ཨེ་ཅིབ་ཀྱི་གནའ་རབས་རིག་གནས།

ཨེ་ཅིབ་ཀྱི་གནའ་རབས་རིག་གནས་ཀྱི་ས་མཚམས་དང་རྒྱལ་ཁོངས་ནི་ད་ལྟའི་དུས་དང་ཕལ་ཆེར་གཅིག་མཚུངས་རེད་དེ། ཧྥེ་གླིང་གི་བྱང་ཤར་དུ་གནས་ཤིང་། ནེ་རོ་གཙང་པོ་ནི་ལྷོ་ནས་བྱང་དུ་བཞུར་ཏེ་ས་དབུས་རྒྱ་མཚོར་འབབ་པ་རེད། ཨེ་ཅིབ་རྒྱལ་ཁབ་ཀྱི་གནམ་གཤིས་སྐམ་ཤས་ཆེ་ཞིང་ཆར་ཆུ་ཉུང་། ཡིན་ནའང་། ལོ་རེའི་ནེ་རོ་གཙང་བོ་བྲུག་པ་དེས་ནི་གཏེར་རྫས་དང་བྱེ་འདམ་སྨད་དུ་ཁུར་ཅིང་། དེའི་འགྲམ་རྒྱུད་དུ་ཡུར་ཆུ་འདྲེན་སླ་བའི་ས་ཞིང་གཤིན་པོ་ཆགས་པར་བྱས་ཏེ། སྔ་དུས་ཀྱི་ཞིང་ལས་དར་རྒྱས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་འདུག གནའ་བོའི་ཨེ་ཅིབ་ལ་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་རྒྱལ་རབས་སོ་གཅིག་བརྒྱུད་པ་རེད། རྒྱལ་ཁབ་ཀྱི་ཆགས་འཇིག་དང་། རྒྱལ་པོའི་གདུང་རྒྱུད་ཀྱི་འགྱུར་བ། རྒྱལ་ས་གཞན་དུ་སྤོས་པ། ཕྱི་རོལ་གྱི་བཙན་འཛུལ་སོགས་གང་གིས་ཀྱང་རྩ་བའི་ཆ་ནས་བཤད་ན་ཆབ་སྲིད་ཟུང་འབྲེལ་གྱི་རྒྱལ་པོའི་ལམ་ལུགས་མགོ་རྟིང་བསློགས་པར་མ་ནུས། དེར་ཡང་གཤམ་གྱི་རྒྱུ་མཚན་རེ་གཉིས་མཆིས་ཏེ། རང་ཁ་རང་གསོ་བྱེད་པའི་དཔལ་འབྱོར་གྱི་རྣམ་པ་དང་། ཕྱི་རོལ་ཡུལ་དང་འབྲེལ་ལམ་མེད་པའི་དབང་གིས་ཁ་ནང་འཁོར་དང་རྙིང་ཞེན་གྱི་བསམ་བློ་ལྟ་བ་ཆགས་པ་དང་གཅིག ནེ་རོ་གཙང་པོའི་འགྲམ་རྒྱུད་ཀྱི་གྲོག་རོང་དཀན་གཟར་དང་། དེའི་ཕྱི་རོལ་གྱི་བྱེ་ཐང་སོགས་ཀྱིས་ཕྱི་དགྲའི་འཇིགས་པ་སེལ་ཏེ་ཆབ་སྲིད་དང་ཆོས་དད་དང་རིག་གནས་སྲོལ་རྒྱུན་སོགས་ལྟོས་བཅས་ཀྱིས་གཏན་འཇགས་རྒྱུན་འཛིན་ཐུབ་པ་དང་གཉིས། གཞན་ཡང་དུས་ཡུན་རིང་བོར་ཆགས་པའི་ཨེ་ཅིབ་པའི་གཤིས་རྒྱུད་དེ། གནའ་སྲོལ་བརྩི་འཇོག་དང་སྒྲིག་ལམ་འཁུར་སྲུང་བཅས་ཀྱི་རྒྱུ་མཚན་གྱིས་སོ།། མདོར་ན། ཡུར་ཆུ་འདྲེན་པའི་ལག་རྩལ་ཧ་ཅང་དར་རྒྱས་སུ་ཕྱིན་པ་དེས་གནའ་བོའི་ཨེ་ཅིབ་པའི་ལག་ཤེས་བཟོ་ལས་དང་ཚོང་ལས་བླ་ལྷག་གིས་འཕེལ་བ་དང་། དེས་ཀྱང་རིག་གནས་ཀྱི་བྱུང་འཕེལ་ལ་དངོས་པོའི་བདག་རྐྱེན་ཟམ་མ་ཆད་པར་བསྐྲུན་པ་རེད།

རིགས་དབྱེ།  

གནའ་དཔེའི་ཐེམ་བྱང་།

ཐེམ་བྱང་ཞེས་པ་ནི་སྤྱིར་ཡི་གེ་རང་གི་དག་ཆའི་ཐོག་ནས་འགྲེལ་ན། ཐེམ་ཞེས་པ་ནི་སྒོ་ཡི་ཐེམ་པ་དང་། བྱང་ཞེས་པ་ནི་དེ་དག་ལ་ཁ་ཡིག་བྲིས་ནས་བཞག་པ་ལ་ཐེམ་བྱང་ཟེར། དེས་ན་ཐོག་མར་ཐེམ་བྱང་ཞེས་པའི་ཚིག་འདི་དུས་ཚོད་ནམ་ཞིག་ལ་བྱུང་བའི་ཚིག་ཡིན་ནམ་ཞེ་ན། དེ་ནི་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བྱུང་བའི་ཚིག་ཅིག་ཡིན་ཞིང་། ཐེམ་བྱང་དང་ཐེམ་སྤངས་མ། ཐེང་དཔང་མ་སོགས་སྔོན་འབྲི་སྲོལ་ཁག་མི་འདྲ་བ་བྱུང་ཡོད།

