ཡོངས་འཛིན་རིག་མཛོད། >རིག་གནས། >ཚད་མ་རིག་པ།

ཧྥ་རན་ཁེ་རིང་ལུགས།

ཧྥ་རན་ཁེ་རིང་ལུགས་ཀྱི་གྲུབ་མཐའ་ནི་དེང་རབས་ཤེར་རྟོགས་རིག་པ་དང་སྤྱི་ཚོགས་རིག་པའི་གྲུབ་མཐའི་རྣམ་གྲངས་ཤིག་སྟེ། དེ་ནི་ཤི་ཐེ་ལི་ཧྥ་ཤི་སི་རིང་ལུགས་དང་མ་རྩ་རིང་ལུགས་ལ་དགག་པ་གཏིང་ཟབ་བརྒྱབ་ཡོད་པའི་ཤེར་རྟོགས་རིག་པའི་གྲས་ཤིག་ཡིན། རྒྱ་ཡིག་གི་མིང་། 法兰克主义 བྱུང་འཕེལ་བསྡུས་པ། ལུགས་དེའི་འཐུས་ཚབ་ཀྱི་མི་སྣ་གཙོ་བོ་ནི་ཧོར་ཁེ་ཧ་མུ་དང་རྡོར་ནོ། མཱ་ཁ་ས། ཧྥུ་རུམ་སོགས་ཡོད་པ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་བའི་ནང་ཨ་མེ་རི་ཁར་དར་བ་དང་། འཐུས་མི་སྔ་མ་ཚོས་འཇར་མན་གྱི་ཧྥ་རན་ཁེ་སློབ་གླིང་དུ་སྤྱི་ཚོགས་རིག་པར་ཞིབ་འཇུག་བྱས་པའི་ཆ་ནས་མིང་ཡང་དེ་ལྟར་བཏགས་པ་ཞིག་རེད་ལ། ཁོང་ཚོས་ཤི་ཐེ་ལི་ཧྥ་ཤི་སི་རིང་ལུགས་དང་མ་རྩ་རིང་ལུགས་ལ་དགག་པ་གཏིང་ཟབ་བརྒྱབ་ཡོད་པ་དང་།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

སྤྲོ་སྣང་རིང་ལུགས།

སྤྲོ་སྣང་རིང་ལུགས་ནི་སྤྱིར་བཏང་ལས་དོན་དང་མདུན་ལམ་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་རྣམ་པ་ཞིག་ལ་ཟེར་བ་ཡིན་ཞིང་། བསམ་བློའི་ལོ་རྒྱུས་ཁྲོད་དུ་འཇིག་རྟེན་དང་མི་ཚེའི་གནད་དོན་སྐོར་ལ་དཔྱད་པའི་རིག་གཞུང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 乐观主义 ཕྱི་ཡིག་གི་མིང་། optimism བསྡུས་དོན། སྤྲོ་སྣང་རིང་ལུགས་ནི་སྤྱིར་བཏང་ལས་དོན་དང་མདུན་ལམ་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་རྣམ་པ་ཞིག་ལ་ཟེར་བ་ཡིན་ཞིང་། བསམ་བློའི་ལོ་རྒྱུས་ཁྲོད་དུ་འཇིག་རྟེན་དང་མི་ཚེའི་གནད་དོན་སྐོར་ལ་དཔྱད་པའི་རིག་གཞུང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རྡུལ་ཕྲན་ཆ་མེད་སྨྲ་བ།

རྡུལ་ཕྲན་སྨྲ་བ་ནི་འཇར་མན་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་ལད་བུ་ནུ་ཚེའི་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་པ་དང་། གཞི་གྲུབ་ཐམས་ཅད་འགྲུབ་བྱེད་ཀྱི་རྨང་གཞི་ནི་རྡུལ་ཕྲན་ཆ་མེད་ཡིན་པར་འདོད། རྒྱ་ཡིག་གི་མིང་། 单子论 ནང་དོན་བསྡུས་པ། རྡུལ་ཕྲན་སྨྲ་བ་ནི་འཇར་མན་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་ལད་བུ་ནུ་ཚེའི་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་པ་དང་། གཞི་གྲུབ་ཐམས་ཅད་འགྲུབ་བྱེད་ཀྱི་རྨང་གཞི་ནི་རྡུལ་ཕྲན་ཆ་མེད་ཡིན་པ་དང་།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

སྤྱི་མཚན་སྨྲ་བ།

སྤྱི་མཚན་སྨྲ་བ་ནི་ཡོ་རོབ་ནུབ་མའི་དུས་དཀྱིལ་གྱི་ཤེར་རྟོགས་རིག་པ་བས་སྤྱི་མཚན་སྐོར་ལ་དཔྱད་པའི་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན། རྒྱ་ཡིག་གི་མིང་། 概念论 བསྡུས་དོན། སྤྱི་མཚན་སྨྲ་བ་ནི་ཡོ་རོབ་ནུབ་མའི་དུས་དཀྱིལ་གྱི་ཤེར་རྟོགས་རིག་པ་བས་སྤྱི་མཚན་སྐོར་ལ་དཔྱད་པའི་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་པ་དང་། སྤྱི་མཚན་ནི་རེ་འགའ་བའི་དངོས་པོའི་ཁྲོད་དུ་བྱུང་བའི་སྤྱིར་བཏང་གི་དངོས་པོ་ཞིག་སྟེ། དངོས་པོ་འདི་འདྲ་བ་ནི་མིའི་ཤེས་རིག་གི་ཁྲོད་དུ་གནས་པའི་སྤྱི་མཚན་ཞིག་ཏུ་བཞེད་པ་དང་། གྲུབ་མཐའ་དེའི་འཐུས་ཚབ་མི་སྣ་གཙོ་བོ་ནི་ཨ་པེ་ལ་རྡོ་སོགས་ཡོད་པ་ཡིན་ནོ། ། ལྟ་ཚུལ་གཙོ་བོ། (1) བྱ་དངོས་ཡན་གར་བ་རེ་རེ་ནི་ཁེར་ཚུགས་ཀྱིས་གནས་པའི་དངོས་གཟུགས་དེ་ཡིན་པ་ལས། སྤྱི་མཚན་གྱི་བྱ་དངོས་ནི་དངོས་གཟུགས་མིན་ལ། བྱ་དངོས་ཡན་གར་བ་རེ་རེའི་དངོས་གཟུགས་ཀྱི་ཕན་ན་དངོས་གཟུགས་ཞེས་པ་ཞིག་ཡོད་པར་མི་བཞེད་དོ།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

