡོངས་ཀྱི་གཙོ་གནད་དྲན་གསོའི་རྡོ་རིང100ཡི་གྲས་ཤིག་ཏུ་གྱུར་ཡོད།

རིགས་དབྱེ།  

ཧྲན་ཏུང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་།

ཧྲན་ཏུང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བཙུགས་པའི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་བཤམས་སྟོན་ཁང་དང་པོ་དེ་ཡིན་ཞིང་། སྤྱི་ལོ1954ལོར་བཙུགས་ཤིང་སྐབས་དེ་དུས་ཀྱི་སྡོད་གནས་དེ་ཤར་ནུབ་ཁང་གཉིས་སུ་ཕྱེ་བ་དང་། བཤམས་སྟོན་ཁང་ཤར་མ་དེ་ཅི་ནན་གྲོང་ཁྱེར་ཀོང་ཀྲི་ཡོན་སྲམ་ལམ་གྱི་ཀོང་ཀྲི་ཡོན་གྱི་གནས་ཡུལ་རྙིང་པ་རུ་ཡོད་ཅིང་དེ་ནི་སྤྱི་ལོ1904ལོར་དབྱིན་ཇིའི་ཏིང་ལི་ཆོས་ཚོགས་ཀྱི་ཡེ་ཤུའི་ཆོས་འཆད་མཁན་ཧོའེ་ཨེན་ཀོང་གིས་བཙུགས་པ་ཞིག་ཡིན་ཞིང་། དེ་སྔའི་ཀྲུང་གོའི་མངའ་ཁོངས་ནང་གི་བཤམས་སྟོན་ཁང་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། བཤམས་སྟོན་ཁང་ནུབ་མ་ནི་ཅི་ནན་གྲོང་ཁྱེར་ཧྲང་ཞིན་ཅེ་གནས་རྙིང་དུ་གནས་ཤིང་དེ་སྔའི་ཡེ་ཤུའི་ཆོས་ལུགས་ཚོགས་པ་བཅའ་སྡོད་བྱ་ཡུལ་ཡིན་པ་དང་། སྤྱི་ལོ1942ལོར་བསྐྲུན་ཞིང་ཧྲན་ཏུང་ཞིང་ཆེན་བཤམས་སྟོན་ཁང་བཙུགས་རྗེས་ཅི་ནན་ཀོང་ཀྲི་ཡོན་གྱི་གནས་རྙིང་དེ་འགྲེམས་སྟོན་ཁང་དུ་བཙུགས་ཡོད།

རིགས་དབྱེ།  

ཞིན་རྫོང་གསར་བརྗེའི་དྲན་གསོ་ཁང་།

ཞིན་རྫོང་གི་གསར་བརྗེའི་རྗེས་དྲན་ཁང་ནི་ཀྲུང་གུང་ཀྲུང་དབྱང་ཨོ་ཡུས་ཝན་གསུམ་གྱི་ཡན་ལག་ཅུའུ་དང་། ཧུའུ་པེ་དང་ཧོ་ནན། ཨན་ཧུའེ་བཅས་ཀྱི་དམག་དོན་ཨུ་ཡོན་ལྷན་ཁང་། ཧུའུ་པེ་དང་ཧོ་ནན། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱི་སུའུ་ཝེ་ཨེད་ས་ཁོངས་ཀྱི་ལྟེ་བའི་གསར་བརྗེའི་དངོས་མང་བཤམས་སྟོན་ཁང་། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཞིན་རྫོང་གསར་བརྗེ་དྲན་གསོ་ཁང་ཐེངས་གཉིས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་གནས་གཞི་བརྒྱའི་གྲས་ཤིག་ཡིན་པ་ཁྱབ་བསྒྲགས་བྱས་ཏེ། སྤྱི་ལོ2017ལོའི་ཟླ་དང་པོར་ཞིན་རྫོང་གསར་བརྗེའི་གནས་རྙིང་དེ《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་ཐོའི》ནང་བཅུག