རིགས་དབྱེ།  

གནའ་དཔེའི་མཇུག་བྱང་ལས་བྱུང་བའི་ཡི་གེ་བ།

སྔོན་གྱི་འཇིག་རྟེན་མིག་གཅིག་ལྟ་བུའི་ལོ་པཎ་སྐུ་དྲིན་ཅན་རྣམས་ཀྱིས་རང་སྲོག་དོད་དུ་བཙུགས་ཏེ་དཀའ་ངལ་ཁྲི་ཕྲག་མང་པོ་ཁྱད་དུ་བསད་དེ་རྒྱ་བལ་ལི་སོགས་ཀྱི་སྐད་དང་ཡི་གེ་ལས་རང་རིགས་ཀྱི་ཕ་སྐད་དུ་ཕབ་སྒྱུར་གནང་བའི་གསུང་རབ་བཀའ་འགྱུར་དང་། དེ་དག་ལ་ལུང་དང་རིག་པས་ཁུངས་བཅོལ་ཏེ་རང་རིགས་ཀྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟར་བྱོན་པ་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གསུང་རབ་འགྲེལ་རྩོམ་ཁག་ལྗགས་རྩོམ་གནང་བ་དེ་དག་ལས། བོད་ཀྱི་གསུང་རབ་རྡོ་ཆེན་བཀའ་འགྱུར་སོགས་ཀྱི་རྩིག་པར་རྡོ་ཆུང་འགྲེལ་རྩོམ་དག་ལས་ལྷན་པ་སྟེར་ཏེ། བྲིས་དང་དཔར་མའི་གསུང་རབ་བྲག་རི་བརྩིགས་པ་འདྲ་བ་དེ་དག་ད་ལྟ་རང་རིགས་ཀྱི་མཇལ་ཡུལ་དུ་མཆིས་པ་ནི་སྐལ་བ་བཟང་ངོ་།། དེ་དག་གི་ཁྲོད་ནས་རང་རང་ལས་རིགས་མི་འདྲ་བ་སོ་སོའི་ཞིབ་འཇུག་པ་དང་དཔེ་ཆ་བ་དག་གིས་སྔོན་གྱི་གསུང་རབ་གཟིགས་མྱོང་ཡོད་ཚེ། གསུང་རབ་དེ་དག་གི་མཇུག་བྱང་དུ་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གི་མཐོང་ཐོས་སུ་གྱུར་པ་ལྟར་ཡི་གེ་བ་ཆེ་གེ་མོས་སུག་བྲིས་བགྱིས་ཞེས་དང་ཡང་ཡི་གེ་བ་རང་གི་སློབ་མ་ཆེ་གེ་མོའོ་སོགས་མཐོང་ཐོས་དབང་པོའི་ཡུལ་དུ་གྱུར་ཡོད་ངེས་ལགས། འོན་ཏེ་དེའི་ཐད་ལ་བོད་ཀྱི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གིས་མཉམ་འཇོག་མ་གནང་བའམ་ཡང་ན་དུས་ཚོད་ཀྱིས་རྐྱེན་པས་དེའི་སྐོར་ལ་དཔྱད་པ་བཏང་ཡོད་པ་ད་ཕན་མཐོང་ཐོས་སུ་མ་གྱུར། དེ་ནི་བོད་ཀྱི་གསུང་རབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པར་སེམས་ཏེ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་རྒྱ་ནག་གི་བཀའ་བསྟན་རྣམས་ལ་འགྱུར་བྱང་གི་དོན་དུ་ལོ་ཙཱ་བའི་མཚན་ཙམ་འགོད་པ་ལས། རྒྱ་གར་སྐད་དང་འགྱུར་ཕྱག བམ་གྲངས་འགོད་པ་སོགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་སྣང་ངོ་།། དེ་བཞིན་དུ་རྒྱ་ནག་གི་འགྱུར་བྱང་གཞུང་གི་མཇུག་ཏུ་མི་འགོད་པར་དབུར་འགོད་པ་ནི་རྒྱ་ནག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོ།། ཞེས་གསུངས་པས་མཚོན། དེས་ན་འདིར་མཛད་བྱང་ལས་བྱུང་བའི་ཡི་གེ་བ་དང་། བྲིས་མ་ལས་བྱུང་བའི་འབྲི་བཤུས་ཡི་གེ་བ། དཔར་བྱང་ལས་བྱུང་བའི་ཡི་གེ་བ། འགྱུར་བྱང་ལས་བྱུང་བའི་ཡི་གེ་བ་བཅས་རིམ་པ་བཞིན་བཤད་པར་བྱའོ།