ཧེ་ཀེར་རིང་ལུགས་གསར་མ།

ཧེ་ཀེར་རིང་ལུགས་གསར་མ་ནི་ཕྱི་དོན་བྱ་དངོས་ཀྱི་འཇིག་རྟེན་ཉིད་མི་སྲིད་པ་འུད་སྒྲོག་དང་གཞི་གྲུབ་ཁོ་ན་ནི་སྒུལ་ཤུགས་ཀྱི་ནུས་པ་ལྡན་པའི་མངོན་སུམ་གྱི་ཤེས་པ་ཡིན་པར་བཤད་པའི་ནུབ་ཕྱོགས་ཀྱི་ཤེར་རྟོགས་རིག་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 新黑格尔主义 ཕྱི་ཡིག་གི་མིང་། neo-Hegelianism བྱུང་བ་མདོར་བསྡུས། ཧེ་ཀེར་རིང་ལུགས་གསར་མ་ནི་དུས་རབས19བའི་དུས་མཇུག་དང་དུས་རབས20བའི་ལོ་རབས་སུམ་ཅུ་བའི་དབྱིན་ཇི་དང་ཨ་མེ་རི་ཁ། འཇར་མན། ཨེ་ཊ་ལི་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ་བའི་ཤེར་རྟོགས་རིག་པའི་ལྟ་ཚུལ་ཞིག་རེད་ལ། ཁོ་ཚོས་གཟུགས་འདས་རིག་པའི་ལྟ་ཚུལ་སྤྱད་དེ་ཧེ་ཀེར་གྱི་རྩོད་སྒྲུབ་རིག་པར་བཟོ་བཅོས་དང་རང་རིག་སེམས་གཙོ་སྨྲ་བས་ཧེ་ཀེར་ཕྱི་དོན་

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

གཞོན་ནུ་ཧེ་ཀེར་གྲུབ་མཐའ།

གཞོན་ནུ་ཧེ་ཀེར་གྲུབ་མཐའི་མིང་གཞན་ལ་ཧེ་ཀེར་གཡོན་ཕྱོགས་སྨྲ་བའི་གྲུབ་མཐའ་ཡང་ཟེར་ཞིང་། དེ་ནི་དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་བའི་ནང་དར་བའི་གཡོན་ཕྱོགས་པའི་བསམ་བློའི་ཚོགས་པ་ཞིག་སྟེ་འཇར་མན་མ་རྩ་རིང་ལུགས་ཀྱི་དྲག་བསྐྱོད་ཕྱོགས་ཁག་གི་བསམ་བློའི་འཐུས་ཚབ་ཀྱང་རེད་འདུག རྒྱ་ཡིག་གི་མིང་། 青年黑格尔派 བྱེད་ལས། སྤྱི་ལོ1835ལོར་བརྩམས་པའི་ཧྲི་ཐུ་ལའོ་སིའི«ཡེ་སུའུ་ཡི་མཛས་རྣམ» གྱིས་གཞོན་ནུ་ཧེ་ཀེར་གྱི་བྱ་འགུལ་བྱུང་བར་སྐུལ་མ་ཐེབས་ཤིང་། དེས་རྩོད་སྒྲུབ་ཀྱི་ཐབས་ལམ་སྤྱད་ནས་གསར་བརྗེ་དང་ལྷ་མེད་སྨྲ་བའི་ལྷ་ཚུལ་འདོན་ཅི་ཐུབ་བྱས་པ་དང་།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རྣམ་བདེན་སྨྲ་བ་གསར་མ།

རྣམ་བདེན་སྨྲ་བ་གསར་མ་ནི་ཁོམ་ཐ་དང་མ་ཁེ་གཉིས་ཀྱི་རྣམ་བདེན་སྨྲ་བར་བལྟས་ཏེ་དར་བ་དང་། དེའི་ཐོག་མའི་ཁྱད་ཆོས་དང་རྩ་བའི་རྣམ་པ་ནི་གཏན་ཚིགས་རྣམ་བདེན་སྨྲ་བ་ཡིན་ཞིང་། ཚན་རིག་ཉམས་མྱོང་སྨྲ་བ་དང་། བརྡ་བྱེད་ཤེར་རྟོགས་རིག་པ་སོགས་བྱེད་ཐབས་སྨྲ་བའི་ཤེར་རྟོགས་རིག་པའི་གྲུབ་མཐའ་མང་པོ་ཞིག་ཐ་སྙད་འདིའི་ནང་དུ་བསྡུས་ཡོད། རྒྱ་ཡིག་གི་མིང་། 新实证主义 གོ་དོན། རྣམ་བདེན་སྨྲ་བ་གསར་མ་ནི་ཁོམ་ཐ་དང་མ་ཁེ་གཉིས་ཀྱི་རྣམ་བདེན་སྨྲ་བར་བལྟས་ཏེ་དར་བ་དང་། དེའི་ཐོག་མའི་ཁྱད་ཆོས་དང་རྩ་བའི་རྣམ་པ་ནི་གཏན་ཚིགས་རྣམ་བདེན་སྨྲ་བ་ཡིན་ཞིང་། ཚན་རིག་ཉམས་མྱོང་སྨྲ་བ་དང་། བརྡ་བྱེད་ཤེར་རྟོགས་རིག་པ་སོགས་བྱེད་ཐབས་སྨྲ་བའི་ཤེར་རྟོགས་རིག་པའི་གྲུབ་མཐའ་མང་པོ་ཞིག་ཐ་སྙད་འདིའི་ནང་དུ་བསྡུས་འདུག 