རིགས་དབྱེ།  

ཧོ་ནན་དངོས་མང་བཤམས་སྟོན་ཁང་།

ཧོ་ནན་དངོས་མང་བཤམས་སྟོན་ཁང་ནི་ཧོ་ནན་ཞིང་ཆེན་ཀྲེན་ཀྲོའུ་གྲོང་ཁྱེར་དུ་གནས་པ་དང་རྒྱལ་ཁབ་རིམ་པའི་གཙོ་གནད་རྟེན་རྫས་བཤམས་སྟོན་ཁང་ཡིན་ལ། དེ་ནི་ཆེས་སྔ་བའི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་རིམ་པའི་དངོས་མང་བཤམས་སྟོན་ཁང་གི་གྲས་ཤིག་ཀྱང་ཡིན།

རིགས་དབྱེ།  

ཝུན་དབྱི་ཏུའོ་དྲན་གསོ་ཁང་།

ཝུན་དབྱི་ཏུའོ་དྲན་གསོ་ཁང་ནི་ཝུན་དབྱི་ཏུའོ་ཡི་ཕ་ཡུལ་ཧུའུ་པེ་ཞིང་ཆེན་ཞི་ཧྲུའེ་རྫོང་དུ་གནས་ཤིང་། དྲན་གསོ་ཁང་གི་རྒྱ་ཁྱོན་ལ་མུའུ15ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2000ལྷག་ཙམ་ཡོད་ཅིང་། སྤྱི་ལོ2002ལོར་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས“རྒྱལ་ཁབ་ཀྱིAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ”ལ་གཏན་འཁེལ་བྱས།

རིགས་དབྱེ།  

ཅང་ཞིའི་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་།

ཅང་ཞིའི་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ནི་གཟི་བརྗིད་ལྡན་པའི་རྟེན་གཞི་རྙིང་པ་ཞིག་ཡིན་ལ། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཅང་ཞིའི་མི་དམངས་ཀྱིས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེར་རྒྱལ་ཁ་འཐོབ་ཆེད་དཀའ་སྤྱད་ཚད་མེད་ཀྱི་འཐབ་རྩོད་ཡུན་རིང་བྱས་ཤིང་། བློས་གཏོང་ཆེན་པོ་བྱས་པ་དང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཅིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན་ཞིང་ཆེན་ཡོངས་སུ་གསར་བརྗེའི་ཆེད་དུ་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་ཁྲི25.3ཟིན།

རིགས་དབྱེ།  

འབར་མདེལ་དམག་འཐབ་དྲན་གསོ་ཁང་།

འབར་མདེལ་དམག་འཐབ་དྲན་གསོ་ཁང་ནི་ཧྲན་ཏུང་ཞིང་ཆེན་ཧའེ་དབྱང་གྲོང་གྲོང་ཁྱེར་ཧའེ་དབྱང་དངོས་མང་བཤམས་སྟོན་ཁང་གི་ཐོག་བརྩེགས་གཉིས་པར་གནས་པ་དང་འགྲེམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ཟིན་པ་དང་།པར་རིས200ལྷག་ཙམ་དང་རིག་དངོས200ལྷག་ཙམ་འགྲེམས་སྟོན་བྱས་ཏེ། པར་རིས་འབོར་ཆེན་ཞིབ་ཚགས་དང་གསོན་ཉམས་ལྡན་པའི་སྒོ་ནས་ལོ60ལྷག་ཙམ་གྱི་རྣམ་པ་དེ་སླར་ཡང་མངོན་ཡོད།