རིགས་དབྱེ།  

གནའ་དཔེའི་རྟགས་ཐམ།

བོད་ཀྱི་གནའ་བོའི་དུས་རབས་མི་འདྲ་བའི་ནང་དུ་བྲིས་བཞེངས་གནང་བའི་ཡིག་ཚགས་དང་གསུང་རབ་ཀྱི་སྟེང་དུ་དུས་རབས་དེའི་ལག་རྩལ་གྱི་ཆུ་ཚད་དང་འབྲེལ་བའི་དམིགས་བསལ་གྱི་རྟགས་དང་དབྱིབས་གཟུགས་མི་འདྲ་བའི་ཐམ་གའི་ཁ་རིས་བཏབ་པའི་ཡིག་ཚགས་མི་ཉུང་བ་ཞིག་བོད་ཡིག་གནའ་དཔེ་ཡོངས་བཤེར་གྱི་སྐབས་སུ་མཇལ་ཐུབ་པ་བྱུང་གཤིས། དེར་བརྟེན་འདིར་ཡིག་ཚགས་དང་འབྲེལ་ཏེ་དམིགས་བསལ་རྟགས་སམ་རྟགས་ཐམ་གྱི་སྐོར་ལ་དཔྱད་པར་བྱའོ།།

རིགས་དབྱེ།  

གནའ་དཔེའི་ལྡེབ་གྲངས།

དེ་ཡང་གསུང་རབ་ཀྱི་ལྡེབ་གྲངས་ཞེས་པ་ནི་བོད་སྐད་དཔེ་རྙིང་གི་ཤོག་ལྡེབ་རྒྱབ་མདུན་གཉིས་མཉམ་དུ་སྡེབ་ནས་ཤོག་ངོས་གཅིག་ཏུ་བརྩིས་པ་དེ་ལ་གསུང་རབ་ཀྱི་ལྡེབ་གྲངས་ཞེས་བརྗོད་པ་ཡིན། གསུང་རབ་ཀྱི་སྟེང་དུ་ལྡེབ་གྲངས་འབྲི་བའི་སྲོལ་དེ་ནི་དུས་ནམ་ཞིག་ལ་དར་བ་ཡིན་ནམ་ཞེ་ན། གསུང་རབ་ཀྱི་སྟེང་དུ་ལྡེབ་གྲངས་འགོད་པའི་སྲོལ་དེ་མ་བྱུང་བའི་ཡར་སྔོན་དུ་གསུང་རབ་ཀྱི་ལྡེབ་གྲངས་ཀྱི་བྱེད་ནུས་དེ་ཡང་གསུང་རབ་བྲིས་མའི་སྟེང་དུ་གསལ་བའི་སྒོར་ཐིག་གི་མིག་ཕུའི་ནང་དུ་བརྒྱུས་པའི་རྒྱུན་བུ་དེས་བཟུང་ཡོད།

རིགས་དབྱེ།  

འཕྲུལ་ཡིག

འཕྲུལ་ཡིག་ཅེས་པ་ནི་བརྡ་ཡིག་དང་གཏེར་ཡིག་ལྟ་བུ་གསང་བར་སྤྱོད་པའི་ཡིག་གཟུགས་ཤིག་ལ་ཟེར།

རིགས་དབྱེ།  

གནའ་དཔེ།

སྔོན་དུས་སུ་བྱུང་བའི་བོད་ཀྱི་རིག་གནས་སྟེ།ཕྱུགས་ཟོག་གི་རུས་པ་དང་ཤིང་ཁྲམ།རས་བྱང་དང་རྡོ་རིང་།ཅོང་ཆེན་དང་ཤོག་བུ་སོགས་ཀྱི་སྟེང་དུ་ཕབ་པའི་འབྲི་རྫས་དཔེ་གཟུགས་སུ་བཅོས་པ་ལ་ཟེར།

རིགས་དབྱེ།  

གནའ་དཔེའི་དཔེ་གཟུགས།

བོད་ལ་སྔོན་གྱི་སྐྱེ་བོ་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་པ་དེ་དག་གི་སྐུ་དྲིན་ལས་སྐྱེ་བོ་ཕལ་པའི་བསམ་ཡུལ་ལས་འདས་པའི་གནའ་དཔེ་འབོར་ཆེན་ཞིག་འབྲི་བཞེངས་གནང་ཡོད་པ་དེ་དག་ད་ལྟ་བོད་ཀྱི་རི་ཁྲོད་དང་དགོན་སྡེ།མི་སྒེར་དང་དཔེ་མཛོད་ཁང་།རྟེན་རྫས་བཤམས་སྟོན་ཁང་དང་ཡིག་ཚགས་ལས་ཁུངས་སོགས་སུ་བཞུགས་ཡོད།དེ་དག་གི་དཔེ་གཟུགས་རྣམ་པ་ཡང་གླེགས་བམ་སྣ་རིང་གི་རྣམ་པ་ཁོ་ན་ཙམ་མ་ཡིན་པར་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་སྟེ།ཤོག་དྲིལ་དང་ཁྲམ་བྱང་།ལྟེབས་ཟུར་མ་དང་ལྟེབས་མགོ་མ་ད་དུང་ལྟེབས་འགྲིག་མ་སོགས་ཀྱང་བྱུང་ཡོད་གཤིས།འདིར་གནའ་དཔེའི་དཔེ་གཟུགས་དེ་དག་གི་བྱུང་བ་དང་ཁྱད་ཆོས་སོགས་རིམ་པས་བཤད་པར་བྱའོ།།