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

འཇར་མན་གྱི་གནའ་གཞུང་ཤེར་རྟོགས་རིག་པ།

འཇར་མན་གྱི་གནའ་གཞུང་ཤེར་རྟོགས་རིག་པ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་བའི་སྟོད་ལ་འཇར་མན་མ་རྩ་རིང་ལུགས་གསར་བརྗེར་སྟ་གོན་བྱེད་པའི་དུས་རབས་ཀྱི་ཤེར་རྟོགས་རིག་པའི་ལྟ་ཚུལ་ཞིག་ཡིན། རྒྱ་ཡིག་གི་མིང་། 德国古典哲学 བསྡུས་དོན། ཁང་ཐ་ནས་མགོ་བརྩམས་ཏེ་ཧྥེ་ཆི་ཐ་དང་ཞེ་ལེན། ཧེ་ཀེར་དང་ཧྥེར་པ་ཁེ་སོགས་ཀྱི་དུས་སུ་འཇར་མན་གྱི་གནའ་གཞུང་ཤེར་རྟོགས་རིག་པ་འཕེལ་རྒྱས་ཀྱི་ཡང་རྩེ་ཡིན་ལ་མ་རྩ་རིང་ལུགས་ཀྱི་དྲག་བསྐྱོད་ཕྱོགས་ཁག་པའི་འཐུས་ཚབ་མི་སྣ་ཧྥེར་པ་ཁེ་ནས་ཧེ་ཀེར་ལ་རྩོད་སྤོངས་བྱས་ཏེ་རང་གི་དངོས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བརྩམས་པ་དེས་གྲུབ་མཐའ་དེ་ཉིད་ཀྱི་མཐའ་མཇུག་གི་འཐུས་ཚབ་མི་སྣར་གངོས་འཛིན་བྱེད་

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རྒན་པ་ཧེ་ཀེར་གྲུབ་མཐའ།

རྒན་པ་ཧེ་ཀེར་གྲུབ་མཐའི་མིང་གཞན་ལ་ཧེ་ཀེར་གཡས་ཕྱོགས་སྨྲ་བའི་གྲུབ་མཐའ་ཡང་ཟེར་བ་ཡིན། ཧེ་ཀེར་སྐུ་གཤེགས་རྗེས་ཧེ་ཀེར་གྱི་གྲུབ་མཐའ་ནི་རྒན་པ་ཧེ་ཀེར་གྲུབ་མཐའ་དང་གཞོན་པའི་ཧེ་ཀེར་གྲུབ་མཐའ་སྟེ། ཕྱོགས་གཉིས་སུ་མཆེད་པ་དང་རྒན་པོ་ཧེ་ཀེར་གྲུབ་མཐའ་ནི་དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་བའི་ནང་དར་བའི་འཇར་མན་བཀས་བཀོད་རྒྱུད་འཛིན་པ་དང་མ་རྩ་རིང་ལུགས་བག་འཁུམ་པའི་བསམ་བློའི་འཐུས་ཚབ་རེད་འདུག རྒྱ་ཡིག་གི་མིང་། 老年黑格尔派 བསྡུས་དོན། ལུགས་དེའི་འཐུས་ཚབ་མི་སྣ་གཙོ་བོ་ནི་རྫ་པུ་ལི་དང་ཧེན་རུ་ཁེ་སོགས་ཡོད་པ་དང་། ཁོ་ཚོས་ཧེ་ཀེར་སེམས་གཙོ་རིང་ལུགས་ཀྱི་ལྟ་བ་དང་ལེན་བྱས་ཏེ་ལྟོས་མེད་ཤེས་པས་ཡོད་ཚད་ལ་འབྲེལ་བཤད་བྱས་པ་དང་།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

དབུ་མ་རྒྱུ་གཅིག་སྨྲ་བ།

དབུ་མ་རྒྱུ་གཅིག་སྨྲ་བས་འཇིག་རྟེན་འབྱུང་ཁུངས་ཐད་ཀྱི་སེམས་གཙོ་རིང་ལུགས་ནི་ཤེར་རྟོགས་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན། དབུ་མ་རྒྱུ་གཅིག་སྨྲ་བས་འཇིག་རྟེན་འབྱུང་ཁུངས་ཐད་ཀྱི་སེམས་གཙོ་རིང་ལུགས་ནི་ཤེར་རྟོགས་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན། རྒྱ་ཡིག་གི་མིང་། 中立一元论 འཐུས་ཚབ་མི་སྣ། ཨ་རིའི་ཇན་མུ་སི་དང་དབྱིན་ཇིའི་ལོ་སུའུ་གཉིས་ཀྱིས་ཐོག་མར་གླེང་སློང་བྱས་པ་དང་། ཨ་རིའི་ཧོར་ཐ་དང་ཕེ་རི་གཉིས་ནས་ཀྱང་ལྟ་ཚུལ་དེ་དང་ལེན་བྱས་ཡོད་པ་རེད་འདུག ནང་དོན་གཙོ་བོ།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