རིགས་དབྱེ།  

ཧུ་པེ་རྟེན་རྫས་བཤམས་སྟོན་གླིང་།

ཧུ་པེ་རྟེན་རྫས་བཤམས་སྟོན་གླིང་ནི་སྤྱི་ལོ2014ལོའི་ཟླ6ཚེས9ཉིན་བཙུགས་ཤིང་། ཧུ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་རིག་གནས་ཐང་ཆེན་དུ་གནས་ཡོད་ལ། དེ་ནི་ཧུ་པེ་ཞིང་ཆེན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་སྟོན་ཁང་དང་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་སྟོན་ཁང་། ཧུ་པེ་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་ཉར་ཚགས་ལས་ཁུངས་གཙོ་བོ(སྤྱི་ལོ2014ལོའི་ལོ་མཇུག་བར)བཅས་ཡིན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ53128དང་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ22000ལྷག་ཙམ། ཉར་ཚགས་རིག་དངོས་ཁྲི15བཅས་ཡོད་པའི་ནང་རིམ་པ་དང་པོའི་རིག་དངོས334དང་རིམ་པ་གཉིས་པའི་རིག་དངོས1910 རིམ་པ་གསུམ་པའི་རིག་དངོས16313བཅས་ཡོད་པ་རེད།

རིགས་དབྱེ།  

ཐེན་ཅིན་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་།

ཐེན་ཅིན་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ནི་དེ་སྔའི་བྱང་རྒྱུད་རྟེན་རྫས་བཤམས་མཛོད་ཁང་ཡིན་པ་དང་། སྤྱི་ལོ1914ལོར་ཧྥ་རན་སིའི་ཆོས་སྤེལ་མཁན་སང་ཀྲི་ཧྭ་ཡིས་བཙུགས་པ་རེད། སྤྱི་ལོ1927ལོར་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་དང་། སྤྱི་ལོ1952ལོར་ཐེན་ཅིན་གྲོང་ཁྱེར་མི་དམངས་ཚན་རིག་ཁང་དུ་བསྒྱུར། སྤྱི་ལོ1957ལོར་ཐེན་ཅིན་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ཞེས་པར་མིང་བསྒྱུར། ཐེན་ཅིན་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་གསར་པ་དེ་ཐེན་ཅིན་རིག་གནས་ལྟེ་གནས་དང་དེ་སྔའི་ཐེན་ཅིན་རྟེན་རྫས་བཤམས་མཛོད་ཁང་དུ་གནས་པ་དང་། ཀྲུང་གོའི་བརྗོད་དོན་གཙོ་བོ་རྐྱང་འཛིན་དང་ཡུལ་ལྗོངས་ཧྲིལ་པོའི་རྣམ་པའི་ཐོག་ནས་འགྲེམས་སྟོན་བྱས་པའི་རང་བྱུང་འཚོལ་ཞིབ་དང་ཚན་རིག་ཉམས་ཞིབ། ཚན་རིག་སློབ་གསོ་བཅས་ཀྱི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་རེད།

རིགས་དབྱེ།  

ལོ་རྒྱུས་ས་ཁམས་རིག་པ།

ལོ་རྒྱུས་ས་ཁམས་རིག་པ་ནི་ལོ་རྒྱུས་དུས་སྐབས་ཀྱི་ས་ཁམས་ཁོར་ཡུག་དང་དེའི་འཕོ་འགྱུར་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་པ་དང་། དེ་ནི་ས་ཁམས་རིག་པའི་ན་གཞོན་ཡན་ལག་རིག་ཚན་ཞིག་ཡིན་ལ། སྲོལ་རྒྱུན་གྱི་འཕེལ་རིམ་ས་ཁམས་ཞིབ་འཇུག་དང་འབྲེལ་བ་དམ་ཟབ་ཡོད། འཕེལ་རིམ་ས་ཁམས་ཀྱིས་གཙོ་བོ་རྒྱལ་རབས་རིམ་བྱུང་གི་སྲིད་དབང་དང་མངའ་ཁོངས་ཀྱི་འཕོ་འགྱུར་ལ་ཞིབ་འཇུག་བྱེད་པ་དང་། ཀྲུང་གོ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ། ནུབ་ཕྱོགས་སུའང་དེ་དང་འདྲ་བར་ཞིབ་འཇུག་བྱས་ཡོད། འོན་ཀྱང་ལོ་རྒྱུས་ས་ཁམས་རིག་པ་དེ་དེང་རབས་ས་ཁམས་རིག་པའི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་ཐོག་མར་ནུབ་ཕྱོགས་སུ་འཕེལ་རྒྱས་བྱུང་བ་ཞིག་རེད།