རིགས་དབྱེ།  

གནའ་དཔེའི་འབྲི་རྫས།

བོད་ཀྱི་གནའ་དཔེ་དེ་ཡང་མི་རིགས་གཞན་གྱི་གནའ་དཔེ་དང་འདྲ་བར་འབྲི་རྫས་རིགས་མི་འདྲ་བ་བེད་སྤྱོད་གནང་ནས་བྲིས་པ་སྟེ་བོད་ཀྱི་དགོན་སྡེ་ཁག་དང་མི་སྒེར་གྱི་ཕྱག་ཏུ་ཉར་ཚགས་གནང་ཡོད་པ་མི་ཉུང་བ་ཞིག་ད་ལྟའང་མཇལ་རྒྱུ་འདུག་ལ། མི་དབང་སངས་རྒྱས་ཚོས་ཀྱང་གྲོ་ག་ཤིང་ཤུན་རས་དང་ཤོག་བུ་སོགས་དཀར་པོའམ་ཚོས་མ་ཞེས་པས་ཀྱང་གནའ་དཔེའི་འབྲི་རྫས་ཤིང་ཤུན་དང་རས། རྡོ་ལེབ་དང་ཅོང་། སེམས་ཅན་གྱི་རུས་པ་དང་པགས་པ་བཅས་ཡོད་པ་སོགས་སྒྲའི་ནང་དུ་བསྡུས།

རིགས་དབྱེ།  

གནའ་དཔེའི་མཚན་བྱང་།

གནའ་དཔེའི་མཚན་བྱང་ཞེས་པ་ནི་གསུང་རབ་ཀྱི་དཔེ་མིང་ལ་ཟེར། དུས་རབས13ནས་བཟུང་སྙན་གཞུང་གི་འཆད་ཉན་རྒྱ་ཆེར་འཕེལ་བའི་སྟབས་ཀྱིས་སྙན་ངག་གིས་ཤན་ཞུགས་པའི་མཚན་བྱང་སྙན་ཆ་ལྡན་ཞིང་ཚིགས་བཅད་ཀྱིས་ལམ་ནས་ཀྱང་འབྲི་སྲོལ་བྱུང་། དུས་རབས16པའི་རྗེས་ནས་བོད་ཀྱི་གསུང་རབ་ཁག་ལ་ཡིག་རིགས་གཅིག་ཁོ་ན་མ་ཡིན་པར་མཚན་བྱང་སུམ་འབིད་དང་ཤན་སྦྱར་སོགས་བྱུང་།

རིགས་དབྱེ།  

གནའ་དཔེ་བྲིས་མ།

དཔར་གྱི་རིག་པ་དེ་མ་དར་བའི་ཡར་སྔོན་ནམ་རིག་པ་དེ་དར་ནས་བོད་ཀྱི་ཡུལ་ལུང་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་མ་སོང་བའི་བར་ལ་བྱིན་རླབས་ཆེ་བ་དང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་ཆེད་དུ།ཤང་མཚལ་དང་གསེར་དངུལ་གཡུ་བྱུར་སོགས་ཀྱི་ཁུ་བས་སྣག་ཚ་བགྱིས་ཏེ་མཐིང་ཤོག་དང་གན་ཤོག ཀོང་ཤོག་དང་རྒྱ་ཤོག་སོགས་ཀྱི་སྟེང་དུ་ཡིག་མཁན་གྱི་སོར་མོའི་འདུ་བྱེད་ཁོ་ནར་བཅོལ་ནས་ཡིག་གཟུགས་དབུ་ཆེན་དང་འཕྲུལ་ཡིག དབུ་མེད་སོགས་ཀྱིས་བྲིས་བཞེངས་གནང་བའི་གསུང་རབ་ཁག་ལ་གསུང་རབ་བྲིས་མ་ཞེས་བརྗོད་ཀྱི་ཡོད།

རིགས་དབྱེ།  

གནའ་དཔེ་དཔར་མ།

ཐོག་མར་དཔར་བྱང་ཞེས་པ་ནི་དཔར་བྱང་སྨོན་ཚིག་ལ་ཟེར་གྱི་ཡོད། བོད་ཀྱི་གསུང་རབ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་དེ་ནི་གསུང་རབ་དེ་ཆ་ཡོངས་སུ་རྫོགས་ནས་གསུང་རབ་དེ་མ་དཔེར་བཟུང་སྟེ། དེ་དག་དཔར་པས་དཔར་ཤིང་ལ་བརྐོ་བའི་སྐབས་སུ་སྐྱེས་ཆེན་དམ་པ་ཞིག་གིས་ཚིགས་བཅད་ཀྱི་ལམ་ནས་གླེགས་བམ་དེ་དཔར་དུ་སྒྲུབ་དུས་དངོས་ཤུགས་གང་རུང་ནས་རྒྱུ་དངོས་སྦྱོར་མཁན་གྱི་མཚན་དང་བཅས་དྲངས་ཏེ་དམ་པ་དེའི་གསུང་རབ་དཔར་ཤིང་དུ་འགོད་སྐབས་བཀྲ་ཤིས་སྨོན་ལམ་དང་བཅས། དམ་པ་གང་དེའི་གསུང་རབ་ཕྱོགས་དང་རིས་སུ་མ་མཆིས་པར་ཕྱོགས་ཡོངས་ནས་བསྟན་པ་རྒྱས་ཆེད་དང་དགོས་འདོད་ཀྱི་འབྲས་བཟང་སྨིན་སླད་དུ་སྨོན་ཚིག་སྦྱར་བ་དེ་ལ་ཟེར།