ཆབ་སྲིད་ཤེར་རྟོགས་རིག་པ།

ཆབ་སྲིད་ཤེར་རྟོགས་རིག་པ་ནི་གྲལ་རིམ་ཞིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་ཚུལ་གཅིག་སྡུད་ཀྱིས་མཚོན་པའི་ཤེར་རྟོགས་རིག་པའི་རྒྱུན་ཤེས་ཅན་གྱི་རིག་པའི་གཞུང་ལུགས་ཤིག་ཡིན། རྒྱ་ཡིག་གི་མིང་། 政治哲学 བསྡུས་དོན། ཆབ་སྲིད་ཤེར་རྟོགས་རིག་པའི་ཞིབ་འཇུག་གི་མགོ་ནི་གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པ་བ་པོ་ལ་ཐུ་ནས་བཏོད་པ་དང་། དང་པོར་ཆབ་སྲིད་དང་ཤེར་རྟོགས་རིག་པ་གཉིས་ཕྱོགས་བསྡོམས་བྱས་ཏེ་རྟོགས་དཔྱོད་བྱས་པ་མ་ཟད་ཤེར་རྟོགས་རིག་པའི་གཞུང་ལུགས་ལ་བྱང་ཆ་ཡོད་པའི་ཤེར་རྟོགས་རིག་པ་སྨྲ་བའི་རྒྱལ་པོས་རྒྱལ་ཁབ་སྐྱོང་པའི་བཟོ་ལྟ་ལ་དམིགས་བསལ་གྱི་སྒོ་ནས་གོང་བཀུར་ཞུ་མྱོང་བས།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

གནམ་འབྱེད་ཤེར་རྟོགས་རིག་པ།

གནམ་འབྱེད་ཤེར་རྟོགས་རིག་པ་ནི་འཇར་མན་གྱི་སེམས་གཙོ་སྨྲ་བའི་ཤེར་རྟོགས་རིག་པ་བ་ཞེ་ལེན་གྱི་ཚེ་སྨད་ཀྱི་ལྐོག་གྱུར་སྨྲ་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་རེད། རྒྱ་ཡིག་གི་མིང་། 天启哲学 བསྡུས་དོན། ཁོས་དད་མོས་ནི་རྗེས་དཔག་ལས་མཐོ་བར་སྒྲོག་ལ། ཆོས་ལུགས་ཀྱང་ཚན་རིགས་ལས་མཐོ་བར་སེམས། དུས་རབས་དཀྱིལ་མའི་དགོན་སྡེའི་ཤེར་རྟོགས་རིག་པའི་རྗེས་འབྲངས་ཏེ་ཤེར་རྟོགས་རིག་པ་ནི་ཆོས་ལུགས་ཀྱི་བྲན་གཡོག་ཡིན་པར་འདོད་ལ། སྒྲུབ་བྱེད་ནི་ཅི་ཏའོ་ཆོས་ལུགས་དང་དཀོན་མཆོག་གིས་བློ་སྒོ་ཕྱེ་བ་ཉིད་གནམ་འབྱེད་ཡིན་པར་བཤད།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

སེམས་ཅན་ཤེར་རྟོགས་རིག་པ།

སེམས་ཅན་ཤེར་རྟོགས་རིག་པ་ནི་སྐྱེ་དངོས་རིག་པའི་དོན་སྙིང་སྟེང་ནས་ཚེ་སྲོག་ལ་ཤེས་རྟོགས་བྱེད་པ་མ་ཟད་སྐྱེ་དངོས་ཀྱི་ཁྱད་ཆོས་ཡོད་ཚད་དངོས་ཡོད་ཀྱི་སྟེང་སྦྱོར་གྱི་ཡོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 生命哲学 ཕྱི་ཡིག་གི་མིང་། Philosophy of life དར་ཚུལ། སེམས་ཅན་ཤེར་རྟོགས་རིག་པ་ནི་དུས་རབས་བཅུ་དགུ་བའི་དུས་མཇུག་དང་དུས་རབས་ཉི་ཤུ་བའི་དུས་མགོར་འཇར་མན་དང་ཧྥ་རན་སིར་དར་བ་དང་སེམས་ཅན་གྱི་བྱུང་འཕེལ་ལས་འཇིག་རྟེན་ལ་འགྲེལ་བཤད་བྱེད་པར་སེམས་པའི་རིག་པའི་རྣམ་གྲངས་ཤིག་རེད། ཞོལ་པེན་ཧོར་གྱི«འཚོ་གནས་ཀུན་གཞིའི་རྣམ་བཤད»

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

ཤེས་པའི་ཤེར་རྟོགས་རིག་པ།

ཤེས་པའི་ཤེར་རྟོགས་རིག་པ་ནི་རྟོག་བཅས་ཀྱི་འདུ་ཤེས་ལ་བརྟེན་ཏེ་གཞི་གྲུབ་པ་ཞིག་ཡིན་པ་སྟེ་རང་བྱུང་ཁམས་ཀྱི་སྔར་ཡོད་རང་བཞིན་སླར་གསོ་བྱེད་པའི་སྐོར་གྱི་ཚན་རིག་ཅིག་རེད། རྒྱ་ཡིག་གི་མིང་། 精神哲学 ཕྱི་ཡིག་གི་མིང་། philosophy of mind བྱུང་བ། ཤེས་པའི་ཤེར་རྟོགས་རིག་པ་ནི་དུས་རབས་བཅུ་དགུ་བའི་ནང་འཇར་མན་གྱི་ཤེར་རྟོགས་རིག་པ་བG.W.Fཧེ་ཀེར་གྱི་མིའི་རིགས་འགུལ་བསྐྱོད་ཀྱི་ཁྱབ་ཁོངས་སོ་སོ་དང་། དེ་དག་གི་ནང་གྲུབ་འབྲེལ་བ་དང་དེ་རྣམས་བརྒྱུད་རིམ་ལྡན་པའི་སྒོས་འཕེལ་རྒྱས་སུ་འགྲོ་བའི་སྐོར་ལ་ཞིབ་འཇུག་དང་གསེལ་འགྲོལ་བྱས་པའི་ཤེར་རྟོགས་རིག་པའི་གསུང་རྩོམ་ཞིག་ཡིན།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རྩིས་རིག་ཤེར་རྟོགས་རིག་པ།