རིགས་དབྱེ།  

ཕིང་ཞིན་ཀོན་གྱི་རྒྱལ་ཁ་ཆེན་མོའི་དྲན་གསོ་ཁང་།

ཕིང་ཞིན་ཀོན་གྱི་རྒྱལ་ཁ་ཆེན་མོའི་དྲན་གསོ་ཁང་ནི་སྤྱི་ལོ1969ལོར་བཙུགས་པ་དང་ཧྲན་ཞི་ཞིང་ཆེན་ཏཱ་ཐུང་གྲོང་ཁྱེར་ལིང་ཆིའུ་རྫོང་གི་ལྷོ་ནུབ་ཏུ་སྤྱི་ལེ30ཡི་སར་གནས་པའི་པའེ་ཡཱ་ཐའེ་ཞང་ནི་དམག་སྡེ་བརྒྱད་པའི་ཕིང་ཞིན་ཀོན་གྱི་དམག་འཐབ་དང་པོར་རྒྱལ་ཁ་ཆེན་པོ་ཐོབ་པར་དྲན་གསོ་ཞུ་ཆེད་དང་། “འཇར་དམག་ལས་རྣམ་པར་རྒྱལ་མི་ཐུབ་པའི”ལྷ་སྒྲུང་གཏོར་ཆེད་གཡུལ་འགྱེད་ཀྱི་རྗེས་ཤུལ་ཐོག་བསྐྲུན་པའི་དྲན་གསོ་ཁང་ཞིག་རེད། ཕིང་ཞིན་ཀོན་གྱི་རྒྱལ་ཁ་ཆེན་མོའི་དྲན་གསོ་ཁང་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་རྟེན་གཞི་བཅས་ཁག་དང་པོ་དེ་ཡིན་པ་དང་། རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ100དང་། གསར་བརྗེའི་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ30ཡི་གྲས་ཤིག་ཡིན། ཕིང་ཞིན་ཀོན་གཡུལ་འགྱེད་ཀྱི་རྗེས་ཤུལ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དང་པོར་གྱུར་ཡོད།

རིགས་དབྱེ།  

ཧུའུ་ནན།ཧུའུ་པེ།སི་ཁྲོན།ཀུའེ་ཀྲོའུ་བཅས་ཀྱི་གསར་བརྗེ་གནས་གཞིའི་དྲན་གསོ་ཁང་།

ཧུའུ་ནན། ཧུའུ་པེ། སི་ཁྲོན་ཀུའེ་ཀྲོའུ་བཅས་ཀྱི་གསར་བརྗེ་གནས་གཞིའི་དྲན་གསོ་ཁང་ནི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཞིག་ཡིན་པ་དང་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་སྤུས་དག་ལམ་ཐིག་གི་མཛེས་ལྗོངས་ཁུལ་དུ་བཅུག་ཡོད། ཧུའུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར་དུ་ཡོད་པ་དང་བར་ཐག་ལ་སྤྱི་ལེ30ཡོད། སྤྱི་ལོ1934ལོར་གནས་གཞིའི་ས་ཁུལ་འཕེལ་རྒྱས་གཏོང་ཆེད། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ལ་གཞོགས་འདེགས་བྱེད་ཆེད་རེན་པི་ཧྲི་དང་། ཧོ་ལུང་། ཀོན་ཞང་ཡིང་། ཤའོ་ཁེ། ཝང་ཀྲེན་སོགས་ཀྱིས་དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་ཁྲིད་ནས་ཧུའུ་ནན་ནུབ་རྒྱུད་ཀྱི་ཕར་རྒོལ་བྱས་ཏེ་ཏ་ཡུང་བཅིངས་འགྲོལ་བྱས། རྫོང་མཁར་དུ་ཧུའུ་ནན་དང་། ཧུའུ་པེ། སི་ཁྲོན། ཀུའེ་ཀྲོའུ་བཅས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམག་ཁུལ་བཅས་བཙུགས་ནས་ཧུའུ་ནན་དང་ཧུའུ་པེ། སི་ཁྲོན་དང་ཀུའེ་ཀྲོའུ་བཅས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་བཙུགས།

རིགས་དབྱེ།