རིགས་དབྱེ།  

མཆན་འགྲེལ།

མཆན་འགྲེལ་ཞེས་པའི་ཚིག་དེ་བེད་སྤྱོད་མ་བྱས་པའི་ཡར་སྔོན་དུ་བོད་ཀྱི་མཁས་པ་དང་གསུང་རབ་སྨྲ་བ་དག་གིས་མཆན་འགྲེལ་ཞེས་པའི་ཚིག་དེའི་སྐད་དོད་དུ་ལེགས་སྦྱར་གྱི་སྐད་ཌིཀྐ་ཞེས་པ་དེ་བཀོད་སྤྱོད་གནང་གི་འདུག ཌིཀྐ་ཞེས་པའི་གོ་དོན་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཌིཀྐ་ཞེས་པ་ལེགས་སྦྱར་ཏེ་དཔེ་གཞུང་རྩ་བ་གང་ཡིན་འགྲེལ་བཤད་དམ་འགྲེལ་བ་ལ་ཟེར།

རིགས་དབྱེ།  

གནའ་དཔེའི་བརྟག་ཐབས།

གནའ་དཔེའི་དཔར་གཞི་བརྟག་པའི་དམིགས་ཡུལ་ནི་གནའ་དཔེ་དེའི་མཛད་པ་པོ་དང་ཡིག་མཁན། དཔར་བརྐོ་མཁན། དབུ་ཞབས་ཀྱི་ལྷ་འབྲི་མཁན། འབྲི་བཞེངས་ཀྱི་དུས་ཚོད་དང་དཔེ་རྒྱུན་ཇི་ལྟར་འཕེལ་ཡོད་མེད་སོགས་གོ་ཤེས་ཐུབ་པ་བྱས་ཏེ་གནའ་དཔེའི་རིན་ཐང་གཏན་ལ་དབབ་རྒྱུ་དེ་ཡིན། གནའ་དཔེ་བརྟག་ཐབས་ཀྱི་སྐོར་ལ་དེང་གི་གནའ་དཔེ་ཞིབ་འཇུག་པ་ནུབ་ཕྱོགས་ཀྱི་མཁས་པ་དག་གིས་བཞེད་པ་ཇི་སྙེད་ཅིག་གསུང་ཡོད་པ་དེ་དག་རྨང་གཞིར་བྱས་ཏེ། དཔེ་རྙིང་གི་སྤྱིའི་ཁྱད་ཆོས་ཏེ་གླེགས་ཤིང་དང་གདོང་དར། དཔེ་རབ་དང་ཞལ་ཁེབས། གླེགས་ཐག་དང་། གླེགས་བམ་གྱི་ཤོག་རྒྱ། སྣག་ཤོག ཡིག་གཟུགས། ཡིག་ཕྲེང་བཅས་ཕྱིའི་ཁྱད་ཆོས་དེ་དག་བསྣན་ཏེ་རང་ཉིད་དཔེ་རྙིང་ཡོངས་བཤེར་དང་ཐོ་འགོད། བརྟག་དཔྱད་བཅས་གནའ་དཔེ་བརྟག་ཐབས་ཅུང་ཟད་ཅིག་བརྗོད་པར་བྱ།

རིགས་དབྱེ།  

གནའ་དཔེ་བྲིས་མའི་སྒོར་ཐིག

དཔར་གྱི་རིག་པ་དེ་མ་དར་བའི་ཡར་སྔོན་དང་རིག་པ་དེ་དར་ནས་བོད་ཀྱི་ཡུལ་ལུང་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་བར་དུ་བོད་ཀྱི་གསུང་རབ་ཁག་ཡི་གེ་མཁན་པོའི་སོར་མོའི་འདུ་བྱེད་ལ་བཅོལ་ནས་འབྲི་བཤུའི་ལས་བགྱིས་སྟེ་གསུང་རབ་འབྲི་བཤུ་གནང་ཡོད་པ་སྔོན་གྱི་གསུང་རབ་དག་གི་མཇུག་བྱང་ལས་རྟོགས་ཐུབ། གསུང་རབ་བྲིས་མ་དེ་དག་གི་སྟེང་དུ་རང་རང་སོ་སོའི་ལྡེབ་གྲངས་ཀྱི་ཆེ་ཆུང་ལ་གཞིག་པའི་དེ་དག་གི་སྟེང་དུ་མཚལ་གྱི་སྒོར་ཐིག⊙ལི་རྨིད3.5འདི་འདྲ་གཉིས་རེ་བྲིས་ཡོད་པ་མཇལ་རྒྱུ་འདུག དེར་བརྟེན་སྒོར་ཐིག་དེ་འབྲི་དགོས་པའི་དགོས་པ་དང་བྱེད་ནུས་གང་ཞིག་ཡིན་པའི་སྐོར་ཞུ་རྒྱུ་ཡིན།

