ཀེ་རི་སེའི་གནའ་རབས་རིག་གནས།

གནའ་བོའི་ཀེ་རི་སེ་ནི་ཀེ་རི་སེ་ཕྱེད་གླིང་དང་ཨེ་ཆེན་ཧེ་གླིང་ཕྲན་ཁག ཡ་ཤི་ཡ་ཆུང་བའི་མཚོ་འགྲམ་བཅས་ཀྱིས་གྲུབ་པ་ཞིག་རེད། གནའ་བོའི་ཤེས་རིག་དར་ཡུལ་གཞན་དག་དང་བསྡུར་ན། རི་མང་ཞིང་བདེ་ཐང་ཉུང་ལ། གླིང་ཚོམ་གང་སར་ཁྱབ་པ་ཞིག་སྟེ། དེས་མཚོ་འགྲུལ་གྱི་ལས་རིགས་དར་བ་དང་། ཡ་གླིང་ནུབ་མ་དང་། ཨེ་ཅིབ་སོགས་དང་རིག་གནས་དཔལ་འབྱོར་གྱི་འབྲེལ་འདྲིས་བྱེད་པར་ཆ་རྐྱེན་བསྐྲུན་འདུག གནའ་བོའི་ཀེ་རི་སེའི་ཤེས་རིག་གི་གྲུབ་འབྲས་ནི་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། རྩོམ་རིག་དང་ལོ་རྒྱུས་རིག་པ་དང་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་བཅས་ཕྱོགས་གང་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅིང་། གནའ་བོའི་འཛམ་གླིང་རིག་གནས་ཀྱི་མཐོ་སར་འགྲེང་འདུག

རིགས་དབྱེ།  

རོ་མའི་གནའ་རབས་རིག་གནས།

རོ་མའི་གནའ་རབས་རིག་གནས་ཀྱི་མགོ་ཁུངས་ནི་དབྱི་ཐ་ལི་རེད། དབྱི་ཐ་ལི་ནི་ས་དབུས་རྒྱ་མཚོའི་དཀྱིལ་དབུས་སུ་ཆགས་ཡོད་པ་དང་། བྱང་ཕྱོགས་ནི་རི་བོ་ཨར་ཕེ་སི་དང་འདབས་འབྲེལ་ཞིང་། ཕྱོགས་གསུམ་རྒྱ་མཚོར་ཁ་གཏད་ནས་ཡོད། གནས་དེའི་མཁའ་དབུགས་དྲོད་འཇམ་དང་ལྡན་ལ། ཆར་ཆུ་དུས་ལྟར་འབབ། ས་གཤིན་ལེགས་ཤིང་། ཞིང་ལས་དང་ཕྱུགས་ལས་འཕེལ་རྒྱས་སུ་སྨན། སྔོན་གྱི་རྡོ་ཆས་དུས་སྐབས་ནས་བཟུང་སྟེ། དབྱི་ཐ་ལིའི་ཕྱེད་གླིང་དུ་མིའི་རིགས་འཚོ་སྡོད་བྱས་མྱོང་ཞིང་། སྤྱི་ལོའི་སྔོན་གྱི་ལོ་ངོ2000ནས་མགོ་ཚུགས་ཏེ། བྱང་ཤར་ཕྱོགས་ཀྱི་ཏོ་ནོ་གཙང་པོའི་འགྲམ་རྒྱུད་ནས་ཡེན་ཨིག་སྐད་རིགས་སྨྲ་བའི་ཚོག་ཁག་ཅིག་རི་བོ་ཨར་ཕེ་སི་བརྒྱུད་ནས་དབྱི་ཐ་ལི་ཕྱེད་གླིང་དུ་འབྱོར་བ་དང་། དེའི་ཁྲོད་དུ་ཆུ་བོ་ཐེ་པོ་འབབ་རྒྱུད་ཀྱི་བདེ་ཐང་དུ་གཏན་སྡོད་བྱས་པའི་ཚོ་ཁག་དེ་དག་ལ་ལཱ་ཏིང་པ་ཞེས་བརྗོད་ཅིང་། དེ་ནི་རོ་མ་པའི་མེས་པོར་ངོས་འཛིན་པ་རེད། སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པ་ནས་བདུན་པའི་བར་དུ། ཁོང་པ་ཚོས་ཆུ་བོ་ཐེ་པོའི་སྨད་རྒྱུད་དུ་རོ་མའི་མཁར་གྲོང་བརྩིགས་ཤིང་། དེའི་རྨང་གཞིའི་ཐོག ལོ་ཟླའི་དཀའ་བ་དུ་མ་ཁྱད་དུ་བསད་དེ་རླབས་ཆེན་གྱི་རོ་མའི་ཤེས་རིག་གི་དབུ་ཁྱུད་བྲིས། རོ་མའི་གནའ་རབས་ཤེས་རིག་དར་བའི་གོ་རིམ་ཁྲོད་དུ། ཤར་ཕྱོགས་རིག་གནས་དང་ཀེ་རེ་སིའི་རིག་གནས་ཀྱི་ཤན་ཐེབས་པ་མང་ཞིང་། གཞན་ཡང་ལ་ཏིང་མི་རིགས་ཀྱི་རིག་གནས་རྨང་གཞི་བྱས་ཐོག་རིམ་གྱིས་འཐུས་སྒོ་ཚང་བ་ཅན་ཞིག་ཏུ་གྲུབ་པར་མངོན། སྤྱི་ལོའི་སྔོན་གྱི་ལོ་ངོ509ལོར་རོ་མ་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། དེས་དབྱི་ཐ་ལི་རྒྱལ་ཡོངས་ལ་དབང་བསྒྱུར་ཆེད་དུ་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་ལམ་བུར་ཞུགས། ལོ་ངོ་ཉིས་བརྒྱ་ལྷག་གི་དཔུང་འཇུག་བྱས་པ་བརྒྱུད། སྤྱི་ལོའི་སྔོན་གྱི་ལོ་ངོ272ལོར། རོ་མའི་དམག་དཔུང་གིས་དབྱི་ཐ་ལི་རྒྱལ་ཡོངས་བདག་གིར་བཟུང་། དེ་ནས་ཀྱང་དམག་འཁྲུག་རབས་དང་རིམ་པ་བརྒྱུད། ཤར་གྱི་ཡ་ཤི་ཡ་ཆུང་བ་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོར་ཐུག་གི་བར་དུ་ས་ཁོངས་རྒྱ་བསྐྱེད་ཅིང་། གོ་རིམ་དེ་དག་གི་ཁྲོད་དུ། རྒྱུ་ནོར་དང་ས་ཞིང་འབོར་ཆེན་འཕྲོག་བཅོམ་བྱས་པ་དང་། བྲན་གཡོག་མང་པོ་འཛིན་བཟུང་བྱས་པར་མ་ཟད། ཡུལ་གྲུ་དེ་དག་གི་རིག་གནས་ཀྱི་ལེགས་ཆ་སྡུད་ལེན་གནང་ཐོག་བྲན་གཡོག་ལམ་ལུགས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན།

