བཀྲ་ཤིས་ཆོས་གླིང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བཀྲ་ཤིས་ཆོས་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ལྷ་སའི་ཕྱོགས་ཀྱི་དགོན་པ་ཞིག)

བཀྲ་ཤིས་ཆོས་གླིང་།
བཀྲ་ཤིས་ཆོས་གླིང་གི་རི་ཁྲོད་དེ་ལྷ་ས་ཉང་བྲན་ཕུ་ཡི་ཕ་བོང་ཁའི་རྒྱབ་རི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཡ་གྱལ་དབུ་གདུགས་ཞེས་པའི་ལ་ཉག་རུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
扎西曲林
མཚན་རྒྱས་པའམ་མཚན་གཞན།
གདུགས་ཡུར་ལྷ་ཁང་། གདུགས་ཡུ་བཀྲ་ཤིས་ཆོས་གླིང་།
གྲུབ་མཐའ།
དགེ་ལུགས་པ།
ཕྱག་འདེབས་ལོ།
དུས་རབས18པར།
ཕྱག་འདེབས་པོ།
ཚེ་དབང་རྒྱལ་མོ། པཎྡི་ཏ་བློ་བཟང་སྦྱིན་པ།
ཆགས་ཡུལ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སེ་ར་དགོན་པའི་ནུབ་བྱང་མཚམས་སུ་བར་ཐག་སྤྱི་ལེ5ལྷག
རྟེན་གཙོ།
ཐོག་མ་རྒྱལ་བ་བྱམས་པ་ལས། ཕྱིས་སུ་རྗེ་ཚེ་འཛིན་མ།
ཡི་དམ།
བདེ་མཆོག དཔའ་བོ་གཅིག་པ།
བཀའ་སྲུང་།
རྡོ་རྗེ་གཡུ་སྒྲོལ་མ། ལྷ་མ་དམག་ཟོར་མ། རྣམ་སྲས། དམ་ཅན་ཆོས་རྒྱལ། མགོན་པོ་ཕྱག་དྲུག
དུས་མཆོད་བྱེད་སྒོ།
སྔར་སྲོལ་བོད་ཟླ6ཚེས4ཉིན་རི་བསྐོར།
གྲྭ་གྲངས།
20ལྷག་ཙམ་ཡོད།
1 ངོ་སྤྲོད།

སྔར་གདུགས་ཡུར་དགོན་ཟེར།    བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ལྷ་ཁང་ཆུང་ངུ་ཞིག་ཡོད་པར་གྲགས།     དཔང་ཡིག་གི་ལོ་རྒྱུས་ཁུངས་བཙུན་མཇལ་རྒྱུ་ཡོད།     སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་ཚ་བོ་ལྷ་བཟང་ཧན་གྱིས་བོད་ཀྱི་སྲིད་དབང་བཟུང་སྐབས།     སེ་ར་ཚོགས་ཆེན་གྱི་འདུ་ཁང་དང་སྔགས་པ་གྲྭ་ཚང་གསར་བཞེངས་དང་།     གདུགས་ཡུར་རི་ཁྲོད་གསར་བཞེངས་ཀྱིས་སྔགས་པ་གྲྭ་ཚང་ལ་བསྩལ་ནས་བཀྲ་ཤིས་ཆོས་གླིང་ཞེས་མཚན་གསོལ།     སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་སེ་ར་སྔགས་པ་གྲྭ་ཚང་ནས་ཕ་བོང་ཁ་བླ་བྲང་ལ་རྩིས་འབུལ་ཞུས་ཏེ་བདག་སྐྱོང་གནང་བ་དང་།    ཕ་བོང་ཁའི་བླ་མ་སྐུ་ཕྲེང་རིམ་བྱོན་ཕེབས་སྲོལ་ཡོད།     སྔར་བཀྲ་ཤིས་ཆོས་གླིང་གི་རྟེན་གཙོ་རྒྱལ་བ་བྱམས་པ་དང་བདེ་མཆོག      གནས་བརྟན་བཅུ་དྲུག    རྒྱལ་བའི་གསུང་རབ་སོགས་དང་།     དགེ་འདུན་ཞལ་གྲངས་ཉི་ཤུ་ལྷག་ཙམ་ཡོད་པར་གྲགས།     རིག་གནས་གསར་བརྗེའི་ལས་འགུལ་ནང་རྩ་སྟོངས་སུ་སོང་།     སྤྱི་ལོ1990ནང་དད་ལྡན་རྣམས་ཀྱིས་ལྷ་ཁང་གཙོ་བོ་ཉམས་གསོ་གནང་ནས་སེ་ར་སྔགས་པ་གྲྭ་ཚང་གི་དགེ་འདུན་ལྔ་དྲུག་བཞུགས་ནས་ཆོས་ཀྱི་འཁོར་ལོ་སྐོར་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-20

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།