རྩིས་རིག་ཤེར་རྟོགས་རིག་པ་ནི་རྩིས་རིག་ཁྱབ་ཁོངས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་དང་། ཡང་ན་རྩིས་ཀྱི་རིག་པས་གནད་དོན་གང་ལ་དབྱེ་ཞིབ་བྱེད་པའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཀྱི་རྣམ་པ་དེ་ལ་ཟེར་བ་ཡིན། རྒྱ་ཡིག་གི་མིང་། 数学哲学 ཕྱི་ཡིག་གི་མིང་། philosophy of mathematics བསྡུས་དོན། དུས་རབས་བཅུ་དགུ་བའི་དུས་དཀྱིལ་གྱི་སྔ་གཞུག་ཏུ་མི་ཚང་མའི་སེམས་སུ་རྩིས་ཀྱི་རིག་པ་ནི་སོམ་ཉིའི་དྲ་བ་གཅོད་པའི་བདེན་དོན་གྱི་རང་བཞིན་ཅན་ཞིག་ཡིན་པར་སེམས་ཀྱི་ཡོད།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རྣམ་བདེན་ཤེར་རྟོགས་རིག་པ།

རྣམ་བདེན་ཤེར་རྟོགས་རིག་པའི་མིང་གཞན་ལ་རྣམ་བདེན་སྨྲ་བ་ཡང་ཟེར། དེ་ནི་དེང་རབས་ཀྱི་ནུབ་ཕྱོགས་སུ་དར་བའི་ཤེར་རྟོགས་རིག་པའི་གྲུབ་མཐའ་ཁྱབ་ཆེ་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 实证哲学 ཕྱི་ཡིག་གི་མིང་། positivism བྱུང་བ་མདོར་བསྡུས། དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུ་བའི་ནང་ཧྥ་རན་སི་ནས་རིམ་བཞིན་དབྱིན་ཇི་རུ་དར་བ་དང་། དེའི་གསར་གཏོད་པ་ནི་ཧྥ་རན་སིའི་ཁོམ་ཐ་རེད་འདུག་ཅིང་། འཐུས་ཚབ་མི་སྣ་གཙོ་བོ་ནི་དབྱིན་ཇིའི་སི་པན་སཱ་དང་། མོར་ལ་སོགས་ཡོད།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རིག་གནས་ཤེར་རྟོགས་རིག་པ།

རིག་གནས་ཤེར་རྟོགས་རིག་པ་ནི་མིའི་རིགས་ཧྲིལ་བོའི་རིག་གནས་ཀྱི་བྱུང་བ་དང་འཕེལ་རྒྱས་ཆོས་ཉིད་སྐོར་གྱི་གཞུང་ལུགས་ཀྱི་མ་ལག་སྐོར་ལ་ཞིབ་འཇུག་བྱེད་པའི་རིག་སྒོ་ཞིག་རེད། རྒྱ་ཡིག་གི་མིང་། 文化哲学 ཞིབ་འཇུག་བྱ་ཡུལ། ཞིབ་འཇུག་གི་ཁ་གཏད་ས་ནི་མིའི་རིགས་རིག་གནས་ཀྱི་ཕྱོགས་ཡོངས་ཏེ་རིག་གནས་ཀྱི་ངོ་བོ་དང་། རིག་གནས་ཀྱི་བྱུང་བ་དང་། རིག་གནས་ཀྱི་རིམ་བསགས། རིག་གནས་ཕན་ཚུན་དབར་གྱི་འགལ་བ། རིག་གནས་ཀྱི་དཔྱོད་གླེང་། རིག་གནས་དང་སྤྱི་ཚོགས་བར་གྱི་འབྲེལ་བ།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རང་བྱུང་ཤེར་རྟོགས་རིག་པ།

རང་བྱུང་ཤེར་རྟོགས་རིག་པ་ནི་རང་བྱུང་ཁམས་ཀྱི་གནས་ཚུལ་གླེང་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་ཡིན། རྒྱ་ཡིག་གི་མིང་། 自然哲学 ཕྱི་ཡིག་གི་མིང་། philosophy of nature བྱུང་ཚུལ། དུས་རབས་བཅུ་བདུན་པའི་ནང་དར་མགོ་ཚུགས་ཤིང་། དུས་རབས་བཅུ་དགུ་བའི་མགོར་དར་ཁྱབ་ཆེ་བའི་རིག་སྒོ་གསར་བ་ཞིག་རེད། དང་ཐོག་རང་བྱུང་ཚན་རིག་དར་ཁྱབ་བྱུང་བས་ཚན་རིག་གི་སྒོ་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་མང་པོ་དང་རྟེན་འབྲེལ་གྱི་འབྲེལ་བར་འགྲེལ་བཤད་བྱེད་ཐུབ་ཀྱི་མེད། དེ་བས་ཤེར་རྟོགས་པ་བ་འགའ་རེས་ཚན་རིག་ཚོད་ལྟ་ཡི་རྒྱུ་ཆ་ལ་ཁས་མི་ལེན་པར་རྟོགས་དཀའ་བའི་བསམ་གཞིགས་ཀྱི་གཏན་ཚིགས་ལ་བརྟེན་ནས་རང་བྱུང་ཚན་རིག་ལས་མཐོ་བའི་མ་ལག་ཅིག་བཙུགས་པ་དེ་ནི་རང་བྱུང་ཚན་རིག་གི་ཚབ་བྱེད་ཐུབ་པའི་རང་བྱུང་