རིགས་དབྱེ།  

ཕོ་བྲང་པོ་ཏ་ལ།

ཕོ་བྲང་འདི་ནི་སྤྱི་ལོ་དུས་རབས་བདུན་པར་བོད་རྒྱལ་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོས་དམར་པོ་རིའི་སྟེང་དུ་གསར་དུ་བཞེངས་ཤིང་། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་སྤྱི་ཁྲེ་སུམ་སྟོང་བདུན་བརྒྱ་ལྷག་ཙམ་ཡོད་པའི་བྲག་རིའི་སྟེང་ཕོ་བྲང་དང་མཁར་རྫོང་། དགོན་པ་བཅས་བདག་ཉིད་གཅིག་ཅན་གྱི་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་ཡིན་ལ། བརྩེགས་རིམ་བཅུ་གསུམ་གྱིས་གྲུབ་ཅིང་། ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན། དེ་ནས་ཕྱིས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ1645ཙམ་ལ་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་བསྐྱར་སྐྲུན་གནང་བ་དང་། རྗེས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱི་ལོ1690ལོར་རྒྱས་སྐྲུན་གནང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི36ལྷག་ཙམ་ཡོད་པ་དང་། མཐོ་ཚད་སྤྱི་ཁྲེ117.19དང། ཤར་ནུབ་ཀྱི་རིང་ཚད་ལ་སྨི360ཡོད་ལ། ལྷོ་བྱང་གི་ཞེང་ཚད་ལ་སྨི170ཡོད། སྤྱི་ལོ1961ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་གཙོ་ཆེན་གྱི་སྲུང་སྐྱོབ་སྡེ་ཚན་སྐོར་ཐེངས་དང་པོའི་ཁྲོད་བདམས་པ་དང་། སྤྱི་ལོ1994ལོའི་ཟླ12པར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་ཤུལ་བཞག་རིག་གནས་ཁྲོད་བདམས་པ་རེད། ཕོ་བྲང་པོ་ཏ་ལ་ནི་བོད་མིའི་བློ་གྲོས་ཀྱི་རྩལ་ལས་གྲུབ་པ་ཡིན་པས་བོད་ཀྱི་ཤེས་རིག་མཚོན་བྱེད་ཅིག་ཡིན་ལ། སྙིང་སྟོབས་ཀྱི་མཚོན་བྱེད་ཅིག་ཀྱང་ཡིན་ནོ། །