རིགས་དབྱེ།  

སྤྱན་ཁྱེར་རྒྱ།

སྤྱིར་གྱི་ཆ་ནས་སྔོན་གྱི་མེས་པོ་དག་གི་གསུང་རབ་མི་འཁྲུགས་པའི་ཆེད་དུ་རྒྱ་རིམ་པ་བདུན་གྱིས་བཏབ་ཡོད་པ་སྟེ། ཚེག་གི་རྒྱ་དང་། ཤད་ཀྱི་རྒྱ། ལེའུའི་རྒྱ། བམ་པོའི་རྒྱ། བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གི་རྒྱའམ་སྤྱན་ཁྱེར་གྱི་རྒྱ་བཅས་གསུང་ཡོད་ཀྱང་། ཆོས་ཚན་ཇི་སྙེད་ཅིག་བཞུགས་པའི་གླེགས་བམ་དང་པོད་མང་པོ་ཞིག་དུས་རབས་དང་ལོ་རྒྱུས་དབང་གིས་དཔེ་རྙོག་ཏུ་སོང་ཡོད་སྟབས། དེ་དག་གོ་རིམ་བསྒྲིགས་པའི་སྐབས་ལ་གཙོ་བོ་གང་ཞིག་ལ་མགོ་བཏགས་བཅོལ་ཏེ་བསྒྲིགས་དགོས་སམ་ཞེ་ན། གདོང་ཡིག་གི་རྒྱའམ་སྤྱན་ཁྱེར་གྱི་རྒྱ་དེ་ལ་བཅོལ་ནས་གོ་རིམ་བསྒྲིགས་ན་འཐུས་སྒོ་ཚང་པོ་ཞིག་སྒྲིག་ཐུབ། བོད་ཀྱི་གསུང་རབ་ཀྱི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་བོད་གྲངས་དེ་མཚོན་བྱེད་ཀྱི་ཀ་མད་གོ་རིམ་དང་། པོད་དེའི་ལྡེབ་གྲངས། པོད་དེའི་མཚན་བྱང་བཅས་སྤྱན་ཁྱེར་གྱི་རྒྱའི་ནང་དུ་བྲིས་ཡོད་ཙང་། སྤྱན་ཁྱེར་གྱི་རྒྱ་དེར་མགོ་བཏགས་བཅོལ་ནས་ལེགས་བསྒྲིགས་བྱས་ཚེ་སྤུས་དག་པོ་ཞིག་བྱ་ཐུབ།

རིགས་དབྱེ།  

གནའ་དཔེའི་དབུ་ཞབས་ལྷ་སྐུ།

དབུ་ཞབས་ལྷ་སྐུ་ནི་བོད་ཀྱི་གསུང་རབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། དེ་ནི་གནའ་དཔེའི་དབུ་ཤོག་གི་སྲིབ་ངོས་དང་། ཞབས་ཤོག་གི་ཉིན་ངོའི་གཡས་གཡོན་གཉིས་སུ་གསུང་རབ་ཀྱི་གཞུང་དང་གྲུབ་མཐའ་སོ་སོའི་སྲོལ་འབྱེད་ཀྱི་སློབ་དཔོན་གོང་མ་དག་གི་སྐུ་བརྙན་དང་གཞུང་དེ་མཛད་མཁན་གྱི་མཛད་པ་པོ། གསུང་རབ་དེ་བྲིས་དཔར་བཞེངས་སོགས་ཀྱི་བྱ་བར་དཔལ་འབྱོར་གྱི་ཐོག་ནས་ཕྱར་བ་གྲུ་འདེགས་གནང་མཁན་གྱི་སྦྱིན་པའི་བདག་པོ་དང་ནང་བསྟན་སྲུང་མ་སོགས་ཀྱི་སྐུ་བརྙན་བྲིས་བརྐོས་གནང་ཡོད་པ་དེ་ལ་ཟེར།

རིགས་དབྱེ།  

གནའ་དཔེ་བྲིས་མའི་མཛད་བྱང་།

མཛད་བྱང་ནི་གསུང་རབ་དེ་ཐོག་མར་མཛད་པ་པོར་སྐུལ་སློང་གི་ས་བོན་ཐད་ཀར་བསྐྲུན་གནང་མཁན་གྱི་བླ་སློབ་དང་མཆོད་ཡོན། སྦྱིན་བདག ལྗགས་རྩོམ་མཁན། ལྗགས་རྩོམ་གྱི་དུས་ཡུན། ལྗགས་རྩོམ་གྱི་ལུང་ཁུངས་རྒྱབ་རྟེན། ལྗགས་རྩོམ་གྱི་རེག་ཟིག་མཁན་ཏེ་ཡི་གེ་བ། ཞུ་དག་མཁན། དབུ་ཞབས་ལྷ་སྐུ་འབྲི་མཁན། ཉེར་མཁོའི་སྣག་ཤོག་རྒྱུ་སྤུས་དང་ཡུལ་དུས་སོགས་ཁ་གསལ་གཏིང་ཟབ་མོར་བཀོད་པ་དེ་ལ་རྒྱ་བོད་ཀྱི་གསུང་རབ་རིག་པ་སྨྲ་བ་དག་གིས་གསུང་རབ་ཀྱི་མཛད་བྱང་ཞེས་བརྗོད་བཞིན་འདུག