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

ཚིག་དོན་ཤེར་རྟོགས་རིག་པ།

ཚིག་དོན་ཤེར་རྟོགས་རིག་པ་ནི་རྣམ་བདེན་སྨྲ་བ་དང་གཏན་ཚིགས་རྣམ་བདེན་སྨྲ་བས་ཚིག་དོན་རིག་པའི་སྟེང་ནས་མཚོན་པར་བྱེད་པའི་སེམས་གཙོ་སྨྲ་བའི་ཤེར་རྟོགས་རིག་པའི་ལྟ་ཚུལ་ཞིག་རེད།​ རྒྱ་ཡིག་གི་མིང་། 语义哲学 དར་འཕེལ་བསྡུས་པ། དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བའི་ནང་ཨ་མེ་རི་ཁར་དར་རྒྱས་བྱུང་པ་དང་། སྤྱིར་བཏང་ཚིག་དོན་ཤེར་རྟོགས་རིག་པའི་ནང་ཁུལ་དུ་ཁོར་ཚེ་འབུ་སེ་ཁད(སྤྱི་ལོ1879—1950)དང་ཆད་སེས(སྤྱི་ལོ 1888 — ﹖)ཚིག་དོན་སྐོར་ལ་ཞིབ་འཇུག་བྱས་པས་མཚོན་པའི་དཀྱུས་མའི་ཚིག་དོན་རིག་པ་དང་།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

མི་ཚེའི་ཤེར་རྟོགས་རིག་པ།

མི་ཚེའི་ཤེར་རྟོགས་རིག་པ་ནི་མི་ཚེའི་ལྟ་ཚུལ་གྱི་གནད་དོན་སྐོར་ལ་ཞིབ་འཇུག་བྱེད་པའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་རེད། རྒྱ་ཡིག་གི་མིང་། 人生哲学 བསྡུས་དོན། མི་ཚེའི་ལྟ་ཚུལ་ནི་འཇིག་རྟེན་ལྟ་ཚུལ་གྱི་གྲུབ་ཆ་ཞིག་དང་མི་ཚེའི་ཤེར་རྟོགས་རིག་པའང་རྣམ་རྒྱུན་ཤེར་རྟོགས་རིག་པའི་ཆ་ཤས་ཤིག་ཏུ་ངོས་འཛིན་པ་དང་། ཤེར་རྟོགས་རིག་པའི་མ་ལག་མང་པོ་ཞིག་གི་ནང་མི་ཚེའི་ཤེར་རྟོགས་རིག་པའི་ཆ་འདུས་ཡོད་ལ་དེང་རབས་ཤེར་རྟོགས་རིག་པའི་གྲུབ་མཐའི་ཁྲོད་དུ་རང་ཉིད་ཀྱི་ཤེར་རྟོགས་རིག་པའི་མ་ལག་ཡོད་ཚད་མི་ཚེའི་ཤེར་རྟོགས་རིག་པར་འདོད་པའང་ཡོད་དེ། དཔེར་ན་གཞི་གྲུབ་སྨྲ་བ་ལྟ་བུའོ།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

མ་ལག་ཤེར་རྟོགས་རིག་པ།

མ་ལག་ཤེར་རྟོགས་རིག་པ་ནི་མ་ལག་སྐོར་གྱི་བྱེད་པའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་ཡིན། རྒྱ་ཡིག་གི་མིང་། 系统哲学 ཕྱི་ཡིག་གི་མིང་། systems philosophy ཞིབ་འཇུག་བྱ་ཡུལ། མ་ལག་ཤེར་རྟོགས་རིག་པས་ནི་གཙོ་བོ་མ་ལག་གཟུགས་ཉིད་སྨྲ་བ་དང་མ་ལག་ངོས་འཛིན་སྨྲ་བ། རིན་ཐང་གི་ལྟ་ཚུལ་དང་མི་གཙོ་རིང་ལུགས་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་ཀྱི་ཡོད། འཐུས་ཚབ་མི་སྣ།  སྦ་ཐ་ལན་ཧྥི་ནི་མ་ལག་ཤེར་རྟོགས་རིག་པའི་རྨང་གཞི་བཏིང་མཁན་དང་ལ་ཚི་ལོས་ཐེངས་དང་པོར་སྦ་ཐ་ལན་ཧྥིའི་རྗེས་འབྲངས་ཏེ་མ་ལག་ཤེར་རྟོགས་རིག་པའི་གཞུང་ལུགས་བརྩམས་པ་རེད།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

བརྡ་བྱེད་ཤེར་རྟོགས་རིག་པ།

བརྡ་བྱེད་ཤེར་རྟོགས་རིག་པ་ནི་འདོད་བློའི་རང་བཞིན་སོགས་བརྡ་བྱེད་ཤེར་རྟོགས་རིག་པའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་ཞིབ་འཇུག་བྱེད་པ་ཞིག་དང་། ཚན་རིག་ཤེར་རྟོགས་རིག་པ་དང་། གཏན་ཚིགས་ཤེར་རྟོགས་རིག་པ། ཡིད་ཀྱི་ཤེར་རྟོགས་རིག་པ། རིན་ཐང་ཤེར་རྟོགས་རིག་པ་སོགས་དང་གོ་གནས་འདྲ་བོ་ཡོད། རྒྱ་ཡིག་གི་མིང་། 语言哲学 ཕྱི་ཡིག་གི་མིང་། linguistic philosophy དར་ཚུལ། བརྡ་བྱེད་ཤེར་རྟོགས་རིག་པ་ནི་གནའ་རབས་ཀེ་རི་སེ་རུ་ཐོག་མར་ཞིབ་འཇུག་བྱས་པ་བརྒྱུད། དུས་རབས19བའི་ནང་ཞིབ་འཇུག་གི་འབྲས་བུ་ཆེན་པོ་ཐོབ་པ་དང་དུས་རབས20བའི་ལོ་རབས20བའི་ནང་དར་ཁྱབ་ཧ་ཅང་ཆེ་བ་ཞིག་རེད། བརྡ་བྱེད་ཤེར་རྟོགས་རིག་པས་སྤྱིར་བཏང་གི་ངོ་བོ་དང་སྤྱིར་བཏང་གི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པ་