རིགས་དབྱེ།  

འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་མཁར་ཤུལ།

ཡུལ་ཤུལ་རྫོང་གི་སྲིད་གཞུང་ཆགས་གནས་ཏེ། སྒ་སྐྱེ་རྒུ་མདོའི་ཉེ་འཁོར་གྱི་ཡུལ་ལུང་འདི་ནི་གླིང་གེ་འབྲུག་གི་དུས་སུ་གླིང་གི་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་ཡུལ་སྡེ་ཡིན་པ་དང་། གནས་འདིར་སྒ་བདེ་དཔོན་གྱི་མཁར་ཤུལ་དང་རྫོང་ཤུལ་མང་པོ་ཡོད་ཅིང་འབྲེལ་ཡོད་ཀྱི་ངག་རྒྱུན་མང་པོ་ས་ཁྱབ་རྡོ་ཁྱབ་ཏུ་ཡོད། ཡུལ་ཤུལ་གྲོང་ཁྱེར་གྱི་སྲིད་གཞུང་ཆགས་གནས་ཀྱི་བྱང་ངོས་ཀྱི་རི་སྣའི་ཐོག་ཏུ་སྐྱེ་རྒུ་དགོན་ཞེས་པའི་ས་ལུགས་འཛིན་པའི་དགོན་པ་ཞིག་ཡོད་པ་དེར། སྔར་གྲའུ་ཕོ་བྲང་དམར་པོ་ཟེར་བའི་མཁར་ཆེན་རྔམ་བརྗིད་ཅན་ཞིག་ཡོད་པ་དེ། གླིང་གེ་འབྲུག་དུས་སུ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་མཁར་རྫོང་ཡིན་པར་གྲགས།

རིགས་དབྱེ།  

འབྲུག་མོའི་རྟ་ར།

འབྲུག་མོའི་རྟ་ར་ནི་ཡུལ་ཤུལ་གྲོང་ཁྱེར་རག་སྨད་ཡུལ་ཚོའི་ཕྱི་རུག་གྲོང་ཚོ། ཇོ་གཞུང་ཕུའི་ལུང་པ་ཞིག་སྟེ། མོ་ཧུ་ཁ་ཡང་ཟེར།

རིགས་དབྱེ།  

འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་མཁར་ཤུལ།

ཡུལ་ཤུལ་རྫོང་གི་སྲིད་གཞུང་ཆགས་གནས་ཏེ། སྒ་སྐྱེ་རྒུ་མདོའི་ཉེ་འཁོར་གྱི་ཡུལ་ལུང་འདི་ནི་གླིང་གེ་འབྲུག་གི་དུས་སུ་གླིང་གི་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་ཡུལ་སྡེ་ཡིན་པ་དང་། གནས་འདིར་སྒ་བདེ་དཔོན་གྱི་མཁར་ཤུལ་དང་རྫོང་ཤུལ་མང་པོ་ཡོད་ཅིང་འབྲེལ་ཡོད་ཀྱི་ངག་རྒྱུན་མང་པོ་ས་ཁྱབ་རྡོ་ཁྱབ་ཏུ་ཡོད། ཡུལ་ཤུལ་གྲོང་ཁྱེར་གྱི་སྲིད་གཞུང་ཆགས་གནས་ཀྱི་བྱང་ངོས་ཀྱི་རི་སྣའི་ཐོག་ཏུ་སྐྱེ་རྒུ་དགོན་ཞེས་པའི་ས་ལུགས་འཛིན་པའི་དགོན་པ་ཞིག་ཡོད་པ་དེར། སྔར་གྲའུ་ཕོ་བྲང་དམར་པོ་ཟེར་བའི་མཁར་ཆེན་རྔམ་བརྗིད་ཅན་ཞིག་ཡོད་པ་དེ། གླིང་གེ་འབྲུག་དུས་སུ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་མཁར་རྫོང་ཡིན་པར་གྲགས།