རིགས་དབྱེ།  

གླེགས་ཐག

གླེགས་ཐག་ནི་གླེགས་བམ་ཁ་ཐོར་དུ་མི་འགྲོ་བའི་ཆེད་དུ་ཆིངས་བའི་སྐུ་རགས་ལ་ཟེར།

རིགས་དབྱེ།  

གདོང་དར།

གདོང་དར་ནི་གསུང་རབ་དག་གི་ནང་དོན་ཤིན་ཏུ་བསྡུས་པའི་སྒོ་ནས་བྲིས་ཏེ་ལྟ་ཀློག་བདག་གཉེར་བྱེད་སླ་བའི་ཆེད་དུ་དབུ་ཤོག་དང་ལྷན་དུ་སྦྱར་བའི་གོས་དར་ཅིག་ཡིན་ལ། སྒྲིལ་ཆས་གཞན་དང་བསྡུར་ན་ཅུང་ཟད་ཞིག་ཕྱིས་ནས་དར་བར་མངོན། གསུང་རབ་དེ་དག་ཀུན་དགའ་ར་བའི་ནང་དུ་གྲལ་ལ་མངའ་བ་བཞིན་འཇོག་སྐབས། གསུང་རབ་དེ་དག་གི་ནང་དོན་གང་ཞིག་ཡིན་པ་དེ་དག་གདོང་དར་གྱི་སྟེང་དུ་ཤིན་ཏུ་བསྡུས་པའི་སྒོ་ནས་བྲིས་ཏེ་ཀ་མད་ལ་གོ་རིམ་བཅོལ་ཏེ་ཀུན་དགའ་ར་བར་བསྒྲིགས་ཏེ་ལྟ་ཀློག་དང་བདག་གཉེར་སླ་བའི་ཆེད་དུ་ཡིན།

རིགས་དབྱེ།  

གླེགས་ཐག

གླེགས་ཐག་ནི་གླེགས་བམ་ཁ་ཐོར་དུ་མི་འགྲོ་བའི་ཆེད་དུ་ཆིངས་བའི་སྐུ་རགས་ལ་ཟེར་ལ། གསུང་རབ་ཀྱི་ལྡེབ་གྲངས་འགོད་སྲོལ་མ་བྱུང་བའི་ཡར་སྔོན་དུ་གསུང་རབ་ལྡེབ་ཀྱི་ཉིན་སྲིབ་དང་ལྡེབ་གྲངས་མི་འཁྲུག་པའི་བྱེད་ནུས་གཙོ་བོ་ཟིན་མཁན་དེ་ནི་སྒོར་ཐིག་ནང་དུ་བརྒྱུས་པའི་རྒྱུན་བུའམ་རྩིང་སྐུད་དེ་གླེགས་ཐག་ཡིན་ནོ།།

རིགས་དབྱེ།  

གླེགས་ཤིང་།

གླེགས་ཤིང་ནི་བོད་ཀྱི་གསུང་རབ་གླེགས་བམ་མམ་པོ་ཏིའི་རིགས་ལ་བསྒྲོན་པའི་ཕྱི་ཤུན་ནམ་དཔེ་ཆ་དཀྱིལ་དུ་བཞག་ནས་ཕྱོགས་གཉིས་ནས་སྡོམ་བྱེད་ཀྱི་ཤིང་ལེབ་སྟེ། གླེགས་ཤིང་དེས་གླེགས་བམ་དེའི་གཞུང་དངོས་ཀྱི་ཤོག་ལྡེབ་སྔ་ཕྱི་མི་འཁྲུག་པ་དང་རྡུལ་དྲེགས་འགོག་པ། ལྟེབས་སྙིགས་མི་ཡོང་བ། གླེགས་བམ་དེར་འབུ་སྲིན་དང་བརླན་གཤེར་སོགས་ཀྱི་གནོད་པ་འགོག་པ། ཀུན་དགའ་ར་བར་འཇོག་སྒྲིག་བདེ་བ་སོགས་ཀྱི་དགོས་པ་མང་པོ་ཡོད།

རིགས་དབྱེ།  

བཀའ་འགྱུར་པར་གཞི།

བདག་ཅག་གི་སྟོན་པ་སྐུ་མྱ་ལས་འདས་ནས་ལོ་ངོ་དུ་མའི་རྗེས་སུ་རྒྱལ་ཚབ་དམ་པ་འོད་སྲུང་ཆེན་པོ་ལ་སོགས་པའི་དགྲ་བཅོམ་པ་མང་བོས་བཀའ་བསྡུ་རིམ་པར་མཛད་ཅིང་། ཁོང་གི་གསུང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་གླེགས་བམ་སོགས་སུ་ཕབ། དེ་ནས་རི་བོ་གངས་ཅན་པར་གྲགས་པའི་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་མཁྱེན་དཔྱོད་དང་མཐུ་སྟོབས་སོགས་ལྡན་པའི་ཆོས་རྒྱལ་ལོ་པཎ་རིམ་བྱོན་གྱིས་བོད་ཡིག་གསར་དུ་བཟོས་ཤིང་། འཕཊ་ཡུལ་སོགས་ན་བཞུགས་པའི་བཀའ་རྣམས་ཕྱོགས་གཅིག་ཏུ་བསྡུས། པཎ་གྲུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་བརྒྱ་ཕྲག་མང་བོ་བོད་ཡིག་ཏུ་བསྒྱུར། རྒྱལ་བའི་བཀའ་རྣམས་བོད་ཀྱི་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བཀའ་འགྱུར་ཟེར་བ་དང་། དེ་དག་ཤིང་སོགས་སུ་བརྐོས་ཏེ་དཔར་དུ་བཏབ་པ་ལ་ཤིང་དཔར་དང་ལྕགས་དཔར་རོ།།