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

ནང་གྲུབ་ཤེར་རྟོགས་རིག་པ།

ནང་གྲུབ་ཤེར་རྟོགས་རིག་པའི་མིང་གཞན་ལ་ནང་གྲུབ་ཀྱི་རྣམ་བཤད་ཟེར་ཞིང་། རིག་པ་དེས་འཇིག་རྟེན་ཐོག་གི་བྱ་དངོས་ཡོད་ཚད་ནི་ནང་གྲུབ་ཏུ་སེམས་ཤིང་བྱ་དངོས་ཐམས་ཅད་ཀྱང་རང་རིག་གི་འདུ་ཤེས་ཀྱི་ནང་ལོགས་སུ་གནས་པ་དང་ཐམས་ཅད་མིའི་འདུ་ཤེས་ཀྱི་ཉམས་འགྱུར་ཡིན་པར་འདོད། རྒྱ་ཡིག་གི་མིང་། 内在哲学 ཕྱི་ཡིག་གི་མིང་། Inner Philosophy དར་ཚུལ། ནང་གྲུབ་ཤེར་རྟོགས་རིག་པ་ནི་དུས་རབས་བཅུ་དགུ་བའི་ལོ་རབས་ཉི་ཤུ་པའི་ནང་དར་བའི་རང་རིག་སེམས་གཙོ་སྨྲ་བའི་གཞུང་ལུགས་ཤིག་རེད། རིག་པ་དེའི་འཐུས་ཚབ་མི་སྣ་གཙོ་བོ་ནི་འཇར་མན་གྱི་ཤུ་ཕེ་དང་རུ་མུ་ཁེ།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

སྐྱེ་ཁམས་ཤེར་རྟོགས་རིག་པ།

སྐྱེ་ཁམས་ཤེར་རྟོགས་རིག་པ་ནི་མི་དང་རང་བྱུང་ཁོར་ཡུག་གི་འབྲེལ་བའི་ངོས་འཛིན་སྟེང་གི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག བསམ་གཞིགས་ཚན་རིག་གི་སྡོམ་ཚིག་ཅིག་ཡིན། རྒྱ་ཡིག་གི་མིང་། 生态哲学 ཕྱི་ཡིག་གི་མིང་། Ecological philosophy གོ་དོན། སྐྱེ་ཁམས་ཤེར་རྟོགས་རིག་པ་ནི་སྐྱེ་ཁམས་མ་ལག་གི་ལྟ་བ་དང་བྱ་ཐབས་སྤྱད་དེ་མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁོར་ཡུག་བར་གྱི་ཕན་ཚུན་འབྲེལ་བ་དང་སྤྱི་ཁྱབ་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། བརྗོད་བྱ།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

ཕྱོགས་བསྡུས་ཤེར་རྟོགས་རིག་པ།

ཕྱོགས་བསྡུས་ཤེར་རྟོགས་རིག་པ་ནི་དབྱིན་ཇིའི་རྣམ་བདེན་སྨྲ་བ་པ་སི་པེན་སྭ་ཡི་སོར་སྐྱེ་འཕེལ་འགྱུར་སྨྲ་བའི་ཤེར་རྟོགས་རིག་པའི་འཕེལ་འགྱུར་ཁྲོད་ཀྱི་སྡོམ་ཚིག་ཅིག་རེད། རྒྱ་ཡིག་གི་མིང་། 综合哲学 ཕྱི་ཡིག་གི་མིང་། synthetic philosophy བསྡུས་དོན། སི་པེན་སྭ་ཡི «ཕྱོགས་བསྡུས་ཤེར་རྟོགས་རིགས་པའི་བརྒྱུད་རིམ»ཅེས་པའི་ནང་དུ་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཧྲིལ་བོར་འགྲེལ་བཤད་བྱས་ཆོག་པའི་སྤྱི་འགྲོས་ཤིག་བཏོན་ཡོད་པ་ནི། བྱ་དངོས་ཡོད་ཚད་ཀུན་ནས་རྫོབ་པའི་སྣང་བ་དང་ཉག་ཉོག་ཏུ་གྱུར་བའི་རྒྱུ་མཚན་ནི་ཡང་དག་དང་འདུམ་འགྲིག་དབྱེ་འབྱེད་ཀྱི་རྣམ་པ་ཞིག་ལ་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཡིན་ལ།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

སེམས་པའི་ཤེར་རྟོགས་རིག་པ།

སེམས་པའི་ཤེར་རྟོགས་རིག་པ་ནི་སེམས་པའི་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའི་སྤྱིར་བཏང་གི་རིག་སྒོ་ཞིག་རེད། རྒྱ་ཡིག་གི་མིང་། 心的哲学 བྱུང་བ་མདོར་བསྟན། ནུབ་ཕྱོགས་ཤེར་རྟོགས་རིག་པའི་ལོ་རྒྱུས་ཁྲོད་དུ་སེམས་པ་ཞེས་པའི་ཐ་སྙད་དེ་དང་ཐོག་ཀེ་རེ་སིའི་ཤེར་རྟོགས་རིག་པ་བ་ཨན་ཁེ་སེ་ཀེ་ལའི་རིག་གཞུང་ནང་བཀོད་ཡོད་མོད། གཞུང་ལུགས་སུ་དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུ་དང་ལྔ་བཅུའི་ནང་དར་ཁྱབ་བྱུང་བ་ཞིག་རེད། དེ་ནི་རླར་གྱི«སེམས་པའི་གོ་དོན»དང་ཝེ་ཐི་ཀིན་སི་ཐེན་གྱི«ཤེར་རྟོགས་རིག་པའི་ཞིབ་འཇུག»སྟེ། དཔེ་དེབ་དེ་གཉིས་ཀྱི་ཁྲོད་དུ་དེའི་བརྗོད་བྱ་དང་བསྒྲུབ་བྱའི་སྐོར་གསུངས་ཡོད་པ་རེད།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རིན་ཐང་ཤེར་རྟོགས་རིག་པ།