རིགས་དབྱེ།  

འབྲུག་མོའི་རྟ་ར།

འབྲུག་མོའི་རྟ་ར་ནི་ཡུལ་ཤུལ་གྲོང་ཁྱེར་རག་སྨད་ཡུལ་ཚོའི་ཕྱི་རུག་གྲོང་ཚོ། ཇོ་གཞུང་ཕུའི་ལུང་པ་ཞིག་སྟེ། མོ་ཧུ་ཁ་ཡང་ཟེར།

རིགས་དབྱེ།  

སེང་ཆེན་ནོར་བུ་དགྲ་འདུལ།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ཆགས་གནས་ཏེ་སྒ་སྐྱེ་རྒུ་མདོ་ནོར་བུ་གླིང་ནི། གནའ་སྔར་མོ་ནས་དར་མདོ་ཆབ་མདོ་སྐྱེ་མདོ་གསུམ་ཞེས་ཁམས་ཀྱི་མདོ་ཆེན་གསུམ་དུ་བགྲང་པའི་ཡ་གྱལ་ཞིག་སྟེ། ཚོང་ལས་དར་བའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན། ད་ལྟ་གྲོང་རྡལ་དེའི་ལྟེ་བའི་གནས་སུ་རིག་གནས་འདུ་ཐང་ཞིག་ཡོད་པ་དེའི་དཀྱིལ་དུ། མཐོ་ཚད་ལ་སྨི་ཉེར་གཅིག་ཡོད་པའི་བོད་ཁམས་སུ་ཆེས་ཆེ་བའི་གླིང་གེ་སར་རྒྱལ་པོའི་ཟངས་སྐུ་ཆེན་པོ་ཞིག་བཞེངས་ཡོད་པས་འདུ་ཐང་དེར་གེ་སར་འདུ་ཐང་ཞེས་མིང་དུ་ཆགས་ཡོད།

རིགས་དབྱེ།  

སུའུ་ཏན་གྱི་གཏོར་གཟུགས་མཆོད་རྟེན།

སུའུ་ཏན་གྱི་གཏོར་གཟུགས་མཆོད་རྟེན་ལ“གཏོར་གཟུགས་མཆོད་རྟེན་ཆུང་བ”ཡང་ཟེར། སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་དང་སྤྱི་ལེ240ལྷག་ཙམ་ཡོད་པའི་བྱེ་ཐང་དུ་ཡོད་ཅིང་། ཁྱོན་བསྡོམས་གཏོར་གཟུགས་མཆོད་རྟེན220ཡོད།

རིགས་དབྱེ།  

འཛམ་གླིང་འབྲས་འདེབས་རིག་གནས་ཀྱི་འབྱུང་ཁུངས།

ཝན་ཉེན་ནི་འཛམ་གླིང་འབྲས་འདེབས་རིག་གནས་ཀྱི་འབྱུང་ཁུངས་དང་ཀྲུང་གོའི་རྟེན་འབུལ་འབྲས་ཀྱི་ཕ་ཡུལ་ཡིན། ཉེ་བའི་ལོ་ཤས་རིང་རྫོང་དེར་ཡུལ་གླུ་དང་། དུས་ཚིགས། གོམས་སྲོལ། རྨོ་འདེབས་ལག་རྩལ་སོགས་ཀྱི་ནང་དོན་དང་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འབྲས་འདེབས་རིག་གནས་མ་ལག་རིམ་བཞིན་ཆགས་པ་མ་ཟད། སྔ་རྗེས་སུ“གོ་ལ་ཧྲིལ་བོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན”སྲུང་སྐྱོང་རྣམ་གྲངས་དང་རྒྱལ་ཡོངས་ཀྱི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་དང་པོར་གྱུར་ཡོད་པ་རེད།

རིགས་དབྱེ།  

པའོ་ཏིང་རི་བོའི་བྲག་བརྐོས་སྐུ་བརྙན།

པའོ་ཏིང་རི་བོའི་བྲག་བརྐོས་སྐུ་བརྙན་ནི་ཁྲུང་ཆིང་གྲོང་ཁྱེར་ཏ་ཙུའུ་ཆུས་བྱང་ཤར་གྱི་སྤྱི་ལེ15ཡི་མཚམས་ཀྱི་པའོ་ཏིང་རི་བོར་གནས་ཡོད། སྤྱི་ལོ1961ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཁྱབ་བསྒྲགས་བྱས།

རིགས་དབྱེ།