རིགས་དབྱེ།  

སངས་རྒྱས་བདུན་གྱི་མཆོད་རྟེན་རྡོ་རིང་།

རྡོ་རིང་འདི་ནི་སྤྱི་ལོ1774ལོར་བཞེངས་པ་ཞིག་རེད། དེའི་བཞེངས་ཡུལ་ནི་པེ་ཅིང་པའེ་ཧའེ་སྤྱི་གླིང་གི་བདེ་བ་ཅན་གྱི་རྒྱབ་རའི(ད་ལྟ་པེ་ཅིང་གནའ་རྫས་བརྟག་དཔྱོད་རུ་ཁག)ནང་གི་སངས་རྒྱས་སྟོང་གི་མཆོད་རྟེན་ཁང་ཡིན།

རིགས་དབྱེ།  

ཁྲེན་ཏེའི་བཀྲ་ཤིས་ལྷུན་པོ་ལྷ་ཁང་གི་གློ་སྒོའི་རྡོ་རིང་།

རྡོ་རིང་འདི་ནི་སྤྱི་ལོ1779ལོ་སྟེ། ཆན་ལུང་ཁྲི་ལོ་ཞེ་བཞི་པར་བཞེངས་པ་ཞིག་ཡིན། རྡོ་རིང་དེ་ནི་ཁྲིན་ཏེའི་བཀྲ་ཤིས་ལྷུན་པོ་ལྷ་ཁང་གི་གཡས་ཕྱོགས་གློ་སྒོའི་མདུན་དུ་བཞེངས་ཡོད།

རིགས་དབྱེ།  

ཁྲིན་ཏེའི་བཀྲ་ཤིས་ལྷུན་པོ་ལྷ་ཁང་གི་རྡོ་རིང་།

རྡོ་རིང་འདི་ནི་སྤྱི་ལོ1780ལོ་སྟེ། ཆན་ལུང་ཁྲི་ལོ་ཞེ་ལྔ་པར་བཞེངས་པ་ཞིག་ཡིན། རྡོ་རིང་སྟེང་དུ་ཡིག་རིགས་བཞི་བརྐོས་ཡོད། མཐོ་ཚད་ལ་སྨི་བརྒྱད་ཡིན། ཁྲིན་ཏེའི་བཀྲ་ཤིས་ལྷུན་པོ་ལྷ་ཁང་གི་རྡོ་རིང་ཁང་དུ་བཞེངས་ཡོད།

རིགས་དབྱེ།  

ཤང་ཧྲན་ཇོ་བོ་ལྷ་ཁང་གི་ཚིགས་བཅད་དྲུག་ལྡན་གྱི་རྡོ་རིང་།

རྡོ་རིང་འདི་ནི་སྤྱི་ལོ1780ལོ་སྟེ། ཆན་ལུང་ཁྲི་ལོ་ཞེ་ལྔ་པར་བཞེངས་པ་ཞིག་ཡིན། རྡོ་རིང་དེ་པེ་ཅིང་ཤང་ཧྲན་ཇོ་བོའི་ལྷ་ཁང་དུ་བཞེངས་ཡོད།

རིགས་དབྱེ།  

རི་རྫོང་དཔོན་ཁང་།

རི་རྫོང་དཔོན་ནི་གནའ་སྔ་མོ་ཤ་འུ་གཤིས་པའི་དཔོན་ཡིན་ལ། མི་ཉག་ལྕགས་ལ་རྒྱལ་པོའི་བློན་པོ་ཞིག་ཀྱང་ཡིན་པར་ཐོས། ཁང་ཤུལ་ནི་ད་ལྟའི་ཀ་བཞི་དགོན་པའི་རྒྱབ་ཕྱོགས་ཀྱི་ལུང་པ་ཡུལ་སྐད་དུ་རི་ཙོ་ཁོག་ཟེར་བའི་ས་དེར་ཡོད། རི་རྫོང་དཔོན་ཟེར་དོན་ནི་ཁང་པའི་མདུན་ངོས་ན་རི་ཏིལ་འབུར་དབྱིབས་མཛེས་པ་ཞིག་གི་མགོར་སོ་པ་སྡོད་སའི་རྫོང་མཁར་ཞིག་རོ་ཞིག་ཡོད་པར་ཐོགས་པར་རྒན་པོ་དག་གི་ངག་རྒྱུན་ལས་ཐོས།

རིགས་དབྱེ།  

ལང་ཇུའི་རྒྱ་ཡག་དགོན་གསར་དུ་བཅོས་པའི་རྡོ་རིང་།

རྡོ་རིང་དེ་སྤྱི་ལོ1448ལོར་བཞེངས་པ་ཞིག་ཡིན། རྡོ་རིང་དེ་ནི་ཀན་སུའུ་ལང་ཇུ་གྲོང་ཁྱེར་གྱི་རྒྱ་ཡག་དགོན་དུ་ཡོད།

རིགས་དབྱེ།  

ཆོས་རྒྱལ་གོང་མ་ཆེན་པོ་བཀའི་ལུང་ཞེས་པའི་རྡོ་རིང་།

རྡོ་རིང་དེ་སྤྱི་ལོ1461ལོར་བཞེངས་པ་ཞིག་ཡིན། རྡོ་རིང་དེ་ནི་བདེ་ཆེན་རྫོང་ཁ་བ་དཀར་པོའི་ཤར་འགྲམ་དུ་ཡོད།

རིགས་དབྱེ།