རིན་ཐང་ཤེར་རྟོགས་རིག་པ་ནི་རིན་ཐང་གི་གནད་དོན་སྐོར་གླེང་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་རེད་ལ། དེང་རབས་སེམས་གཙོ་སྨྲ་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་གཙོ་བོ་ཞིག་ཀྱང་རེད། རྒྱ་ཡིག་གི་མིང་། 价值哲学 བྱུང་བ། རིན་ཐང་ཤེར་རྟོགས་རིག་པ་ནི་དུས་རབས་ཉི་ཤུ་བར་ནུབ་ཕྱོགས་སུ་དར་མགོ་ཚུགས་ཤིང་། ཉེ་རབས་སུ་རྒྱ་ཆེར་དར་སྤེལ་བྱས་པ་ཞིག་རེད། ཐོག་མར་རིན་ཐང་ཤེར་རྟོགས་རིག་པ་ཞེས་པའི་ཐ་སྙད་སྤྱོད་མཁན་ནི་ཧྥ་རན་སིའི་ཤེར་རྟོགས་རིག་པ་བP.ལའ་པེ་དང་འཇར་མན་གྱི་ཤེར་རྟོགས་རིག་པ་བE.ཧ་ཐ་མན་རེད། ཁྱད་ཆོས། གཞུང་འདིའི་རྩ་བའི་ཁྱད་ཆོས་ནི་སེམས་གཙོ་སྨྲ་བའི་ལྟ་ཚུལ་གྱིས་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་ཤེས་རྟོགས་བྱེད་པ་དང་།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རིག་གནས་རིག་པ།

རིག་གནས་རིག་པ་ནི་རིག་གནས་ཀྱི་ཚན་རིག་རང་བཞིན་ལ་ཞིབ་འཇུག་བྱེད་པ་དང་ཡང་ན་རིག་གནས་མིའི་རིགས་རིག་པ་ལས་བྱུང་བའི་རང་རྐྱ་ཐུབ་པའི་རིགས་སྒོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ཡིག་གི་མིང་། 文化学 བསྡུས་དོན། གཞི་རྐང་ཐོག་རིག་གནས་རིག་པ་ནི་རིག་གནས་ཀྱི་སྣང་ཚུལ་དང་རིག་གནས་ཀྱི་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཏུ་གོ་བ་བླངས་ཆོག་ཅིང་། རིག་གནས་རིག་པ་ནི་རིག་གནས་ཀྱི་ཚན་རིག་རང་བཞིན་ལ་ཞིབ་འཇུག་བྱེད་པ་དང་ཡང་ན་རིག་གནས་མིའི་རིགས་རིག་པ་ལས་བྱུང་བའི་རང་རྐྱ་ཐུབ་པའི་རིགས་སྒོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

ལག་རྩལ་སྤྱི་ཚོགས་རིག་པ།

ལག་རྩལ་སྤྱི་ཚོགས་རིག་པ་ནི་ལག་རྩལ་དང་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི་རིགས་སྒོ་ཞིག་ཡིན། རྒྱ་ཡིག་གི་མིང་། 技术社会学 ཕྱི་ཡིག་གི་མིང་། Sociology of Technology གོ་དོན་བསྡུས་པ། ལག་རྩལ་སྤྱི་ཚོགས་རིག་པ་ནི་ལག་རྩལ་དང་སྤྱི་ཚོགས་ཀྱི་འབྲེལ་བ། ལག་རྩལ་བྱ་འགུལ་ནང་ཁུལ་གྱི་སྤྱི་ཚོགས་འགྲེལ་བ། མིའི་ལག་རྩལ་བྱ་འགུལ་ཁྲོད་ཀྱི་དགོས་པ་དང་ལག་རྩལ་འཕེལ་རྒྱས་ཀྱིས་ཁྱེར་ཡོང་བའི་སྤྱི་ཚོགས་གནད་དོན་དང་སྐྱེ་ཁམས་གནད་དོན་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་རིགས་སྒོ་ཞིག་རེད། ཞིབ་འཇུག་གི་ནང་དོན།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།

རྣམ་རིགས་རིག་པ།

རྣམ་རིགས་རིག་པ་ནི་ཕྱི་དོན་རྣམ་རིགས་སྐོར་གྱི་ཤེར་རྟོགས་རིག་པའི་བྱེད་ཐབས་སྨྲ་བའི་གཞུང་ལུགས་དང་དངོས་ཡོད་ཀྱི་རིགས་སྒོ་ཞིག་རེད། རྒྱ་ཡིག་གི་མིང་། 类型学 བསྡུས་འགྲེལ། ཕྱི་དོན་ནི་རང་ཉིད་ལ་གཏོགས་པའི་ཁྱད་ཆོས་གཙོ་བོ་ཞིག་རེད། འབྲེལ་བ་དང་ཟུང་དུ་འབྲེལ་བ་དང་། གྲུབ་ཆའི་ཁྱད་རྟགས་རྣམ་རིགས་ཀྱི་དབྱེ་བ་མང་པོར་དགར་ཆོག་པའི་ཤེར་རྟོགས་རིག་པའི་ཕྱོགས་ནས་རྣམ་རིགས་རིག་པའི་གཙོ་བོའི་ཞིབ་འཇུག་ནི་རྣམ་རིགས་ཐ་སྙད་ཀྱི་འགྲེལ་བ་ཡིན་པ་དང་། རྣམ་རིགས་ཀྱི་ལྟ་ཚུལ་ལ་ལོ་རྒྱུས་སྟེང་དུ་མི་མཐུན་པ་མང་པོ་བྱུང་ཡོད།

རིགས་དབྱེ།   རིག་གནས།ཚད་མ་རིག་པ།